ཀྲང་ཆིས་ཧྥིན་གྱིས་རུ་ཁག་སྣེ་ཁྲིད་དེ་རྐང་ཚ་རྫོང་ལས་གཏོད་གཉོར་སྐྱོང་རྟེན་གཞིའི་ཡུལ་དངོས་སུ་གཞུང་ལས་སྒྲུབ་པར་ཕེབས
རྩོམ་སྒྲིག ཚེ་གཟུངས་སྐྱིད།
ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། ཟླ4བའི་ཚེས2ཉིན།རྫོང་ཨུའི་ཧྲུའུ་ཅི་གཞོན་པ།རྫོང་དཔོན་ཀྲང་ཆིས་ཧྥིན་རྐང་ཚ་རྫོང་ལས་གཏོད་གཉོར་སྐྱོང་རྟེན་གཞིའི་ཡུལ་དངོས་སུ་གཞུང་ལས་སྒྲུབ་པར་ཟབ་འཇུག་བྱས་ཏེ། ལས་གཏོད་གཉོར་སྐྱོང་རྟེན་གཞིའི་འཛུགས་སྐྲུན་འཁོར་སྐྱོད་དང་དངོས་སྦྱོང་རྟེན་གཞིའི་རྣམ་གྲངས་དུས་མགོ་གྲ་སྒྲིག་ལས་དོན་ལ་དངོས་སུ་རྟོག་ཞིབ་གནང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པ།རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་སོན་ཅན་ཏིག་དང་། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་དང་། ནོར་སྲིད། འཕེལ་རྒྱས་བཅོས་བསྒྱུར། རང་བྱུང་ཐོན་ཁུངས། མཁར་གྲོང་སྡོད་ཁང་འཛུགས་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན། མཁར་སྲིད་དོ་དམ་ཞབས་ཞུ་ལྟེ་གནས། གྲོང་ཁྱེར་འཛུགས་སྐྲུན་མ་འཇོག་ཀུང་སི་སོགས་འབྲེལ་ཡོད་སྡེ་ཁག་གི་འགན་ཁུར་བློ་མཐུན་དག་ཞུགས། ཀྲང་ཆིས་ཧྥིན་གྱིས་བསྟན་དོན། ལས་གཏོད་གཉོར་སྐྱོང་རྟེན་གཞི་ནི་གསར་གཏོད་ཀྱི་གསོན་ཤུགས་ཆེར་སྐྱེད་དང་དཔལ་འབྱོར་ཚད་མཐོའི་འཕེལ་རྒྱས་འགྲོ་བར་སྐུལ་འདེད་གཏོང་བའི་ཐེག་བྱེད་གལ་ཆེན་ཞིག་ཡིན་ལ། ལས་གཏོད་གཉོར་སྐྱོང་རྟེན་གཞི་དང་དངོས་སྦྱོང་རྟེན་གཞི་གསར་དུ་བསྐྲུན་ནས་བེད་སྤྱོད་ཡག་པོ་བྱ་རྒྱུ་ནི་གྲོང་གསེབ་དར་སྤེལ་ཡོང་བར་སྐུལ་འདེད་གཏོང་བའི་བྱེད་སྟངས་གལ་ཆེན་ཞིག་ཡིན་པས། རང་རེའི་རྫོང་གིས་ལས་གཏོད་པར་རོགས་རམ་བྱས་ཏེ་མགྱོགས་མྱུར་ངང་ཁྲོམ་ར་ལ་འཚམ་པ་མཐོར་འདེགས་གཏོང་བ་དང་གསར་གཏོད་ཀྱི་ནུས་ཤུགས་ཇེ་མཐོར་གཏོང་བར་དོན་སྙིང་ཟབ་མོ་ལྡན་ཡོད། སྤྱི་ཡོངས་ཀྱི་བྱེད་ནུས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་དགོས། ལས་གཏོད་གཉོར་སྐྱོང་རྟེན་གཞིའི་རྨང་གཞིའི་སྒྲིག་བཀོད་དང་བྱེད་ནུས་བཀོད་སྒྲིག་སྔར་ལས་འཐུས་ཚང་དུ་བཏང་སྟེ།བཅའ་སྡོད་ཁེ་ལས་ལ་སྔར་ལས་སྤུས་ལེགས་དང་ནུས་མཐོའི་ཞབས་ཞུ་འདོན་སྤྲོད་བྱེད་པ་མ་ཟད། དངོས་སྦྱོང་རྟེན་གཞིའི་རྣམ་གྲངས་འཆར་འགོད་ལེགས་པོ་བྱས་ནས་རྗེས་མཐུད་རྣམ་གྲངས་བདེ་བླག་ངང་ལག་བསྟར་བྱ་རྒྱུར་རྨང་གཞི་བརྟན་པོ་བཏིང་དགོས། སྡེ་ཁག་གི་མཐུན་སྦྱོར་མཉམ་ལས་ལ་ཤུགས་སྣོན་རྒྱག་དགོས། སྡེ་ཁག་སོ་སོའི་བར་འབྲེལ་གཏུག་མཐུན་སྦྱོར་ལ་ཤུགས་བསྣན་ནས་བྱ་བའི་སྟོབས་ཤུགས་མཉམ་དུ་བསྒྲིལ་ཏེ།ལས་གཏོད་གཉོར་སྐྱོང་རྟེན་གཞི་བདེ་བླག་ངང་འཁོར་སྐྱོད་དང་དངོས་སྦྱོང་རྟེན་གཞིའི་རྣམ་གྲངས་མགྱོགས་མྱུར་སྒོས་ལག་བསྟར་བྱེད་པར་ཐུན་མོང་གིས་སྐུལ་འདེད་གཏོང་དགོས། ཁྲོམ་རའི་གསར་གཏོད་གསོན་ཤུགས་ཇེ་ཆེར་བསྐྱེད་དགོས། ཁེ་ལས་ཀྱིས་ཞིབ་འཇུག་གསར་སྤེལ་ལ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་སྟེ། རང་བདག་གསར་གཏོད་ཀྱི་ནུས་ཤུགས་མཐོ་རུ་བཏེགས་ཏེ།ཁྲོམ་རའི་འགྲན་རྩོད་ནུས་པ་ལྡན་པའི་ཐོན་རྫས་དང་ཟོང་རྟགས་གསོ་སྐྱེད་བྱས་ནས་རང་རེའི་རྫོང་གི་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྩལ་དགོས།