༼ བོད་མཁར་རྐང་ཚ་བདུད་རྩི་ལུམས་ཀྱི་བསྟི་གནས ༽ཞེས་པ་བརྗོད་དོན་ཡིན་པའི་རྐང་ཚ་རྫོང་གིས2025ལོའི་ཀྲུང་བོད་གསོ་རིག་རྒྱུན་འཛིན་དར་སྤེལ་དང་། བོད་ལུགས་གསོ་རིག་གི་བདུད་རྩི་ལུམས་ཀྱི་རིག་གནས་ཉམས་ལེན་བྱེད་སྒོ་སྐབས་གསུམ་པ་གཟབ་རྒྱས་ངང་སྤེལ།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་བོད་སྨན་ཁང་། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ5པའི་ཚེས30ཉིན། རྐང་ཚ་རྫོང་འཕྲོད་བསྟེན་བདེ་ཐང་ཅུས་ཀྱིས་གཙོ་སྒྲུབ་བྱས་པ་དང་རྐང་ཚ་རྫོང་ཀྲུང་བོད་གསོ་རིག་གིས་མཉམ་འབྲེལ་ངང་འགན་སྒྲུབ་བྱས་པའི༼རྐང་ཚ་རྫོང་གིས2025ལོའི་ཀྲུང་བོད་གསོ་རིག་སྨན་བཅོས་རིག་གནས་དར་སྤེལ་གཏོང་བ་དང་། བོད་ལུགས་གསོ་རིག་གི་བདུད་རྩི་ལུམས་ཀྱི་རིག་གནས་ཉམས་ལེན་བྱེད་སྒོ་སྐབས་གསུམ་པ ༽རྐང་ཚ་རྫོང་གསེར་ཉའི་གཞིས་ཁྱིམ་དུ་གཟབ་རྒྱས་ངང་སྤེལ། འབྲེལ་ཡོད་ཁུལ་དང་རྫོང་གི་ལས་བྱེད་པ། གསར་འགྱུར་ལས་ཁུངས་བཅས་བྱེད་སྒོར་ཞུགས།
ཐེངས་འདིའི་བྱེད་སྒོ་དེ“ཡུས་མིན་ཧུང་དང་མཉམ་དུ་མཚོ་སྔོན་དུ་བསྐྱོད་པའི”བྱེད་སྒོ་དང་དུས་ཚོད་གཅིག་ཏུ་འཕྲད། ཡུས་མིན་ཧུང་དང་ཁོའི་ཚོགས་པས་བོད་ཀྱི་གསོ་རིག་གི་ཁྱད་ཆོས་ལྡན་པའི་རྩ་བརྟག་པ་སོགས་ཀྱི་སྨན་བཅོས་བྱེད་ཐབས་ལ་དངོས་སུ་ཉམས་ལེན་བྱས་ཤིང་། ཀྲུང་བོད་གསོ་རིག་གི་སྨན་རྫས་སྣ་མང་ལས་གྲུབ་པའི་ཁམས་གསོ་བཏུང་ཇ་སོགས་མྱོང་རོལ་བྱས་ནས་ཀྲུང་བོད་གསོ་རིག་གི་ཐུན་མོང་མ་ཡིན་པའི་རིག་གནས་ཀྱིས་ཡིད་སེམས་དབང་མེད་ངང་འཕྲོག
ཐེངས་འདིའི་བྱེད་སྒོ་རྒྱལ་ཁའི་ངང་འཚོགས་པ་དེས་རྐང་ཚ་རྫོང་གི་ལས་བྱེད་པ་དང་མང་ཚོགས། ཡུས་མིན་ཧུང་དང་ཁོའི་ཚོགས་པས་ཀྲུང་བོད་གསོ་རིག་གི་རྒྱ་ཆེ་ཞིང་གཏིང་ཟབ་པའི་རིག་གནས་ལ་ཉམས་ལེན་བྱས་ཤིང་། མང་ཚོགས་ཀྱིས་ཀྲུང་བོད་གསོ་རིག་གི་ཁས་ལེན་གནང་ཚད་སྔར་བས་མཐོ་རུ་ཕྱིན་ལ་ཀྲུང་བོད་གསོ་རིག་གི་རིག་གནས་དེ་མང་ཚོགས་ཀྱི་རྒྱུན་གཏན་འཚོ་བའི་ཁྲོད་དུ་ཏན་ཏིག་ངང་འདྲེས་ཡོད།