ཐུན་ཏེ་རྫོང་གིས་སྡོད་དམངས་ཀྱི་སྐྱིད་སྣང་ཆེ་རུ་བཏང་།
发布时间:2025年06月06日
消息来源:
རྩོམ་སྒྲིག་པ།ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་སྔོན་བོད་ཡིག་གསར་འགྱུར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
དཔྱིད་རླུང་དལ་གྱིས་ལྡང་ཞིང་རྩི་ཤིང་ཐམས་ཅད་ལ་གསོན་ཤུགས་རྒྱས་བཞིན་པའི་སྐབས་འདིར། ཐུན་ཏེ་རྫོང་དུ་དམངས་འཚོའི་བཟོ་བཀོད་གལ་ཆེན་ཞིག་བསུས་ཡོད་དེ། 2024ལོར་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤང་ལྗོངས་མཐོར་འདེགས་དང་བསྒྱུར་བཀོད་ལས་གཞི་དངོས་སུ་མགོ་ཚུགས་ཡོད། ལས་གཞི་དེར་མ་དངུལ་བསྡོམས་འབོར་སྒོར་ས་ཡ་དྲུག་འབུམ་དྲུག་ཁྲི་བདུན་བཏང་བ་དེའི་དམིགས་ཡུལ་ནི་རྫོང་མཁར་གྱི་ས་མུའུ65ལ་ཡུལ་ལྗོངས་མཐོར་འདེགས་དང་སྐྱེ་ཁམས་ཉམས་གསོ། ངལ་གསོ་སྤྲོ་གསེང་བཅས་གཞི་གཅིག་ཏུ་འདུས་པའི་ལྗང་མདོག་བར་སྟོང་དུ་བསྐྲུན་ནས་ས་མཐོའི་གྲོང་རྡལ་ཆུང་གྲས་ལ་གསོན་ཤུགས་གསར་པ་མངོན་རྒྱུ་དེ་རེད།

ཐུན་ཏེ་རྫོང་གི2024ལོའི་གྲོང་ཁྱེར་དང་གྲོང་རྡལ་གྱི་སྤང་ལྗོངས་མཐོར་འདེགས་དང་བསྒྱུར་བཀོད་ལས་གཞི་ནི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་སྔོ་ལྗང་གི་རི་ཆུ་ནི་གསེར་རི་དང་དངུལ་རི་ཡིན་པའི་འདུ་ཤེས་ལག་ལེན་ཏུ་བསྟར་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ལས་གཞི་དེ་སྐྱེ་ཁམས་འཚོ་གནས་དང་ལྗང་མདོག་མཉམ་སྤྱོད་དམིགས་ཚད་དུ་བྱས་ཏེ། ཐུན་ཏེ་རྫོང་དང་ཀོས་ནན་རྫོང་བྱང་ལམ་གྱི་ནུབ་ཕྱོགས་མུའུ10དང་ལྷོ་རྒྱུད་ལམ་གྱི་མདའ་འཕེན་ར་བའི་འགྲམ་གྱི་མུའུ55ཡི་ས་ཁོངས་ལ་ལྗང་མདོག་དང་རིམ་སྤོར་བྱ་རྒྱུ་རེད།

ལས་གཞི་དེར་མ་དངུལ་བསྡོམས་འབོར་སྒོར་ས་ཡ་དྲུག་འབུམ་དྲུག་ཁྲི་བདུན་བཏང་བ་དང་། 2024ལོའི་ཟླ3པར་མགོ་ཚུགས་ནས་ཟླ12བར་ལེགས་འགྲུབ་བྱ་རྒྱུའི་འཆར་གཞི་ཡོད།ལས་གཞི་དེས་ཐོག་མར་ས་ཆ་དང་འཚམ་པའི་སྡོང་བོ་འདེམས་པ་རྒྱུན་འཁྱོངས་བྱས་ཏེ་སྡོང་རིགས24དང་རྩྭའི་ས་བོན་རིགས3བདམས་ནས་རིམ་པ་མང་བའི་གཅིག་བསྡུས་སྐྱེ་ཁམས་བསྐྲུན་རྒྱུ་རེད། སྒྲིག་བཀོད་འཛུགས་སྐྲུན་ཐད་སྨི་ཁྲི2.56ཡི་ཆུ་གཏོར་སྦུག་དྲ་དང་ཆུ་མཛོད4བསྐྲུན་ནས་རིག་ནུས་ཅན་གྱི་ཆུ་འདྲེན་མངོན་འགྱུར་བྱ་རྒྱུ་ཡིན་པ་མ་ཟད། སྨི1660ཡི་འགོག་སྲུང་ར་བ་སྒྲིག་འཛུགས་བྱས་ནས་བདེ་འཇགས་རང་བཞིན་དང་ཡུལ་ལྗོངས་ཀྱི་ཕན་འབྲས་ཆེ་རུ་གཏོང་རྒྱུ་རེད།རྒྱུས་ལོན་པ་ལྟར་ན། ལས་གཞི་འཛུགས་སྐྲུན་སྐབས་སུ་སྔོན་དཔག་བྱས་ན་ས་གནས་ཀྱི་ངལ་རྩོལ་པ95བསྡུ་ལེན་བྱས་ནས་ངལ་རྩོལ་གླ་ཕོགས་སྒོར་འབུམ་ལྔ་ཁྲི་དགུ་སྟོང་གཅིག་ལྔ་བརྒྱ་སྤྲོད་དགོས་ཤིང་། འཛུགས་སྐྲུན་རྗེས་སུ་སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་གཏོང་ཐུབ་པ་དང་སྐྱེ་དངོས་སྣ་མང་རང་བཞིན་ཆེ་རུ་གཏོང་བ། གྲོང་ཁྱེར་གྱི་ཁོར་ཡུག་ཇེ་ལེགས་སུ་གཏོང་ཐུབ་པ་མ་ཟད། མཐའ་འཁོར་གྱི་སྡོད་དམངས་ལ་ཐད་ཀར་ཕན་ཁེ་བསྐྲུན་ཐུབ་པ་དང་མི་རེའི་ཆ་སྙོམས་སྤང་ལྗོངས་རྒྱ་ཁྱོན་མང་དུ་གཏོང་བ། འཚོ་བའི་སྤུས་ཚད་མཐོ་རུ་གཏོང་བ་དང་སྐྱིད་སྣང་ཆེ་རུ་གཏོང་བ་བཅས་ལ་ཕན་པ་ཆེན་པོ་ཡོད། ལས་གཞི་ལེགས་འགྲུབ་བྱུང་རྗེས། ཐུན་ཏེ་རྫོང་གིས་གྲོང་ཁྱེར་ལྗང་མདོག་གི་ཁྲོད་དུ་གནས་པ་དང་མི་རྣམས་ཡུལ་ལྗོངས་ཀྱི་ཁྲོད་དུ་གནས་པའི་སྐྱེ་ཁམས་རྣམ་པ་ཆགས་པར་བྱས་ཏེ། གྲོང་ཁྱེར་དང་གྲོང་རྡལ་གྱི་སྤུས་ཚད་དང་སྡོད་དམངས་ཀྱི་སྐྱིད་སྣང་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས། མཐོ་སྒང་གི་གྲོང་ཁྱེར་དང་གྲོང་རྡལ་གྱི་ལྗང་མདོག་དང་གྲོང་གསེབ་དར་སྤེལ་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་ཚད་གཞི་འཛུགས་རྒྱུ་རེད།