གསེར་ཉ་སྐྱེ་འཕེལ་སྲོག་བླུ་དང་ཉ་གཟིགས་དུས་ཚིགས་མཛད་སྒོ་སྤེལ།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མཉམ་འདྲེས་སྨྱན་བྱད་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ6པའི་ཚེས11ཉིན། 2025ལོའི་སྐབས་བཅུ་བདུན་པའི་མཚོ་སྔོན་པོའི་གསེར་ཉ་སྐྱེ་འཕེལ་སྲོག་བླུ་དང་ཉ་གཟིགས་དུས་ཚིགས་ཀྱི་མགོ་ཚུགས་མཛད་སྒོ་རྐང་ཚ་རྫོང་གསེར་ཉའི་གཞིས་ཁྱིམ་ལྗོངས་ཁུལ་དུ་སྤེལ།ཐེངས་འདིའི་བྱེད་སྒོ་ནི་ཀྲུང་གུང་རྐང་ཚ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་དང་མཚོ་སྔོན་པོ་གསེར་ཉ་སྲུང་སྐྱོབ་ལྟེ་གནས་ཀྱིས་འགན་སྒྲུབ་བྱས་པ་དང་།ཀྲུང་གུང་རྐང་ཚ་རྫོང་ཨུའི་དྲིལ་སྒྲོག་པུའུ་དང་རྐང་ཚ་རྫོང་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ་གཉིས་ཀྱིས་འགན་སྒྲུབ་བྱས།

ཁུལ་ཨུའི་རྒྱུན་ཨུ། འཐབ་ཕྱོགས་གཅིག་གྱུར་པུའུ་ཡི་པུའུ་ཀྲང་ཧྥེང་ཅེ། ཁུལ་དམངས་ཆེན་རྒྱུན་ལས་ཨུ་ལྷན་ཀྲུའུ་རེན་གཞོན་པ་ལེས་ཞའེ་ཀྲིན།ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཧཱ་བུན་ཕྱུག ཁུལ་སྲིད་གྲོས་ཀྲུའུ་ཞི་གཞོན་པ་ལུན་ཡོན་ཧྲིན།རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་ལིས་བུན་ལེན།རྐང་ཚ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་རྫོང་སྲིད་གཞུང་གི་རྫོང་དཔོན་ཀྲང་ཆི་ཧྥེང་། རྐང་ཚ་རྫོང་སྲིད་གྲོས་ཏང་ཙུའུ་ཧྲུའུ་ཅི། ཀྲུའུ་ཞི་ཆིན་ཧྲི་ཧྥུ། རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་འོམ་ཆུ་གྲོང་རྡལ་ཏང་ཨུའི་ཧྲུའུ་ཅི་མཱ་ཞོ་ཕེན། དེ་བཞིན་ཁུལ་ཨུའི་དྲིལ་སྒྲོག་པུའུ་དང་ཁུལ་ཨུའི་འཐབ་ཕྱོགས་གཅིག་གྱུར་པུའུ། ཁུལ་རིག་གནས་ཡུལ་སྐོར་རྒྱང་སྒྲོག་བརྙན་འཕྲིན་ཅུའུ། ཁུལ་ཞིང་ཕྱུགས་དང་ཚན་རྩལ་ཅུའུ། ཁུལ་སྐྱེ་ཁམས་ཁོར་ཡུག་ཅུའུ། ཁུལ་རང་བྱུང་ཐོན་ཁུངས་ཅུའུ་བཅས་ཀྱི་འབྲེལ་ཡོད་འགོ་ཁྲིད་དང་ཀྲུང་གོའི་གསར་འགྱུར་མཚོ་སྔོན་ཡན་ལག་ཁང་། ནུབ་མཚོ་ཚགས་པར་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་སྔོན་དྲ་ལམ་རྒྱང་སྒྲོག་བརྙན་འཕྲིན་ཁང་། མཚོ་བྱང་བརྙན་འཕྲིན་ཁང་། མདོ་ལ་ཚགས་པར་ཁང་སོགས་ཞིང་ཆེན་དང་ཁུལ་གྱི་གསར་འགྱུར་སྨྱན་བྱད་ཁག་གདན་ཞུས་ལྟར་མཛད་སྒོར་ཞུགས།

ཁྱིམ་དུ་སྡོད་པའི་རྫོང་རིམ་པའི་འགོ་ཁྲིད་ལས་བྱེད་པ་ཁག་དང་ཞང་དང་གྲོང་རྡལ་ཁག་གི་ཏང་ཨུ་དང་སྲིད་གཞུང་།རྫོང་ཐད་གཏོགས་སྡེ་ཁག་གི་ཁོངས་མི། མང་ཚོགས་ཚོགས་པ་ཁག རྫོང་དུ་བཅའ་སྡོད་བྱས་པའི་ཞིང་ཆེན་དང་ཁུལ་གྱི་སྡེ་ཁག་གི་འབྲེལ་ཡོད་འགན་འཁུར་བློ་མཐུན། རང་རེའི་རྫོང་གི་ཆོས་ལུགས་ལས་རིགས་ཁག་གི་མི་སྣ་དང་ངལ་རྩོལ་དཔེ་བཟང་མི་སྣ། ལས་འཁྱེར་ངལ་གསོ་བྱས་པའི་ལས་བྱེད་རྒན་པ། སྡེ་དཔོན་ཟུར་པ། ཁོར་སྲུང་མི་སྣ། ཕུལ་བྱུང་དང་བླངས་བ། སློབ་མའི་འཐུས་ཚབ་པ་སོགས་མཛད་སྒོར་ཞུགས་ཡོད།

ཧྲེང་ཅེ་ཡིས“རྐང་ཚ་རྫོང་གི2025ལོའི་སྐབས་བཅུ་བདུན་པའི་མཚོ་སྔོན་པོའི་གསེར་ཉ་སྐྱེ་འཕེལ་སྲོག་བླུ་དང་ཉ་གཟིགས་དུས་ཚིགས་ཀྱི་མགོ་ཚུགས་མཛད་སྒོ”མགོ་བརྩམས་པ་ཁྱབ་བསྒྲགས་བྱས། ཧཱ་བུན་ཕྱུག་དང་ཀྲང་ཆི་ཧྥེང་གཉིས་ཀྱིས་སྔ་རྗེས་སུ་ཤིས་ཚིག་ཕུལ་ཅིང་། མཚོ་སྔོན་ཞིང་ཆེན་ཟི་ལིང་གྲོང་ཁྱེར་ཡོན་ཞིན་གཞུང་དཔང་ཁྲུའུ་ཡི་ལས་བྱེད་མི་སྣས་གཞུང་དཔང་ཁྱབ་བསྒྲགས་བྱས་པ་དང་་། མཱ་ཞོ་ཕེན་གྱིས་མཛད་སྒོར་གཙོ་སྐྱོང་གནང་།

བུན་ཕྱུག་གིས་ཤིས་ཚིག་ཁྲོད་བསྟན་དོན། མཚོ་སྔོན་པོའི་གསེར་ཉ་ནི་མཚོ་སྔོན་པོའི་སྐྱེ་ཁམས་མ་ལག་ཁྲོད་ཀྱི“རྨང་གཞིའི་དངོས་རིགས”ཡིན་པའི་ཆ་ནས། མཚོའི་འགྲམ་ངོགས་ཀྱི་སྐྱེ་ཁམས་དོ་མཉམ་རྒྱུན་འཁྱོངས་ཐུབ་ཡོད་པར་མ་ཟད། མཐོ་སྒང་གི་སྐྱེ་ཁམས་དཔལ་ཡོན་གྱི་མཚོན་རྟགས་ཤིག་ཀྱང་ཡིན། 1982ལོར་མཚོ་བཀག་ཉ་གསོ་བྱས་པའི་ཚུན་དུ། ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཐུགས་ཁུར་དང་རྒྱབ་སྐྱོར་ལ་བརྟེན་ཞིང་། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་འགོ་ཁྲིད་འོག་ཏུ། ང་ཚོས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མངགས་བཅོལ་བློ་ལ་བརྟན་པོར་འཆང་ནས་མཚོ་སྔོན་པོའི་སྐྱེ་ཁམས་སྲུང་སྐྱོང་བྱེད་པ་དེ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་གྱི་སྤྱི་ཁོག་ཁྲོད་བཞག་སྟེ། ཁྲིམས་སྲོལ་ལམ་ལུགས་འཐུས་ཚང་དུ་བཏང་བ་དང་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་བས། གསེར་ཉའི་གྲངས་འབོར་ཐད་མིག་མཐོང་ལག་ཟིན་གྱི་གྲུབ་འབྲས་མི་དམན་པ་བླངས་ཡོད་ལ། འདི་དག་ནི་མཐོ་སྒང་གི་ཡུལ་མི་རྣམས་ཀྱིས་རང་བྱུང་ལ་བརྩི་འཇོག་དང་རང་བྱུང་ལ་བསྟུན་ཤེས། རང་བྱུང་ལ་སྲུང་སྐྱོབ་བྱས་པའི་དངོས་པ་དོན་གྱི་ལག་ལེན་དེ་ཅི་ལ་མིན། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དང་དངུལ་རི་ཡི་འདུ་ཤེས་ལག་བསྟར་བྱས་པ་མཚོན་ཐུབ་ལ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་དགོངས་པ་དོན་འཁྱོལ་བྱས་པ་ར་སྤྲོད་བྱས་འདུག དུས་མཚུངས་སུ། མོས་འབོད་སྐུལ་བཏང་དོན ། ང་ཚོས་དཔུང་རྡང་མཉམ་གཤིབ་ཀྱིས་མིག་ལ་སྲུང་སྐྱོབ་བྱེད་པ་ཇི་བཞིན་མཚོ་སྔོན་པོའི་སྐྱེ་ཁམས་ལ་སྲུང་སྐྱོབ་བྱེད་པ་དང་། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ཇི་བཞིན་གསེར་ཉའི་ཐོན་ཁུངས་ལ་གཅེས་སྤྲས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐུ་དངོས་སུ་གཟིགས་ཞིབ་གནང་སའི་གནས་མལ་འདི་མིག་བཞིན་སྲུང་ཞིང་སྲོག་བཞིན་བཀུར་དགོས་ཚུལ་བསྟན།

ཀྲང་ཆི་ཧྥེང་གིས་ཤིས་ཚིག་ཁྲོད་བསྟན་དོན། རྐང་ཚ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་ལག་ལེན་བསྟར་ཏེ་ཐོག་མཐའ་བར་གསུམ་དུ་རྒྱལ་ཁབ་ཀྱི་དོན་ཆེན་ལ་གཞིགས་ནས། སྔོ་ལྗང་གི་རི་ཆུ་ནི་གསེར་རི་དང་དངུལ་རི་ཡི་འདུ་ཤེས་བརྟན་པོར་བཙུགས་ཏེ། བློ་བརྟན་འགྱུར་མེད་ངང་སྐྱེ་ཁམས་སྔོན་ལ་བཞག་ནས་ལྷད་མེད་འཕེལ་རྒྱས་ཀྱི་ལམ་དུ་བསྐྱོད་པ་དང་ཁྱོན་ཡོངས་ནས་སྐྱེ་ཁམས་སྲུང་སྐྱོང་དང་ཕྱོགས་ཡོངས་ནས་ལྗང་མདོག་འཕེལ་རྒྱས་ཀྱི་བགྲོད་ལམ་གསར་པའི་སྟེང་བསྐྱོད་དགོས་ལ།ཁྱད་པར་དུ་མཚོ་སྔོན་པོའི་གསེར་ཉ་སྐྱེ་འཕེལ་སྲོག་བླུ་དང་ཉ་གཟིགས་དུས་ཚིགས་ཀྱི་བྱེད་སྒོ་དེ་མཐོ་སྒང་གི་སྐྱེ་ཁམས་མ་ལག་བརྟན་ལྷིང་སྲུང་སྐྱོང་དང་སྐྱེ་དངོས་སྣ་མང་རང་བཞིན་ཕུན་སུམ་ཇེ་ཚོགས་སུ་གཏོང་བ། སྐྱེ་ཁམས་ཀྱིས་དམངས་འཚོར་ཕན་པ་སྐྲུན་པའི་གལ་ཆེའི་གཞི་འཛིན་ས་དེ་ཡིན་པས། རང་འགུལ་ངང་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་གསར་འཛུགས་བྱེད་པ་དང་མཉམ་བསྲེས་ཐུབ་པ་བྱས་ཏེ་མུ་མཐུད་དུ་མཚོ་སྔོན་པོའི་ཕྱོགས་བསྡུས་བཅོས་སྐྱོང་ལ་ཤུགས་བསྣན་ནས་ཆུའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་དང་བརླན་ས་སྲུང་སྐྱོབ་། མཚོ་བཀག་ཉ་གསོ། སྐྱེ་དངོས་སྣ་མང་རང་བཞིན་སྲུང་སྐྱོང་སོགས་བྱེད་ཐབས་ལག་བསྟར་བྱས་པས་མཚོ་སྔོན་པོའི་གསེར་ཉ་གསོག་ཚད་ཏུན་ཁྲི12.75ལ་སླེབས་ཤིང་། ཐོག་མའི་སྲུང་སྐྱོབ་དང་བསྡུར་ན་ལྡབ49ཡིན་པ་རེད། རྐང་ཚ་རྫོང་གིས་བསྟུད་མར་སྤྱི་བསྡོམ་པའི་ཉ་ཕྲུག་འབུམ2.1ལྷག་ཚེ་ཐར་བཏང་་ཞིང་། དེ་ནང་མིས་དངོས་སུ་ཚེ་ཐར་བཏང་ཚད26%ཟིན་དེ་ཕྱེད་ཀ་ཆུ་དང་ཕྱེད་ཀ་ཉ་ཡིན་པའི་ཁྱད་མཚར་ལྗོངས་རྣམ་ཞིག་ངང་གིས་གྲུབ་ཡོད་པར་མ་ཟད། ཆུ་བྱ་དཀར་མོ་དང་ཁྲུང་ཁྲུང་སྣེ་རིང་སོགས་འདབ་ཆགས་མང་པོས་གཤོག་འགྱུར་གར་དུ་རྩེན་པའི་འཆམ་མཐུན་མཉམ་གནས་ཀྱི་རང་བྱུང་ཁོར་ཡུག་ཉམས་དགའ་བ་ཞིག་གནས་འདི་རུ་མཚར།



མཛད་སྒོའི་ཐོག རྫོང་རྩྭ་ཐང་སྒྱུ་རྩལ་ཚོགས་པའི་འཁྲབ་སྟོན་པས་རྒྱ་ཆེའི་ལྟད་མོ་བ་དང་རྫོང་ཡོངས་ཀྱི་ལས་བྱེད་མང་ཚོགས་ལ་རིག་རྩལ་རྩེད་མོ་ཀྱ་ནོམ་པ་ཞིག་མིག་གི་དཔལ་དུ་བཤམས།


ད་ལོའི་མཚོ་སྔོན་པོའི་གསེར་ཉ་སྐྱེ་འཕེལ་སྲོག་བླུ་དང་ཉ་གཟིགས་དུས་ཚིགས་ཀྱི་ཕྲེང་བསྟར་བྱེད་སྒོ་དེ་དེ་རིང་ནས་མགོ་ཚུགས་ཏེ་བསྟུད་མར་ཟླ8པའི་ཟླ་དཀྱིལ་བར་དུ། “2025ལོའི་མཚོ་སྔོན་པོའི་གསེར་ཉཚང་དུ་ལོག་པའི”བྱེད་སྒོ་ཀྲུང་དབྱང་བརྙན་འཕྲིན་འཕྲིན་ལམ་བརྒྱུད་ནས་གསར་འགྱུར་དྲིལ་བསྒྲགས་དང་མཚོ་སྔོན་པོ་གསེར་ཉའི“ཚེ་སྲོག་གི་འགྲུལ་བཞུད”ཆེད་དོན་བཅར་འདྲིའི་ལེ་ཚན། སློབ་མའི་ཉ་མོར་བལྟ་བའི་དུས་ཚིགས། མཚོ་སྔོན་པོའི་གསེར་ཉའི་རང་བྱུང་སློབ་གསོའི་གསང་རྣམ་འཚོལ་བ། རྐང་ཚ་རྫོང་གི་སྐབས་གསུམ་པའི་མཚོ་སྔོན་པོའི་མི་སྒེར་སྨྱན་བྱད་གསར་རྩོམ་བརྗེ་རེས་ཚོགས་འདུ་སོགས་བྱེད་སྒོ་འདི་དག་བསྟུད་མར་སྤེལ་ཏེ། གསེར་ཉ་ལྡོག་རྐྱལ་གྱི་ཁྱད་མཚར་ལས་སྐྱེ་ཁམས་དང་ཚན་རིག་མཉམ་བསྲེས་དང་དམངས་སྲོལ་ཉམས་ལེན་སོགས་ནང་དོན་སྣ་མང་མཉམ་འདྲེས་སྒོས་སྐྱེ་ཁམས་རིག་གནས་ཡུལ་སྐོར་ཐོན་ཁུངས་གཏིང་ཟབ་པའི་སྒོ་ནས་སྔོན་འདོན་དང་མཐོ་སྒང་གི་སྐྱེ་ཁམས་མཛེས་སྡུག་ཕྱོགས་ཡོངས་ནས་མངོན་པར་བྱས་ཤིང་། གསོན་ཉམས་དོད་པའི་སྒོ་ནས་མཚོ་སྔོན་པོའི་གསེར་ཉའི་ཆུ་བོ་ལྡོག་རྐྱལ་བྱེད་པའི་ཁྱད་མཚར་མཛེས་སྡུག་མངོན་པར་བྱས་ཏེ་སྐྱེ་ཁམས་སྲུང་སྐྱོང་གི་ཕན་འབྲས་རྟོགས་ཐུབ་ལ། གཞན་རྐང་ཚའི་སྐྱེ་ཁམས་རིག་གནས་ཡུལ་སྐོར་གྱི་ཐུན་མིན་སྙན་གྲགས་རྒྱས་སུ་བཅུག་པར་མ་ཟད། སྤུས་རྟགས་དང་ཤུགས་རྐྱེན་མཐོར་འདེགས་གཏོང་བར་ནུས་པ་གལ་ཆེན་ཐོན་ཡོད།

རྒྱུས་ལོན་བྱས་པ་ལྟར་ན། ད་ལོར་རྐང་ཚ་རྫོང་གིས་སྐྱེ་འཕེལ་བྱས་ཡོད་པའི་ཉ་མོ་ཁྲི2000ལྷག་ཚེ་ཐར་གཏོང་རྩིས་ཡོད་པ་དང་། དེའི་ནང་བྱེད་སྒོའི་མགོ་ཚུགས་མཛད་སྒོའི་ཉིན་ལ་ཁྲི100ལྷག་ཚེ་ཐར་གཏོང་རྩིས་ཡོད་པ་དང་། ལྷག་མའི་ཁྲི1900དེ་རྗེས་མ་རིམ་བཞིན་ཚེ་ཐར་གཏོང་རྩིས་རེད།
གོམ་སྟབས་རྗེས་མར། རྐང་ཚ་རྫོང་གིས་མུ་མཐུད་དུ་ཞི་ཅིན་ཕིང་གི་སྐྱེ་ཁམས་དཔལ་ཡོན་གྱི་དགོངས་པ་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་མཚོ་སྔོན(རྐང་ཚར)རྟོག་ཞིབ་གནང་སྐབས་ཀྱི་གསུང་བཤད་དགོངས་དོན་ལ་སློབ་སྦྱོང་གཏིང་ཟབ་བྱས་ཏེ།“སྔོ་ལྗང་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས”ལག་ལེན་དུ་བསྟར་ནས། མཚོ་སྔོན་པོའི་ཉ་ལས་ཐོན་ཁུངས་ལ་སྲུང་སྐྱོབ་བྱེད་པ་དང་སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་། མཛེས་སྡུག་གི་མཚོ་སྔོན་པོར་སྲུང་སྐྱོང་གི་འགན་འཁྲི་ལྕི་མོ་དེ་ཐེག་ཐུབ་བྱེད་དགོས་ལ། མིག་ལ་སྲུང་སྐྱོབ་བྱེད་པ་ཇི་བཞིན་སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོབ་བྱེད་དགོས་པ་དང་། ཚེ་སྲོག་ལ་གཅེས་སྤྲས་བྱེད་པ་ཇི་བཞིན་སྐྱེ་ཁམས་ཁོར་ཡུག་ལ་གཅེས་སྤྲས་བྱེད་དགོས། ནུས་ཤུགས་ཡོད་རྒུས་མཐིང་མདོག་གི་བླ་མཚོ། བོད་མཁར་རྐང་ཚ། འདབ་ཆགས་ཉ་མོའི་ཞིང་ཁམས། མི་ཡུལ་གྱི་དག་ཞིང་ཞེས་པའི་མཚན་སྙན་དེ་མངོན་པར་བྱས་ནས་ཕྱོགས་ཡོངས་ནས་རྐང་ཚའི་སྣང་བརྙན་ལེགས་པོ་བསྐྲུན་དགོས།