ཆུ་འཐུང་རྗེས་གནད་དོན་འདི4བྱུང་ན་མཁལ་མར་ནད་ཡོད་པ་རེད།
发布时间:2025年05月29日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

མཁལ་མ་ནི་མིའི་ལུས་ཕུང་གི་ཕྱིར་འབུད་དབང་བོ་གལ་ཆེན་གྱི་གྲས་ཤིག་ཡིན། ཆུ་འཐུང་རྗེས་གལ་ཏེ་རྒྱུན་ལྡན་མིན་པའི་རྟགས་འདི4བྱུང་ན། ཕལ་ཆེར་མཁལ་མས“རོགས་སྐྱོབ་བརྡ་རྟགས”གཏོང་བཞིན་པ་རེད། 

མཉམ་དུ་རྒྱུས་ལོན་བྱ། 

↓↓↓

  • གདོང་དང་རྐང་ལག་སྐྲངས་པ། 

མཁལ་མ་གཙོ་བོ་ཆུ་ཡིས་གསོ། མཁལ་མ་མི་བདེ་བའི་སྐབས་བཤེར་ཁུའི་སྙོམ་སྒྲིག་ལ་གནད་དོན་བྱུང་ནས་གདོང་དང་རྐང་ལག་བཞི་སྐྲངས་པ་རེད། 

  • མཚན་མོར་གཅིན་གཏོང་རྒྱུ་མང་བ།

མཚན་མོར་གསང་སྤྱོད་ཁང་དུ་འགྲོ་རྒྱུ་མང་བ་ནི་མཁལ་མ་འཁུམ་པའི་ནུས་པ་ཇེ་ཆུང་དུ་འགྲོ་བའི་རྟགས་རེད་ལ། ལྒང་བུར་གནད་དོན་བྱུང་བའང་ཡིན་སྲིད། སྐྱེས་པའི་ངོས་ནས་བཤད་ན། ད་དུང་མདུན་ཆགས་གཤེར་རྨེན་ཕྱོགས་ཀྱི་ནད་ལ་དོ་སྣང་བྱེད་དགོས།

  • སྤྲི་དཀར་དྲི་ཆུ།

སྤྲི་དཀར་དྲི་ཆུ་ནི་མཁལ་ནད་ལ་གནོད་སྐྱོན་ཐེབས་པའི་རྒྱུན་མཐོང་གི་མངོན་ཚུལ་ཞིག་ཡིན་ཏེ་ཚང་མས་རྒྱུན་དུ་བཤད་པའི་ལྦུ་བའི་གཅིན་ཡིན། དེ་ནི་མཁལ་མའི་ཟླུམ་ཆུང་འཚག་སྐྱི་ལ་གནོད་སྐྱོན་ཐེབས་པས། སྤྲི་དཀར་ཕྱིར་ཤོར་ནས་གཅིན་པའི་ནང་དུ་སྤྲི་དཀར་འདུས་ནས་ལྦུ་བ་སོབ་སོབ་བྱུང་བ་ཡིན་པས་དོགས་ཟོན་ཆེན་པོ་བྱེད་དགོས།

  • ཁྲག་ཤེད་མཐོ་བ། 

མཁལ་མ་མི་བདེ་ཚེ་འཐུང་བའི་ཆུ་ཕྱིར་གཏོང་མི་ཐུབ་པས། ཆུ་ཁྲག་རྩའི་ནང་བསགས་ཚེ་ཁྲག་ཤེད་ཇེ་མཐོར་འགྲོ་བ་མ་ཟད། སྤྱིར་བཏང་ཁྲག་ཤེད་ཇེ་དམའ་རུ་གཏོང་བའི་སྨན་གྱིས་ཞི་ལྷོད་དུ་གཏོང་མི་ཐུབ།