གཡུ་དཀར་འོམ་ལུང་ཡུལ་ཚོའི“མི་རིགས་མཐུན་སྒྲིལ་རྟགས་མའི”རོང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དགུ་པ་འཚོགས།
发布时间:2025年06月09日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

ཟླ་དྲུག་པའི་རྐང་ཚའི་རྩྭ་ཐང་དུ་མེ་ཏོག་རྣམ་པར་བཀྲ་ཞིང་སྤང་ལྗོངས་གོས་སུ་བཀླུབས། རྟ་མཆོག་སྟོང་གི་བང་ཁ་ཀློད་ཅིང་སྟག་ཤར་གཞོན་ནུའི་སྣང་བ་ཡངས་སའི་གནས་མཆོག་འདི་ནས། རྒན་དར་གཞོན་གསུམ་གྱིས་ལུས་ལ་དུས་ཆེན་གྱི་གཟབ་མཆོར་ལེགས་པར་སྤྲས་ཏེ། སྔོ་ལྗང་ལྗང་གི་རྩྭ་ཐང་དུ་དད་ཀྱིས་བསྐྱོད་པ་ནི་ཁྲ་ཆིལ་མེ་ཏོག་གི་ཚོམ་བུ་ལ་དཔྱིད་རླུང་དལ་མོས་རམ་འདེགས་དང་སྡོང་ནས་དབྱར་གྱི་རང་མདངས་ལ་བསུ་མ་བྱེད་པ་དང་གཉིས་སུ་མ་མཆིས་པས། ཕྱོགས་ཡོང་སྐུ་མགྲོན་དང་ཡུལ་སྐོར་བས་དགའ་བསུ་ཆེན་པོ་ཐོབ།

图片

ཟླ6པའི་ཚེས5ཉིན། གཡུ་དཀར་འོམ་ལུང་ཡུལ་ཚོའི"མི་རིགས་མཐུན་སྒྲིལ་རྟགས་མའི"རོང་འབྲོག་པའི་ལུས་རྩལ་འགྲན་ཚོགས་ཀྱི་དགྱེས་སྟོན་དེ་ཡངས་ཤིང་རྒྱ་ཆེ་བའི་འོམ་ཆུ་རྩྭ་ཐང་དུ་མཐུན་སྒྲིལ་ཡར་བརྩོན་གྱི་རོལ་དབྱངས་དང་མཉམ་དུ་མགོ་བརྩམས། ཡུལ་ཚོ་ཡོངས་ཀྱི་སྡེ་བ6གི་རོང་འབྲོག་པའི་ལུས་རྩལ་པ260ལྷག་ཙམ་གྱིས་ལུས་ལ་ཚོན་མདངས་རྣམ་པར་བཀྲ་བའི་རྒྱན་གོས་གྱོན་ཞིང་ལུས་རྩལ་འགྲན་རའི་ནང་ལྟད་མོ་བའི་དགའ་འབོད་དང་མཉམ་དུ་དམངས་སྲོལ་རིག་གནས་ཀྱི་ཁྱད་ཆོས་ལྡན་པའི་འགྲན་སྡུར་ལ་ཞུགས།

图片

མགོ་རྩོམ་མཛད་སྒོའི་སྟེང་། ལུས་རྩལ་པའི་དཔའ་ཉམས་ལྡན་པའི་གོམ་སྟབས་རྩྭ་ཐང་དུ་བསྒྱུར་བ་དེས་ཐུན་མོང་མ་ཡིན་པའི་དམངས་སྲོལ་གྱི་ཡིད་དབང་འཕྲོག་ཤུགས་མངོན་པར་མཚོན་ཡོད་ལ། ངོ་མཚར་ཆེ་བའི་མི་རིགས་ཀྱི་གླུ་དང་གར་གྱི་འགྱུར་ཁུགས་དང་སྟངས་སྟབས་ཁྲོད་ནས་རྩྭ་ཐང་གི་བུ་དང་བུ་མོའི་སྤྱང་གྲུང་ལྡན་པའི་བློ་སྤོབས་དང་ལྷག་བསམ་དཀར་པོའི་རང་མདངས་ལས་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་རེ་སྨོན་དང་མི་རིགས་མཐུན་སྒྲིལ་ལ་བཅངས་པའི་འགྱུར་མེད་ཀྱི་གཏམ་རྒྱུད་བརྗོད་བྱུང་།

图片

ཐེངས་འདིའི་ལུས་རྩལ་འགྲན་ཚོགས་ཐོག་འབྲི་བཞོ་བ་དང་རྟ་རྒྱུག་པ། བོད་འགྲིག་འགྲན་སྡུར། སྦྲ་ཕུབ་པ། ཐི་གུ་འཁེལ་བ། འཕང་འཁེལ་བ་སོགས་སྲོལ་རྒྱུན་གྱི་བྲོ་བ་དང་རྩལ་འགྲན་གྱི་སྤྲོ་སྣང་ལྡན་པའི་འགྲན་སྡུར་རྣམ་གྲངས24བཀོད་སྒྲིག་ཞིབ་ཚགས་བྱས་ཏེ་འགྲན་སྡུར་བྱས་པས་འགྲན་ཞུགས་པའི་བྱང་ཆ་ལྡན་པའི་རྩལ་ནུས་དང་ཉམས་མྱོང་ལས་ཐོན་པའི་ལག་ལེན་སོགས་ལ་ཀུན་གྱིས་དགའ་བསུ་ཆེན་པོ་ཐོབ།

图片
图片
图片
图片

གོམ་སྟབས་རྗེས་མར། གཡུ་དཀར་འོམ་ལུང་ཡུལ་ཚོས་ཐེངས་འདིའི་ལུས་རྩལ་འགྲན་ཚོགས་གོ་སྐབས་སུ་བྱས་ཏེ། རིག་གནས་ལུས་རྩལ་བྱེད་སྒོ་སྣ་ཚོགས་རྒྱུན་མཐུད་ངང་སྤེལ་བ་དང་། རོང་འབྲོག་མང་ཚོགས་ཀྱི་བསམ་པའི་རིག་གནས་འཚོ་བ་རྒྱུན་ཆད་མེད་པར་ཕུན་སུམ་ཇེ་ཚོགས་སུ་བཏང་ནས་མཐུན་སྒྲིལ་གྱི་མེ་ཏོག་རྩྭ་ཐང་དུ་རྟག་པར་བཞད་པ་དང་གྲོང་གསེབ་དར་སྤེལ་ལ་རྒྱུན་ཆད་མེད་པའི་བསམ་པའི་སྒུལ་ཤུགས་སྣོན་རྒྱུ་རེད།