ཉེ་ཆར། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་བོད་སྐད་རླུང་འཕྲིན་གྱི་བཅར་འདྲིའི་ཚན་ཆུང་གིས་དཔྱིད་རླུང་དྲག་པོ་གདོང་གིས་བསུས་ཏེ་མཐོ་སྒང་གི་མུ་ཏིག་ཏུ་འབོད་པའི་མཚོ་ཆེན་ཁྲི་ཤོར་རྒྱལ་མོའི་བྱང་རྒྱུད་དུ་ཆགས་པའི་རྐང་ཚ་རྫོང་དུ་འབྱོར་ནས། ཏང་དང་སྲིད་གཞུང་གི་ཐུགས་ཁུར་འོག་འཕེལ་རྒྱས་ཀྱི་དཔལ་ལ་ཅི་དགར་རོལ་ཞིང་གསོན་ཤུགས་ཀྱིས་ཀུན་ནས་ཕྱུག་པའི་དཀོན་ལོ་གོང་མ་སྡེ་བར་ཡུལ་དངོས་སུ་རྒྱུས་ལོན་བྱེད་དུ་སོང་། ལོ་འདི་དག་གི་རིང་ལ་དཀོན་ལོ་གོང་མ་སྡེ་བས་དམངས་ཕན་སྲིད་ཇུས་སྣ་ཚོགས་དངོས་འབེབས་བྱས་ཤིང་། ཁྱད་ལྡན་གྱི་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་སུ་བཏང་སྟེ། སྡེ་མིའི་འཚོ་བའི་ཆུ་ཚད་མངོན་གསལ་གྱི་ཇེ་མཐོར་སོང་ཡོད་པར་མ་ཟད། མི་རིགས་མཐུན་སྒྲིལ་ཡར་ཐོན་དང་དམངས་གཙོ་ཁྲིམས་སྐྱོང་འཛུགས་སྐྲུན་ཐད་ནས་གཞན་གྱི་མིག་དཔེ་རུ་གྱུར་ཡོད།
དཀོན་ལོ་གོང་མ་སྡེ་བར་སོང་ན་ཐོག་མར་མིག་ལམ་དུ་མངོན་ཡོང་བ་ནི་གྲལ་དག་པའི་སྡེ་བའི་སྲང་ལམ་དང་ཚར་དུ་དངར་བའི་སྡོད་ཁང་། དེ་མིན་སྡེ་མི་དག་གི་གདོང་ནས་མངོན་པའི་བདེ་སྐྱིད་ཀྱི་འཛུམ་མདངས་རེད། དཀོན་ལོ་གོང་མ་སྡེ་བས་མཉམ་ལས་ཁང་མང་བོ་བཙུགས་ནས་དམངས་ཀྱི་ཡོང་འབབ་འཕར་བར་བརྩོན་ལེན་བྱས་པར་མ་ཟད། སྡེ་བའི་ཐུན་མོང་དཔལ་འབྱོར་དར་རྒྱས་སུ་གཏོང་བར་གཙིགས་ཆེན་བྱེད་བཞིན་ཡོད། དཀོན་ལོ་གོང་མ་སྡེ་བའི་ཏང་ཀྲི་པུའུ་ཧྲུའུ་ཅི་བསོད་ནམས་ཚེ་བརྟན་གྱིས་བཤད་རྒྱུར།
>
>
སྡེ་བ་འདིའི་ནས་ནག་སྦུ་རག་བཟོ་གྲྭ་ནི་སྡེ་བའི་ཐུན་མོང་དཔལ་འབྱོར་གཙོ་བོ་ཞིག་ཡིན་པ་དང་། དེ་ནི་དེང་རབས་ཆང་བསྙལ་སྒྲིག་ཆས་ཀྱི་རོགས་འདེགས་འོག སྲོལ་རྒྱུན་གྱི་ནས་ནག་དང་དེང་རབས་ཀྱི་བཟོ་རྩལ་ཟུང་དུ་སྦྲེལ་ནས། རོ་བཅུད་ཐུན་མོང་མ་ཡིན་པའི་ནས་ནག་སྦུ་རག་ཐོན་སྐྱེད་བྱེད་བཞིན་ཡོད་པ་རེད། ནས་ནག་སྦུ་རག་བཟོ་གྲྭ་དེས་སྡེ་མིར་ལས་ཞུགས་ཀྱི་གོ་སྐབས་འདོན་སྤྲོད་བྱས་ཡོད་པར་མ་ཟད། སྦུ་རག་ཕྱིར་འཚོང་བྱས་པ་ལས་སྡེ་བའི་ཐུན་མོང་དཔལ་འབྱོར་དར་རྒྱས་སུ་བཏང་སྟེ། སྡེ་བའི་ནང་གི་རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན་དང་། སློབ་གསོའི་རོགས་སྐྱོར། སྨན་བཅོས་རོགས་སྐྱོར་སོགས་ཀྱི་ཐད་ལ་ནུས་པ་བླ་ལྷག་འདོན་བཞིན་ཡོད། ནས་ནག་སྦུ་རག་བཟོ་གྲྭའི་རྒྱུ་སྤུས་ཞིབ་བཤེར་མཁན་བསོད་ནམས་སྒྲོལ་མས་བཤད་རྒདཀོན་ལོ་གོང་མ་སྡེ་བས་དཔལ་འབྱོར་འཕེལ་རྒྱས་ཐད་ནས་བླངས་པའི་གྲུབ་འབྲས་དེ་ཏང་དང་སྲིད་གཞུང་གི་མགོ་ཁྲིད་བརྟན་པོ་དང་ཐུགས་བརྩེ་ཟབ་མོར་འབྲལ་ཐབས་མེད་ཅིང་། ཉེ་བའི་ལོ་འགའི་རིང་ལ། སྡེ་བའི་ནང་དུ་ཏང་གི་མི་རིགས་སྲིད་ཇུས་དང་ཆོས་ལུགས་སྲིད་ཇུས་ནན་ཏན་གྱིས་ལག་བསྟར་བྱས་པ་དང་། མི་རིགས་སོ་སོའི་བར་གྱི་བརྗེ་རེས་དང་མཉམ་འདྲེས་ལ་ཡར་སྐུལ་བྱས་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བགྲོད་ལམ་སྟེང་དུ་དཀོན་ལོ་གོང་མ་སྡེ་བ་ནམ་ཡིན་ཡང་མདུན་གྲལ་དུ་བསྐྱོད་བཞིན་ཡོད། སྡེ་བ་དེར་སྔ་གཞུག་ཏུ་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་སྡེ་བ་དང་རྒྱལ་ཡོངས་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ་སོགས་དཔེ་སྟོན་སྡེ་བའི་མཚན་སྙན་མང་བོ་ཐོབ་ཡོད་པར་མ་ཟད། རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་ཐུན་མོང་སོགས་ཀྱི་གཟི་བརྗིད་བྱ་དགའ་ཆེན་པོ་ཡང་མི་ཉུང་བ་ཞིག་ཐོབ་ཡོད། གཟི་བརྗིད་མཚན་སྙན་དེ་དག་གིས་དཀོན་ལོ་གོང་མ་སྡེ་བས་ས་གནས་འཕེལ་རྒྱས་ཀྱི་ལས་དོན་ཁྲོད་བཞག་པའི་བྱས་རྗེས་ལ་ཁས་ལེན་གང་ལེགས་བྱས་ཡོད་པ་དང་། མཚན་སྙན་དེ་དག་གི་ལྟག་རྒྱབ་ཏུ་དཀོན་ལོ་གོང་མ་སྡེ་བའི་སྡེ་མི་ཡོངས་ཀྱི་ཐུན་མོང་འབད་བརྩོན་ཡོད་ལ། ཏང་དང་སྲིད་གཞུང་གི་དམངས་ཕན་སྲིད་ཇུས་རྩ་བ་ཚུགས་ཤིང་རྩེ་མོ་རྒྱས་ཡོད་པ་མངོན་པར་མཚོན། སྡེ་མི་རྡོ་རྗེ་སྐྱིད་ཀྱིས་བཤད་རྒྱུར།