“ལྕགས་རི་རིང་བོ་གསར་བའི་མཐོ་འབྲིང་སློབ་མའི་སྟོབས་ཤུགས་རང་སྐྱེད་འཛིན་གྲྭའི་རྣམ་གྲངས”མཚོ་བྱང་རྐང་ཚ་རུ་ཐོན།
发布时间:2025年04月22日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

   རྒྱལ་ཁབ་ནུས་ཁུངས་ཚོགས་པ་སྤྱི་ཕན་ཐེབས་རྩ་ཚོགས་པའི་རོགས་རམ་དང་། ཀྲུང་གོ་གྲོང་གསེབ་འཕེལ་རྒྱས་ཐེབས་རྩ་ཚོགས་པའི་རྒྱབ་སྐྱོར་འོག ཀྲུང་གོ་གྲོང་གསེབ་འཕེལ་རྒྱལ་ཐེབས་རྩ་ཚོགས་པའིལྕགས་རི་རིང་བོ་གསར་བའི་མཐོ་འབྲིང་སློབ་མའི་སྟོབས་ཤུགས་རང་སྐྱེད་འཛིན་གྲྭའི་རྣམ་གྲངསཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་དངོས་སུ་ཐོན་ཡོད་ཅིང་། རྣམ་གྲངས་འདིས་རྐང་ཚ་རུ་སྐྱེས་པའི་མཐོ་གཅིག་འཛིན་གྲྭའི་སློབ་མ50ལ་བསྟུད་མར་ལོ་གསུམ་གྱི་དཔལ་འབྱོར་རོགས་སྐྱོར་བྱས་པ་དང་། ལོ་རེར་སྒོར་ཁྲི10དང་། བསྡོམས་པའི་སྒོར་ཁྲི30མཁོ་སྤྲོད་བྱས་ནས་འབྲོག་ཁུལ་གྱི་བྱིས་པའི་འབྱུང་འགྱུར་ལ་སློབ་གསོའི་འོད་ཟེར་འཕྲོ་རུ་བཅུག སྤྱི་ཟླ4བའི་ཚེས17ཉིན། ལྕགས་རི་རིང་བོ་གསར་བའི་མཐོ་འབྲིང་སློབ་མའི་སྟོབས་ཤུགས་རང་སྐྱེད་འཛིན་གྲྭའི་འགོ་འཛུགས་མཛད་སྒོམཚོ་བྱང་ཁུལ་སློབ་འབྲིང་དང་བོ་རུ་འཚོགས་པ་རེད།   

  ཐེངས་འདིའི་རྣམ་གྲངས་ལག་ལེན་བསྟར་སྐབས།རྐང་ཚ་རུ་སྐྱེས་བའི་སྤྱོད་ཡོན་གཉིས་ལྡན་གྱི་སློབ་མ་ཡིན་དགོས་པར་མ་ཟད། ཁྱིམ་ཚང་ལ་དཔལ་འབྱོར་གྱི་དཀའ་ངལ་ཡོད་པའི་སློབ་མ་དང་། ཡིག་ཚགས་བྱང་བུ། མ་མཐའི་འགན་སྲུང་། དབང་བོ་སྐྱོན་ཅན་སོགས་ཀྱི་དམིགས་བསལ་གྱི་དཀའ་ངལ་ལྡན་པའི་བྱིས་པ་ལ་གཙོ་གནད་རོགས་སྐྱོར་བྱས་ཏེ། མི་རེ་ལ་ལོ་རེ་བཞིན་འཚོ་བའི་གྲོན་དངུལ་རོགས་སྐྱོར་བྱས་པ་བརྒྱུད་ནས།སློབ་མའི་ཁྱིམ་ཚང་གི་གནོན་ཤུགས་ཇེ་ཆུང་དུ་བཏང་ཞིང་།འཚོ་བའི་དཀའ་ངལ་གྱིས་སློབ་གཉེར་བྱེད་མི་ཐུབ་པ་མེད་པརའགན་ལེན་བྱས། རྣམ་གྲངས་འདིས་མ་གཞི་ནས་དཔལ་འབྱོར་དཀའ་ངལ་ཡོད་པའི་སློབ་མར་ཤེས་བྱའི་སྒོ་མོ་འགྲིམ་པའི་བཞུད་ལམ་ཞིག་བསྐྲུན་ཡོད་པར་མ་ཟད། ཁོ་ཚོརཤེས་བྱས་ལས་དབང་ལ་ཁ་ལོ་བསྒྱུར་ཞིང་རང་སྟོབས་ཀྱིས་མི་ཚེའི་གྲུབ་འབྲས་ཐོབ་རྒྱུའིཡིད་ཆེས་ཀྱང་བརྒྱུད་སྤྲོད་བྱས་ཡོད།རི་ཆུ་ལས་བརྒལ་བའི་བྱམས་སེམས་དེ་ནི་རྐང་ཚ་རྫོང་གི་སློབ་གསོ་འཕེལ་རྒྱས་ལས་དོན་ལ་རྒྱབ་སྐྱོར་གྱི་ནུས་ཤུགས་ཞིག་ཡིན་ལ།བྱིས་པ་རྣམས་འཚར་ལོངས་འབྱུང་ལ་ཤེས་ཡོན་འབྱོར་བའི་བྱམས་སེམས་ཀྱི་ལྟ་སྲུང་བྱེད་པའི་མིག་རྒྱང་ཞིག་ཀྱང་ཡིན། 

རོགས་སྐྱོར་ཐོབ་བའི་སློབ་མ་མཁར་མོ་སྒྲོལ་མསཁྱེད་ཚོའི་རོགས་རམ་ལས་ངས་ཀྱང་ཏང་གི་གཅེས་སྐྱོང་ཚོར་བྱུང་།འཚོ་བར་དཀའ་ངལ་ཁ་ཤས་འཕྲད་ཀྱང་ཁྱེད་ཚོའི་བྱམས་སེམས་ཀྱིས་ང་ཚོའི་མདུན་སྐྱོད་ཀྱི་ལམ་བུ་ལ་འོད་སྣང་བསྩལ་བྱུང་ཞེས་བཤད། 

 གྲང་ངར་རྒོལ་བའི་མཐོ་སྒང་ས་ཁུལ་གྱི་སློབ་གསོའི་རོགས་སྐྱོར་གྱི་དཔེ་མཚོན་ལག་ལེན་ཞིག་ཡིན་པའི་ངོས་ནས། ལྕགས་རི་རིང་བོ་གསར་བའི་སྟོབས་ཤུགས་རང་སྐྱེད་འཛིན་གྲྭའི་རྣམ་གྲངས་འཁོར་བསྐྱོད་བྱེད་པར་ཕན་ནུས་ཆེ་བའི་འགན་སྲུང་གི་ལམ་སྲོལ་ལྡན་ཡོད།ཀྲུང་གོ་གྲོང་གསེབ་འཕེལ་རྒྱས་ཐེབས་རྩ་ཚོགས་པ་དང་། རྐང་ཚ་རྫོང་སློབ་གསོ་ཅུ། མཚོ་བྱང་ཁུལ་མཐོ་འབྲིང་དང་བོ་བཅས་ཕྱོགས་གསུམ་གྱིསརྣམ་གྲངས་རོགས་སྐྱོར་གྲོས་མཐུནལ་མིང་རྟགས་བཀོད་ཅིང་། རོགས་སྐྱོར་ཚད་ལྡན་དང་། སྤྲོད་པའི་བརྒྱུད་རིམ། ཕྱོགས་ཁག་གི་དབང་ཆའི་འགན་འཁྲི་བཅས་ཁ་གསལ་བཟོས་ཏེ། རྣམ་གྲངས་ཚད་གཞི་ཅན་དང་ཕན་ནུས་མཐོ་བའི་འཁོར་སྐྱོད་འགན་ལེན་བྱས་པ་རེད། རྣམ་གྲངས་དེ་གྲུབ་འབྲས་ལྡན་པའི་སྒོ་ནས་ལག་ལེན་དུ་བསྟར་ཞིང་། གྲང་ངར་རྒོལ་བའི་མཐོ་སྒང་ས་ཁུལ་དང་། གཞན་ཡང་རྒྱལ་ཡོངས་ཀྱི་སློབ་གསོའི་རོགས་སྐྱོར་ལས་དོན་ལ་ཉམས་ལེན་རྩ་ཆེན་དང་དཔེར་བལྟས་བྱས་ཏེ། སློབ་གསོ་དྲང་གཞག་གི་འདུ་ཤེས་དེ་ལས་ཀྱང་རྒྱ་ཆེ་བའི་མངའ་ཁོངས་སུ་ཐོན་རྒྱུར་སྐུལ་འདེད་བཏང་བ་རེད།