ཁུལ་ཨུའི་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་དང་ཁུལ་རྒྱལ་ཁབ་བདེ་འཇགས་མི་དམངས་སྲུང་རགས་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས།
发布时间:2025年05月16日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཟླ5པའི་ཚེས13ཉིན་གྱི་ཕྱི་དྲོར། ཁུལ་ཨུའི་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་དང་ཁུལ་རྒྱལ་ཁབ་བདེ་འཇགས་མི་དམངས་སྲུང་རགས་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུ་འཚོགས་ནས་ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་དང་ཞིང་ཆེན་རྒྱལ་ཁབ་བདེ་འཇགས་མི་དམངས་སྲུང་རགས་འཛུགས་སྐྲུན་བྱ་བའི་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་དགོངས་དོན་བརྒྱུད་སྒྲོག་དང་སློབ་སྦྱོང་བྱས་པ་དང་། 2024ལོའི་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་བྱ་བར་གོ་རིམ་ལྡན་པའི་སྒོ་ནས་སྤྱི་བསྡོམས་དང་མིག་སྔའི་བྱ་བའི་གནས་བབ་ལ་དབྱེ་ཞིབ་བྱས་ནས་གཙོ་གནད་བྱ་བའི་ལས་འགན་བཀོད་སྒྲིག་བྱས། ཁུལ་ཨུའི་ཧྲུའུ་ཅིའམ་ཁུལ་ཨུའི་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་ཤ་བོ་སྐྱབས་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གནང་། ཁུལ་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི། ཁུལ་ཨུའི་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་ཚན་གཙོ་གཞོན་པ་ཀྲང་ཨའེ་ཧུང་གིས་གཙོ་སྐྱོང་གནང་།
图片
ཚོགས་འདུའི་སྟེང་ན་ནིང་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་དང་རྒྱལ་ཁབ་བདེ་འཇགས་མི་དམངས་སྲུང་རགས་འཛུགས་སྐྲུན་བྱ་བའི་ཕན་འབྲས་ལ་ཁས་ལེན་གང་ལེགས་བྱས་ཏེ་བསྟན་དོན། ཞི་ཅིན་ཕིང་གི་ཁྲིམས་སྐྱོང་དགོངས་པ་ལག་བསྟར་གཏིང་ཟབ་དང་སྤྱིའི་རྒྱལ་ཁབ་བདེ་འཇགས་ལྟ་བ་ལག་ལེན་ནན་ཏན་བྱས་ཏེ་ཞིང་ཆེན་ཏང་ཨུའི་བདེ་འཇགས་མཚོ་སྔོན་འཛུགས་སྐྲུན་མགོ་ཁྲིད་ཚན་ཆུང་གི་ཚོགས་འདུའི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ནས། བདེ་འཇགས་མཚོ་བྱང་འཛུགས་སྐྲུན་ལ་མུ་མཐུད་སྐུལ་འདེད་གཏོང་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་དུ་བརྩིས་ཏེ། མཐའ་ཐིག་གི་བསམ་གཞིགས་དང་མཐར་ཐུག་གི་བསམ་གཞིགས་སྔར་བས་གཏིང་ཟབ་ཏུ་བཏང་ནས་རྒྱལ་ཁབ་ཀྱི་བདེ་འཇགས་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱེད་པའི་འགན་འཁྲི་གལ་ཆེན་ལག་བསྟར་ཏན་ཏིག་བྱས་ཏེ་མང་ཚོགས་ཀྱི་བྲེལ་དཀའ་སྡུག་སྨོན་གྱི་གནད་དོན་ལ་དམིགས་ནས་མངོན་གསལ་དོད་པའི་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག་ནན་མོ་གཏོང་བ་དང་ཚོང་གཉེར་ཁོར་ཡུག་རྒྱུན་ཆད་མེད་པར་ཇེ་ལེགས་སུ་བཏང་སྟེ་ཆུ་ཚད་མཐོ་བའི་བདེ་འཇགས་ལ་བརྟེན་ནས་ཁུལ་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྲུང་སྐྱོབ་བྱེད་དགོས་ཟེར།
ཚོགས་འདུའི་ཐོག་ནན་གྱིས་བསྟན་དོན། མངོན་གསལ་དོད་པའི་ཉེན་ཁ་དམ་འཛིན་གཏིང་ཟབ་བྱས་ཏེ་ཕྱི་ངོས་ཀྱི"མངོན་གསལ་རང་བཞིན་གྱི་གནད་དོན"དམ་འཛིན་བྱེད་དགོས་པར་མ་ཟད། གཏིང་ཟབ་སར་སྦས་པའི"མངོན་མེད་གནད་དོན"ལ་ཞིབ་བཤེར་བྱས་ནས་མངོན་མེད་ཉེན་ཁ་ཕྱོགས་ཡོངས་ནས་གཏིང་ཟབ་ཏུ་བཏང་ནས་རྨང་གཞིའི་དྲ་རྒྱ་དམ་ཟབ་བཟོ་དགོས། ནུས་ཤུགས་ཡོད་རྒུས་འགག་རྩའི་བྱེད་ཐབས་དམ་འཛིན་བྱས་ཏེ་དུས་རབས་གསར་པའི"ཧྥེང་ཆའོ་ཉམས་མྱོང"མཚོ་བྱང་གི་ལག་ལེན་རྒྱུན་འཁྱོངས་དང་འཕེལ་རྒྱས་གཏོང་དགོས་པ་དང་། དཀའ་ངལ་ཡོད་པའི་ཚོགས་སྤྱིར་རོགས་སྐྱོར་རོགས་སྐྱོབ་དང་སྤྱི་ཚོགས་འགན་སྲུང་བྱེད་ཤུགས་ཆེ་རུ་གཏོང་བ་དང་ཕྱོགས་བསྡུས་བཅོས་སྐྱོང་ལྟེ་གནས་ཚད་ལྡན་ཅན་དུ་འགྱུར་བའི་འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་སྟེ། སྤྱི་ཚོགས་བདེ་འཇགས་ཀྱི་ཁྱོན་ཡོངས་ཀྱི་སྔོན་འགོག་ཚོད་འཛིན་མ་ལག་རྒྱུན་མཐུད་ངང་བསྐྲུན་ནས་འགལ་བ་དང་རྩོད་གཞིའི་འབྱུང་ཁུངས་ནས་ཐག་གཅོད་བྱས་ཏེ་ཁུལ་ཡོངས་ཀྱི་འཆམ་མཐུན་བརྟན་ལྷིང་འགན་ལེན་བྱེད་དགོས། སེམས་རྣལ་དུ་ཕབ་ནས་མཉམ་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ་དང"ཧྲུའུ་ཅིས་དམ་འཛིན་དང་ཧྲུའུ་ཅིར་དམ་འཛིན་བྱེད་པའི"ཆབ་སྲིད་ཀྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ"རིམ་པ་བཞིའི་ཧྲུའུ་ཅིས་དུས་བདེ་དམ་འཛིན་བྱེད་པའི"ལམ་སྲོལ་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་ཡག་པོ་བྱས་ཏེ། ནོར་སྲིད་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བཏང་ནས་གཞི་རིམ་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་གཏོང་བ་དང་། ལྟ་སྐུལ་མཛུབ་ཁྲིད་དང་དཔྱད་ཞིབ་ལམ་སྲོལ་ཇེ་ལེགས་སུ་བཏང་སྟེ་ཕྱི་ཚུལ་རིང་ལུགས་དང་སྤྱོད་ཚུལ་གྱི་གནད་དོན་ཐོན་རྒྱུ་གཏན་འགོག་ནན་མོ་བྱེད་དགོས་ཟེར།
图片
ཚོགས་འདུའི་སྟེང་བླང་བྱ་བཏོན་དོན། “མིག་མངས་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོར་བཙུགས་ཏེ་མིག་སྔར་དང་རྒྱང་རིང་ལ་དམིགས་ཏེ་སྡེ་ཁག་དབར་གྱི་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་པ་དང་། རྒྱུན་རྣམ་ཅན་གྱི་མཐུན་སྦྱོར་ལམ་སྲོལ་འཛུགས་པ། དུས་བཀག་ལྟར་དཀའ་གནད་དང་འགག་གནད་ཀྱི་གནད་དོན་ལ་གྲོས་མོལ་དང་ཐག་གཅོད་བྱས་ཏེ་གོང་འོག་མཉམ་འགུལ་དང་གཡས་གཡོན་མཐུན་སྦྱོར་གྱི་བྱ་བའི་རྣམ་པ་བཟང་པོ་ཏན་ཏིག་སྒོས་ཆགས་པར་བྱེད་དགོས། གཙོ་གནད་ཐོག་འགག་སྒྲོལ་དང་སྐུལ་འདེད་ལ་དམ་འཛིན་བྱས་ཏེ། གནད་དོན་ཁྲིད་སྟོན་དང་དམིགས་འབེན་ཁྲིད་སྟོན། མཇུག་འབྲས་ཁྲིད་སྟོན་བཅས་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། འགལ་བ་དང་རྩོད་གཞི་ཐག་གཅོད་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་། ནར་མ་སོན་པའི་མིར་སྲུང་སྐྱོབ་སོགས་འགག་རྩའི་ཁྱབ་ཁོངས་ལ་དམིགས་ནས་རྫོང་རིམ་པའི་མགོ་ཁྲིད་ཀྱིས་འགན་གཙང་ལེན་བྱེད་པའི་ལམ་སྲོལ་ལག་བསྟར་བྱས་ཏེ། “དཀའ་གནད་ཆེ་བའི་གནད་དོན་དེ་འཐབ་ཕྱོགས་དང་པོའི་ཐོག་ཐག་གཅོད་བྱེད་དགོས”པར་སྐུལ་འདེད་གཏོང་དགོས། ནུས་ཤུགས་ཡོད་དགུས་བཅོས་སྒྲིག་དང་མཐོར་འདེགས་དམ་འཛིན་བྱས་ཏེ། ཞིང་ཆེན་ཏང་ཨུའི་བདེ་འཇགས་གཞུང་དོན་ཁང་གིས་ཚུར་ལན་སྤྲད་པའི་གནད་དོན་དང་ནན་ཏན་གྱིས་བསྡུར་བ་བྱས་ཏེ། བཅོས་སྒྲིག་འགན་འཁྲིའི་ཞིབ་ཐོའི་ལས་གཞི་རེ་རེ་བཞིན་ཞིབ་འཇུག་དང་གཏན་འབེབས་བྱེད་དགོས་པ་དང་། བཅོས་སྒྲིག་དུས་ཚོད་ཁ་གསལ་བཟོ་བ། བཅོས་སྒྲིག་འགན་འཁྲི་དོན་འཁྱོལ་བཅས་བྱས་ཏེ་ཕྱོགས་ཡོངས་ནས་བཅོས་སྒྲིག་གནད་ལ་འཁེལ་བའི་འགན་ལེན་བྱས་ནས་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་གྱི་རྨང་གཞི་སྲ་བརྟན་དུ་གཏོང་དགོས་ཟེར།
ཚོགས་འདུའི་སྟེང2024ལོའི་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་བྱ་བའི་གནས་ཚུལ་དང་ཁུལ་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་མི་དམངས་སྲུང་རགས་འཛུགས་སྐྲུན་བྱ་བའི་གནས་ཚུལ་ཁྱབ་བརྡ་བཏང་བ་དང་། འཇུ་ལག་རྫོང་དང་མདོ་ལ་རྫོང་། ཁུལ་འཕྲོད་བསྟེན་བདེ་ཐང་ཨུ་ལྷན། ཁུལ་རིག་གནས་ཡུལ་སྐོར་ཅུས་བཅས་ཀྱིས་བརྗེ་རེས་གཏམ་བཤད་གནང་བ་དང་། རྫོང་སོ་སོ་དང་ཁོངས་མིའི་ལས་ཁུངས་སོ་སོས2024ལོའི་བདེ་འཇགས་མཚོ་བྱང་འཛུགས་སྐྲུན་བྱ་བའི་ཐད་ཡིག་ཐོག་ནས་སྙན་ཞུ་ཕུལ།
ཚོགས་འདུ་བརྙན་ལམ་གྱི་རྣམ་པའི་ཐོག་ནས་འཚོགས་པ་དང་། ཁུལ་གྱི་མགོ་ཁྲིད་སངས་རྒྱས། སི་ཅི་ཧྲིན། ཚོ་ཅི་ཆང་། སུའུ་བདུན་ཅུ། ཧན་ཧྲི། ཁྲང་ལིན། མ་ཝུན་ཆོན། ཁྲིན་ཡུང་ཅེ་བཅས་ཞུགས།

州委平安海北建设领导小组暨州国家安全人民防线建设工作领导小组会议召开

5月13日下午,州委平安海北建设领导小组暨州国家安全人民防线建设工作领导小组会议召开,传达学习省委平安青海建设领导小组暨省国家安全人民防线建设工作领导小组会议精神,系统总结2024年平安海北建设工作,分析当前工作形势,安排部署重点工作任务。州委书记、州委平安海北建设领导小组组长夏吾杰出席会议并讲话,州委副书记、政法委书记、州委平安海北建设领导小组副组长张爱红主持。
会议充分肯定去年平安海北建设和国家安全人民防线建设工作成效。指出,要深入贯彻习近平法治思想,认真践行总体国家安全观,全面落实省委平安青海建设领导小组会议精神,把持续推进平安海北建设作为重要政治任务,进一步深化底线思维、极限思维,切实履行好维护国家安全、社会稳定的重大责任,聚焦群众急难愁盼问题,严厉打击突出违法犯罪,不断优化营商环境,以高水平安全护航全州经济社会高质量发展。
会议强调,要深刻把握突出风险,既抓浮于表面的“显性问题”,也查埋藏深处的“隐性问题”,全面起底风险隐患,织密兜牢基础网底。全力抓好关键措施,坚持和发展新时代“枫桥经验”海北实践,加大困难群体帮扶救助和社会保障力度,扎实推进综治中心规范化建设,持续构筑社会治安整体防控体系,源头化解矛盾纠纷,确保全州和谐稳定。用心凝聚强大合力,严格落实“书记抓、抓书记”政治责任,发挥好“四级书记抓平安”机制牵引作用,加大财政支持力度,夯实基层治理根基,优化督导考核机制,杜绝形式主义和作风问题发生。
会议要求,要牢固树立“一盘棋”思想,既立足当前,又着眼长远,强化部门间协同联动,建立常态化协调机制,定期会商解决难点堵点问题,切实形成上下联动、左右协同的良好工作格局。重点攻坚抓推进,坚持问题导向、目标导向、结果导向,聚焦矛盾纠纷化解、维护社会稳定、未成年人保护等关键领域,实行县级领导包联包抓机制,推动“难点问题在一线解决”。聚力整改抓提升,认真对照省委平安办反馈问题,逐项逐条研究制定整改责任清单、明确整改时限、落实整改责任,确保全面整改到位,夯实平安海北建设根基。
会议通报2024年平安海北建设工作情况、全州国家安全人民防线建设工作情况,门源县、祁连县、州卫生健康委、州文旅局作交流发言,各县和成员单位就2024年平安海北建设工作进行书面汇报。
会议以视频形式召开,州领导生杰、司吉昇、曹际强、苏东曲、韩石、常林、马文全、陈永洁参加。