རྐང་ཚའི“3+6”གི་ལས་དོན་ལམ་སྲོལ་གྱིས་ལས་འགན་གྱི“ཕྱོགས་གཉིས་ཕྱེད་ཀ་ལས་བརྒལ་བ”ལ་ཁག་ཐེག་བྱས།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། ཞིན་ཧྭ་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
“རྣམ་གྲངས་གཙོ་བོ”ཡི་འདུ་ཤེས་བརྟན་པོ་བཙུགས་ཏེ། རྣམ་གྲངས་འཛུགས་སྐྲུན་གྱི་དུས་མགོའི་འགྲོ་ལུགས་དང་ཨར་ལས་སྒྲུབ་ཚད། མཛོད་འཇུག་བསྡོམས་རྩིས་སོགས་ཀྱི་ལས་དོན་ལེགས་པོར་བསྒྲུབ་ནས། རྣམ་གྲངས་འཛུགས་སྐྲུན་གྱི་མགྱོགས་ཚད་དང་སྤུས་ཚད། ཕན་འབྲས་ཇེ་མཐོར་གཏོང་བར་སྐུལ་འདེད་བྱེད་དགོས། མ་དངུལ་སྒོར་དུང་ཕྱུར114.1 བཏང་ནས་ཁྱོན་བསྡོམས་རྣམ་གྲངས་ཁག55ལག་བསྟར་བྱས་ལ། ཟླ1ནས་ཟླ5བའི་བར་སྔོན་དཔག་བསགས་རྩིས་བྱས་ན་མ་དངུལ་སྒོར་ཁྲི33230བཏང་ནས་དུས་མཚུངས་ལས 20.35%འཕར་ཡོད། རྒྱལ་ཁབ་དང་ཞིང་ཆེན། ཁུལ་གྱི་སྲིད་ཇུས་དང་མ་དངུལ་གཏོང་ཕྱོགས་ལ་དམ་པོར་དམིགས་ནས། “གལ་ཆེན་གཉིས་དང་གསར་པ་གཉིས”དང་ནུས་ཁུངས་གཙང་མ་གསར་སྤེལ་སོགས་འཐབ་ཇུས་གལ་ཆེན་གྱི་གོ་སྐབས་ལ་ཁ་གཏད་དེ། ཧུར་ཐག་གིས་ཀྲུང་དབྱང་གི་སྔོན་རྩིས་ནང་རྣམ་གྲངས་ཁག29ཡིག་ཞུ་བྱས་ནས་མ་དངུལ་སྒོར་དུང་ཕྱུར5.7བཏང་ལ། རྣམ་གྲངས་ཁག7གཤམ་འགྲེམ་བྱས་ནས་མ་དངུལ་སྒོར་དུང་ཕྱུར1.4བཏང་ཡོད།
ནུས་ཤུགས་ཡོད་རྒུས་བཟོ་ལས་ཁེ་ལས་འཁོར་སྐྱོད་ཀྱི་རྒྱུ་རྐྱེན་འགན་སྲུང་དམ་འཛིན་བྱས་ཏེ། བཟོ་ལས་ཁྱབ་ཁོངས་སུ་ཁེ་ལས་ཀྱི་དགོས་མཁོའི་མཐིལ་རྟོགས་ལས་དོན་སྤེལ་ནས་ཐབས་ལམ་སྣ་མང་དང་ཕྱོགས་ཡོངས། ལས་ཆོད་ཆེ་བའི་ཞབས་ཞུ་འདོན་སྤྲོད་བྱེད་དགོས། 2025ལོར་བཟོ་ལས་དཔལ་འབྱོར་ཐད་ནས་ཐོལ་བརྒལ་རང་བཞིན་གྱི་འཕེལ་རྒྱས་བྱུང་བ་སྟེ། ཟླ1ནས4བའི་རྫོང་ཡོངས་ཀྱི་གཞི་ཁྱོན་ཡན་ཆད་ཀྱི་བཟོ་ལས་འཕར་ཐང་དུས་མཚུངས་ལས་སྔོན་རྩིས72.4%འཕར་བ་དང་འཕར་ཚད་ལོ་སྔོན་མ་ལས་བརྒྱ་ཆའི་ཆ78.9ཇེ་མཐོར་སོང་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
ཞིང་ཕྱུགས་ཐོན་རྫས་ཀྱི་འབྲེལ་ཐག་སྣུར་སྲིང་དང་ནུས་ཁུངས་གཙང་མའི་ཤོང་ཚད་ཆེར་གཏོང་། སྐྱེ་ཁམས་གནས་སྐོར་གྱི་སྤུས་ཚད་མཐོར་འདེགས།ཞབས་ཞུ་ལས་རིགས་ཀྱི་སྤུས་ཀ་ཇེ་ལེགས་བཅས་ལ་དམིགས་ཏེ། 《རྐང་ཚ་རྫོང་གི2025ལོའི་ཚོང་འགུག་དངུལ་འདྲེན་འཆར་གཞི་དང་ལས་དོན་བྱེད་ཐབས》བཟོས་ཏེ། ཚོང་འགུག་རིས་མཛོད་འཐུས་ཚང་དུ་གཏོང་བ་དང་ཚོང་འགུག་དངུལ་འདྲེན་གྱི་གཙོ་གནད་རྣམ་གྲངས་བསྡུས་ནས། རྣམ་གྲངས་ཆེན་པོ་དང་རྣམ་གྲངས་བཟང་པོ། རྣམ་གྲངས་གསར་པ་ཁག་གཅིག་ཇུས་འགོད་ཞིབ་ཚགས་བྱས་ཏེ། རྫོང་ཁོངས་ཀྱི་དཔལ་འབྱོར་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་གཏོང་བར་རྨང་གཞི་བརྟན་པོ་འདིང་དགོས། ད་ལྟའི་བར་དུ་རྣམ་གྲངས་ཁག20དང་སྒོར་དུང་ཕྱུར295.39གྲབས་གསོག་བྱས་པའི་ནང་མ་དངུལ་སྒོར་དུང་ཕྱུར1.28བཏང་ཡོད།
གོ་རིམ་ལྡན་པའི་སྒོ་ནས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ཆེད་དམིགས་བྱ་སྤྱོད་སྐུལ་སྤེལ་བྱས་ཏེ། མངའ་ཁུལ་གྱི་ཚོང་ཁང67ལ་མཉམ་འབྲེལ་བྱས་ནས་སྲིད་གཞུང་དང་དངུལ་ཁང་དང་ཁེ་ལས་གསུམ་པོ་མཉམ་ལས་ཀྱི་ལམ་སྲོལ་བཙུགས་ཏེ། སྤྱི་ལོ་གསར་ཚེས་དང་ལུགས་རྙིང་ལོ་གསར། ལྔ་གཅིག་སོགས་གལ་ཆེའི་འཛད་སྤྱོད་ཀྱི་སྐབས་སུ་དུས་རིམ་དབྱེ་ནས“བོད་མཁར་རྐང་ཚ། མཚོ་སྔོན་ཕན་བདེ་དངོས་ཟོང་ཉོ་སྒྲུག”གིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བ་དང“འཛད་སྤྱོད་ཀྱིས་དར་སྤེལ་ལ་སྐུལ་འདེད་གཏོང་བ”ཞེས་པའི་བརྗོད་དོན་ཚོང་གཉེར་སོགས་ཀྱི་བྱེད་སྒོ་སྤེལ་བར་ཆེད་སྤྱོད་མ་དངུལ་སྒོར་ཁྲི 17 ལྷག་ཙམ་བཏང་ནས་འཛད་སྤྱོད་ཀྱི་གཞི་ཁྱོན་སྒོར་ཁྲི60.35ལྷག་ཙམ་སྐུལ་སྤེལ་བཏང་ཡོད།