རྐང་ཚ་རྫོང་གིས་ཁོར་ཡུག་འཕྲོད་བསྟེན་གཅིག་སྡུད་བཅོས་སྐྱོང་གི་ལོ་གསུམ་ལག་བསྟར་བྱེད་མགོ་བརྩམ།
发布时间:2025年06月12日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཞིན་ཧྭ་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

 

མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ཁོར་ཡུག་འཕྲོད་བསྟེན་གཅིག་སྡུད་བཅོས་སྐྱོང་གི་ལོ་གསུམ་ལག་བསྟར་བྱེད་མགོ་བརྩམས་ནས་རྒྱལ་སྤྱིའི་སྐྱེ་ཁམས་གནས་སྐོར་དམིགས་གནས་མཚོ་སྔོན་པོའི་དཔེ་སྟོན་ཁུལ་གསར་འཛུགས་དང་མདོ་ལ་རི་བོ་དང་མཚོ་སྔོན་པོའི“རྒྱལ་ཁབ་སྤྱི་གླིང་ཟུང”འཛུགས་སྐྲུན་བྱེད་པའི་ལས་འགན་ལག་བསྟར་དངོས་འབེབས་བྱས་པ་དང་། རྫོང་ཨུའི་སྐབས་བཅོ་ལྔ་པའི་གྲོས་ཚོགས་ཐེངས་བརྒྱད་པ་བཏོན་པའི“ཚད་མཐོའི་སྲུང་སྐྱོབ། ཚད་མཐོའི་འཕེལ་རྒྱས། སྤུས་ཚད་ལྡན་པའི་འཚོ་བ།”དང“རྐང་ཚའི་སྐྱེ་ཁམས་ཀྱི་དགེ་མཚན་ཇེ་རྒྱས་ཇེ་ལེགས་སུ་འགྲོ་བའིདམིགས་འབེན་གྱི་བླང་བྱའི་གཡུལ་ས་རིས་སུ་བཀོད་དེ་རྣམ་པར་རྒྱལ་བའི་བཅོས་སྐྱོང་བྱེད་རྒྱུ་རེད།

སྒྲིབ་འགོག་མེད་པརསྐྱོན་ཡོངས་མངོན་པདང“གཅིག་ལས་ཀུན་མངོན”ལ་བརྟེན་ནས་གསལ་རྗེན་དུ་མཐོང་ཕོད་པ་དང་། བརྙན་ལམ་བརྒྱུད་དེ་མཁར་ཁུལ་དང་གྲོང་སྡེ། ཁྲོམ་ར། ལྗོངས་ཁུལ། གཞུང་ལམ་ཟམ་པའི་འགྲམ་རྒྱུད་དང་གཙང་བོའི་འབབ་རྒྱུད་ཀྱི་གང་འདོད་དུ་འཐེན་པའིསྐུད་དྲ”དང་གང་བྱུང་དུ་ལས་པའི“འཛུགས་སྐྲུན”“བཙོག་སྐྱོན”སོགས་ཀྱི་སྣང་ཚུལ་ངན་པ་མངོན་པར་མཐོང་བ་དང་།  དངོས་ཐོག་བདེན་འཚོལ་གྱིས་མིག་སྔར་གནས་པའི་ཁོར་ཡུག་གི་གནད་དོན་མངོན་གསལ་ཅན་ལ་ངོས་འཛིན་གསལ་པོ་དང་ཐད་ཀར“གནད་དུ་སྨིན་པའི”ཐག་གཅོད་བྱེད་རྒྱུ། ཁྱོན་ཡོངས་ནས་ལག་བསྟར་བྱེད་པའི་རྒྱབ་ལྗོངས་དང་གོ་རིམ། རྫོང་རིམ་པའི་འགོ་ཁྲིད་ཀྱིས་ཡུག་གཅིག་ཏུ་འབྲེལ་བ་བྱེད་པའི་འགན་འཁྲི་དང་ཁྱབ་ཁོངས་ཆེན་པོ་བརྒྱད་ཀྱི་གཅིག་བསྡུས་བཅོས་སྐྱོང་ལས་འགན་བཅས་ཀློག་འགྲེལ་བྱས་ཏེ། དུས་ཡུན་ཐུང་བརའཐབ་ར་ལས་རྣམ་པར་རྒྱལ་པ”“ཡུན་རིང་རྒྱུན་འཐབ་བྱེད་པའི”སྔོན་སླ་རྗེས་དཀའི་བཅོས་སྐྱོང་གི་བསམ་བློ་བཏོནནས། སྐུད་སྡོང་དང་གད་སྙིགས། བཙོག་ཆུ། གསང་སྤྱོད་ཁང་། འཕྲུལ་སྒུལ་འཁོར་ལོ། རང་སྐྲུན་སྡོད་ཁང་། ལྗོངས་ཕྱིའི་བརྡ་ཁྱབ། ནད་ཀྱིས་ཤི་བའི་སྒོ་ཕྱུགས་དང་ཁྱིམ་བྱའི་རིགས། ས་རྐོ་རྡོ་སློག ཞིང་ལས་ཐོན་སྐྱེད་ཀྱི་བེད་མེད་དངོས་རོ་སོགས་བཅོས་སྐྱོང་གི་ནང་དོན་ཁག36གསལ་བོ་རྟོགས་དགོས།  རྫོང་ཡོངས་ཀྱིས“སྐྱེ་ཁམས་གཙིགས་སུ་འཛིན་པའི”འདུ་ཤེས་དང་། “གཅིག་གྱུར་གྱི”བསམ་བློ་བརྟན་པོར་འཛུགས་པའི་བླང་བྱ་བཏོན་ནས། ཡིད་ཆེས་ཆེར་སྐྱེད་དང་འབད་འཐབ་ཤུགས་བསྐྱེད། དངོས་འཛིན་དངོས་སྒྲུབ་བཅས་བྱེད་པ་དང་། གཅིག་གྱུར་འཆར་འགོད་དང་ལས་སྒྲུབ་ཕན་ཆེའི”བྱེད་ཐབས་འདི་སྤྱད་དེ། “མང་ཚོགས་ལ་སྐུལ་སློང་དང་དམངས་ཡོངས་ཞུགས་པདམ་དུ་འཛིན་པ། “དངོས་དོན་གཉེར་བདང་དཀའ་སེལ་ཤུགས་འདོནགྱི་གནད་འགག་ལ་འབད་པ། “མ་དངུལ་མང་དུ་གཏོང་བ་དང་སྒྲིག་ཆས་ཆ་ཚང་སྒྲིག་བཀོད”ཀྱི་རྨང་གཞི་སྲ་བརྟན་དུ་གཏོང་བ། “སློབ་སྟོན་ལྟ་སྐུལ་ཞིབ་བཤེར་དང་དཔྱད་བསྡུར་ནན་མོཡི་ཡོ་བྱད་ཡག་པོ་འཁོར་བསྐྱོད་བྱེད་པ “སྒྲིག་སྲོལ་ལམ་ལུགས་འཛུགས་པ་དང་ཕུགས་ཕན་དོ་དམ”གྱི་གཞི་རྩར་ཤུགས་སྣོན་བ་བཅས་བྱས་ཏེ། ནུས་ཤུགས་ཡོད་རྒུས་མཁར་གྲོང་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་ལས་དོན་དམ་དུ་བཟུང་སྟེ། སེམས་ཤུགས་གཅིག་སྒྲིལ་གྱིས་གཙང་ཞིང་དག་པ་དང་མཛེས་ཤིང་སྡུག་པ། ཡིད་དབང་འཕྲོག་པ།

 སྤུས་བཟང་མངོན་པའི་རྐང་ཚ་བསྐྲུན་རྒྱུ། ལས་དོན་འདིས་མང་ཚོགས་ཀྱི་འཚོ་བའི་སྤུས་ཚད་ཇེ་ལེགས་སུ་གཏོང་རྒྱུ་དེ་རྩ་བའི་དམིགས་འབེན་དུ་བཟུང་སྟེ ནུས་ཤུགས་ཡོད་རྒུས་མང་ཚོགས་ཉེ་འགྲམ་གྱི་ཁོར་ཡུག་གི་གནད་དོན་མངོན་གསལ་ཅན་ལ་དམིགས་ཏེ། གཏིང་ཟབ་སྒོས་སྦགས་བཙོག་འགོག་བཅོས་ཀྱི་མཁྲེགས་གཏོར་དམག་འཐབ་དངགྲོང་གསེབ་འཛུགས་སྐྲུན་གྱི་སྤུས་འདེགས་བྱ་སྤྱོད་ཟུང་འབྲེལ་བྱས་ནས ས་ཁོངས་ཡོངས་ལ་གྲལ་བཤེར་དང་ཁྱོན་ཡོངས་ནས་གཙང་བཤེར ནུས་ཤུགས་ཡོད་རྒུས་ཐག་གཅོད། དུས་ནམ་ཡང་ལྟ་སྐུལ་དོ་དམ། ཕྱོགས་ཡོངས་ནས་མཐོར་འདེགས་གཏོང་བའི་ཁོར་ཡུག་ལྟ་སྐུལ་དོ་དམ་གྱི་མ་ལག་གསར་དུ་བཙུགས་ཏེ། ལོ་གསུམ་གྱི་ནང་ལ་ཞན་ཆར་གསབ་སྣོན་དང་ཉམ་པ་སྟོབས་འགྱུར། རྨང་གཞི་སྲ་བརྟན། ལེགས་ཆ་འདོན་སྤེལ་བཅས་བྱས་ནས་སྔོ་ལྗང་རི་ཀླུང་གི་ཕན་འབྲས་འབུར་དུ་ཐོན་པ་དང་མི་དམངས་ཀྱིས་གཅིག་སྡུད་བཅོས་སྐྱོང་གི་གྲུབ་འབྲས་རེག་ཐུབ་བྱ་དགོས།