རྐང་ཚ་རྫོང་གི་སྐམས་ལུག་ཤའི་ཐོན་རྫས་ལ་ཤང་ཀང་གི་ཁས་ལེན་དཔང་ཡིག་ཐོབ
发布时间:2025年05月12日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

རྐང་ཚ་རྫོང་གིརྐང་ཚ་མཚོ་སྔོན་པོའི་ནོག་གནགདངརྐང་ཚ་མཚོ་སྔོན་པོ་འབྲོག་ལུག”ཞེས་པའི་ཤ་རིགས་ཐོན་རྫས་ལ་ཤང་ང་གི་ཁས་ལེན་དཔང་ཡིགཐོབ།

  ཉེ་ཆརམཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིརྐང་ཚ་མཚོ་སྔོན་པོ་ནོག་གནགདངརྐང་ཚ་མཚོ་སྔོན་པོ་འབྲོག་ལུག”ཞེས་པའི་ཤ་རིགས་ཐོན་རྫས་ལ་ཤང་ང་ཚད་གཞི་དང་ཞིབ་བཤེར་གཏན་འཁེལ་ལྟེ་གནསSTCཀྱི་དཔང་ཡིག་བརྒྱུད་བགྲོད་བྱུང་ལ་ཤང་ང་ཚད་གཞི་དང་ཞིབ་བཤེར་གཏན་འཁེལ་ལྟེ་གནསSTCཀྱིས་གནང་པའི་ཤང་ཀོང་སྤུས་ལེགས་ཀྱི་ཁས་ལེན་དཔང་འདོན“རྒྱུ་དགགི་དཔང་ཡིགཐོབ་པ་རེད།ཤང་ཀང་སྤུས་ལེགས“རྒྱུ་དགགི་དཔང་ཡིག་ནི་ཀོང་ཏུང་ཞིང་ཆེན་དང་ཤང་ཀང་གི་ཚད་གཞི་དང་ཞིབ་དཔྱད་ལྟེ་གནསSTCདབར་ནས་མཉམ་སྒྲུབ་བྱས་ཏེ་སྤེལ་བའི་རྩེར་སོན་སྤུས་ཀར་ཁས་ལེན་དཔང་འདོན་ཞིག་ཡིན་པ་དང་ཤང་ང་ས་གནས་རང་དང་རྒྱལ་སྤྱིའི་འབྲེལ་ཡོད་ཚད་གཞིའི་བརྒྱུད་བགྲོད་ཀྱི་སྒེར་ཚུགས་ཚོད་ལྟ་བརྟག་བཤེར་བྱས་ཡོད་པས་ཤང་ང་གི་ཁྲོམ་རའི་སྟེང་དགའ་བསུ་ཆེ་ཤོས་ཐོབ་པའི་ཐོན་རྫས་ཀྱིམཚོན་རྟགས་གྲས་ཤིག་ཀྱང་ཡིནའཛད་སྤྱོད་པས་བཟའ་ཆས་བདེ་འཇགས་དང་སྤུས་ཚད་ལ་ཡིད་ཆེས་བྱེད་པའི་དམིགས་ཚད་དུ་འཛིན་བཞིན་ཡོད།ཁེ་ལས་ཀྱི་ཐོན་རྫས་ལ་ཤང་ང་སྤུས་ལེགས“རྒྱུ་དགགི་ཁས་ལེན་དཔང་འདོན་དཔག་ཡིག་ཐོབ་པ་དེས་ཐོན་རྫས་ཀྱི་སྤུས་ཚད་རྒྱལ་སྤྱིའི་སྔོན་ཐོན་ཚད་གཞིར་སླེབས་པ་ར་སྤྲོད་བྱས་ཡོད། 

 རྐང་ཚ་མཚོ་སྔོན་པོའི་ནོར་གནག་ནི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དུ་ཡོད་ལ། དེ་ནི་ངེས་དོན་གྱི་མཐོ་སྒང་འབྲོག་ཁུལ་ཞིག་ཡིན། ནོར་གནག་ནི་དུས་ཡུན་རིང་པོར་མཐོ་ཞིང་གྲང་ངར་ཆེ་བའི་མཚོ་བོད་མཐོ་སྒང་དུ་གནས་ཡོད་ཅིང་།རི་མགོ་ལུང་ཀྱོག་ཏུ་རང་བྱུང་རྩྭ་ཆུར་བརྟེན་དེ་འཚོ་བཞིན་ཡོད།དེའི་ཤ་གནད་ཀྱི་ཚིལ་སྣ་སྲ་མཁྲེགས་ལྡན་ཞིང་། ཚིལ་གྱི་ཁྱབ་སྟངས་སྙོམས་པ། ཤ་ཁུ་དྭངས་ཤིང་བཅུད་ཀྱི་རྫས་སྣ་མང་ལྡན་པས། མཚོ་བོད་མཐོ་སྒང་གི་ཁྱད་ལྡན་གྱི་ལྗང་མདོག་ཐོན་རྫས་ཤིག་ཡིན། 

  ཐེངས་འདིར།རྐང་ཚ་མཚོ་སྔོན་པོ་ནོར་གནགདང་རྐང་ཚ་མཚོ་སྔོན་པོ་འབྲོག་ལུག་གི་ཤ་རིགས་ཤང་ཀང་གི་སྤུས་ལེགསརྒྱུ་དགགི་དཔང་ཡིག་ཐོབ་པ་དེས།རྐང་ཚའི་ཤ་རིགས་ཀྱི་སྤུས་ཚད་རྒྱལ་སྤྱིའི་སྔོན་ཐོན་ཆུ་ཚད་དུ་སླེབས་པ་མཚོན་ཡོད་ལ།རྐང་ཚ་མཚོ་སྔོན་པོ་ནོར་གནགདངརྐང་ཚ་མཚོ་སྔོན་པོ་འབྲོག་ལུགགི་ཚོང་རྟགས་ཀྱི་ཤུགས་རྐྱེན་དང་ཁྲོམ་རའི་འགྲན་རྩོད་ནུས་པ་སྔར་ལས་ཆེ་རུ་བཏང་ཡོད།

 མ་འོངས་པར།རྐང་ཚ་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་འདྲེན་ཁུལ་འཛུགས་སྐྲུན་བྱེད་པར་སྣེ་ཁྲིད་བྱས་ཏེ། རྐང་ཚའི་ཁྱད་འཕགས་ཀྱི་རང་བྱུང་ཆ་རྐྱེན་དང་ཁྱད་ལྡན་ཐོན་ཁུངས་ལ་བརྟེན་ཏེ་གཞི་ཚུགས་ཅིང་། སྤུས་རྟགས་གསར་གཏོད་དང་ཁྱད་ལྡན་ཐོན་རྫས་གསར་སྤེལ་ཐད་རྒྱུན་མཐུད་ངང་སྤེལ་ཤུགས་ཆེ་རུ་བཏང་སྟེ། སྔར་ལས་མང་པོའི་རྐང་ཚའི་སྤུས་ལྡན་ཞིང་ཕྱུགས་ལས་ཐོན་རྫས་སྤུས་རྟགས་ལེགས་གྲས་ཁས་ལེན་དཔང་འདོན་བརྒྱུད་བགྲོད་བྱ་ཐུབ་པར་སྐུལ་འདེད་བཏང་ནས།རྒྱལ་ཁབ་ཕྱི་ནང་གི་ཚོང་ར་གསར་འབྱེད་བྱེད་པ་ཧུར་ཐག་བྱེད་པ་དང་།ཕྱི་ཕྱོགས་ཉོ་ཚོང་གི་ཕྱིར་གཏོང་ཚད་ཐིག་མངོན་འགྱུར་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། ཞིང་འབྲོག་ལས་ཀྱི་ཕན་འབྲས་ཆེ་རུ་གཏོང་བ་དང་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་འབད་བརྩོན་བྱ་དགོས།