རྐང་ཚ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ་ཡིས་བོད་རྒྱ་སྐད་གཉིས་ཀྱི་ཞབས་ཞུའི་ལས་སྟེགས་བཙུགས།
发布时间:2025年06月18日 消息来源:


 རྩོམ་སྒྲིག  ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཏང་གི་མི་རིགས་སྲིད་ཇུས་དོན་འཁྱོལ་མཐར་ཕྱིན་དུ་གཏོང་བ་དང་སྲིད་དོན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ།  མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་བྱ་གཞག་སྔར་ལས་གཏིང་ཟབ་ཏུ་གཏོང་ཆེད།ངེད་ཅུ་ཡིས་གསར་གཏོད་ཞབས་ཞུའི་རྣམ་པ་འཚོལ་ཞིབ་ཧུར་ཐག་ཏུ་བྱས་ཏེ།  སྲིད་དོན་ཞབས་ཞུའི་ཚོམས་ཆེན་དུ་བོད་རྒྱ་སྐད་གཉིསཀྱི་ཞབས་ཞུའི་ལས་སྟེགས་བཙུགས་ནས།  གྲངས་ཉུང་མི་རིགས་མང་ཚོགས་ཀྱིས་ལས་སྒྲུབ་སྐབས་ཀྱི་སྐད་བརྡའི་འགལ་རྐྱེན་ལ་དམིགས་ནས་དེའི་ཐད་ཀྱི་གནད་དོན་ཐག་གཅོད་ཏན་ཏིག་སྒོས་བྱས་ཏེ།  ཞབས་ཞུའི་རྣམ་པ་མཐར་ཐུག་ཏུ་བྱེད་ཐུབ་པར་རྒྱ་ཆེའི་མང་ཚོགས་ཀྱིས་གཅིག་མཐུན་གྱི་གདེང་འཇོག་བཟང་པོ་ཐོབ་ཡོད། 

  

 གཅིག་ནི་ཆེད་ལས་ཀྱི་སྟོབས་ཤུགས་སྡེབ་སྒྲིག་བྱས་ནས་སྐད་ཡིག་གི་བཀག་རྒྱ་གཏོར་བ།  རྐང་ཚ་རྫོང་ནི་གྲངས་ཉུང་མི་རིགས་འདུས་སྡོད་བྱས་ཡོད་པའི་གནས་ཤིག་ཡིན་པའི་ཆ་ནས། འབྲོག་པ་མང་ཚོགས་ཀྱིས་ཁྲོམ་ར་ལྟ་སྐུལ་དོ་དམ་ཀྱི་འབྲེལ་ཡོད་ལས་སྒོ་ལས་སྒྲུབ་བྱེད་སྐབས་སྐད་བརྡ་མི་འཕྲོད་པའི་དཀའ་ཁག་ཡོད་པ་རེད།   གནད་དོན་དེ་ཐག་གཅོད་ནུས་ལྡན་བྱེད་ཆེད།  ངེད་ཅུ་ཡིས་རྫོང་སྲིད་དོན་ཞབས་ཞུའི་ལས་སྟེགས་བཙུགས་ཏེ་བོད་རྒྱ་སྐད་གཉིས་ལ་བྱང་ཆུབ་པའི་ལས་བྱེད་མི་སྣ2བཀོད་སྒྲིག་བྱས་ནས།  སྤྱི་སྐད་དང་མཚོ་སྔོན་སྐད་དང་བོད་སྐད་ཀྱི་ལམ་ནས་ཁྲོམ་ར་ལྟ་སྐུལ་དོ་དམ་ཀྱི་འབྲེལ་ཡོད་སྲིད་ཇུས་གསལ་འགྲེལ་དང་།  ཁྲོམ་རར་ལས་སྒོ་འཛུགས་པ།  ཟས་རིགས་གཉེར་སྐྱོང་ཆོག་མཆན་དཔང་ཡིག་བསྒྲུབ་པ།  ལོ་འཁོར་སྙན་ཞུ་རེའུ་མིག་སྐོང་འབུལ་སོགས་ཀྱི་ལས་སྒོ་ལ་བློ་འདྲི་དང་དེ་བཞིན་རེའུ་མིག་སྐོང་འབྲི་ལ་མཛུབ་ཁྲིད་བྱེད་པ་སོགས་ཕྱོགས་ཡོངས་ནས་ཞབས་ཞུ་བསྒྲུབ་པའི་རྣམ་པ་བསྐངཏེ  ཡི་གེ་འབྲི་མི་ཤེས་པའི་འབྲོག་པ་མང་ཚོགས་ལ་རེའུ་མིག་བསྐང་རོགས་དང་གནད་དོན་ཐད་ཀྱི་དཀའ་གནད་སེལ་རོགས་བྱས་ནས།   མང་ཚོགས་ལ་ཞབས་ཞུ་ལེགས་པོ་བསྒྲུབ་པ རྒྱུན་འཁྱོངས་བྱས་ཏེ།  སྙན་སེང་ཞུ་དགོས་པ་དག་སྙན་སེང་ཞུ་བ་དང་ཚད་ལྡན་ཡང་དག་ཡོང་བར་ཁག་ཐེག་ཏན་ཏིག་བྱས།   གཉིས་ནི་མང་ཚོགས་ཀྱི་བསྔགས་བརྗོད་ཐོབ་པ་དང་ཞབས་ཞུར་ཁས་ལེན་བྱེད་པ་ཆེ་རུ་བཏང་། ཞེ་ཐག་པའི་སྒོ་ནས་སྐད་གཉིས་ཀྱི་ཞབས་ཞུ་བསྒྲུབ་པ་དང་།  ཐོགས་མེད་ཀྱི་འབྲེལ་ལམ་དང་སྤུས་ལེགས་ཀྱི་ཞབས་ཞུ་བཅས་ཀྱིས་འབྲོག་པ་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་པ་མ་ཟད།  འབྲོག་པ་མང་ཚོགས་ལ་ཁྲོམ་ར་ལྟ་སྐུལ་དོ་དམ་ལས་ཁུངས་ཀྱི་ཐུགས་ཁུར་དང་སེམས་ཁྲལ་དངོས་སུ་ཚོར་ཐུབ་བྱས་ཤིང་།  ཁྲོམ་ར་ལྟ་སྐུལ་དོ་དམ་ལས་དོན་ལ་ཁས་ལེན་བྱེད་ཚད་ཆེ་རུ་ཐོན་ཡོད།   གསུམ་ནི་ཁྲོམ་རར་གསོན་ཤུགས་བསྣན་ནས་དཔལ་འབྱོར་འཕེལ་རྒྱས་སུ་འགྲོ་བར་སྐུལ་འདེད་བཏང་།   སྤུས་ལེགས་གྱི་སྐད་གཉིས་ཞབས་ཞུ་དེས་གྲངས་ཉུང་མི་རིགས་མང་ཚོགས་ཁྲོམ་ར་གཉེར་སྐྱོང་ནང་ཞུགས་པའི་སྤྲོ་སེམས་བསྣན་པ་དང་རྐང་ཚ་རྫོང་གི་ཁྲོམ་རའི་བདག་གཉེར་གྱི་གྲངས་འབོར་བརྟན་པོའི་ངང་འཕར་ནས་རྫོང་ཁོངས་ཀྱི་དཔལ་འབྱོར་འཕེལ་རྒྱས་ལ་གསོན་ཤུགས་གསར་པ་བསྣན་ནས་ཁྲོམ་རའི་བདག་གཉེར་སྔར་བས་དར་རྒྱས་ཡོང་བར་སྐུལ་འདེད་བཏང་སྟེ་དཔལ་འབྱོར་འཕེལ་རྒྱས་ཀྱི་རྣམ་པ་བཟང་པོ་མངོན་པར་བྱས    བཞི་ནི་ཁྱད་ལྡན་གྱི་སྤུས་རྟགས་གསར་བསྐྲུན་བྱས་ནས་རིམ་སྤར་ཀྱིས་ནུས་ཕྱོད་ལ་ཞབས་འདེགས་ཞུ   བོད་རྒྱ་སྐད་གཉིསཀྱི་ཞབས་ཞུའི་རྣམ་པས་མང་ཚོགས་ཀྱིས་ལས་སྒྲུབ་བྱེད་པར་སྟབས་བདེ་ཤུགས་ཆེར་བསྐྲུན་ཡོད་དེ།སྐད་བརྡ་མི་འདྲེས་པ་དང་ཕྱོགས་མང་ལ་ལས་སྒྲུབ་བྱེད་དུ་འགྲོ་དགོས་པནསམཐའ་གཅིག་ཏུ་ལས་སྒྲུབ་བྱེད་ཐུབ་པརསྟབས་བདེ་བསྐྲུན་ཡོད་པ་མ་ཟད།  ས་གནས་ཀྱི་གནས་ཚུལ་དང་བསྟུན་ནས་སྲིད་ཇུས་གཏན་འཁེལ་བྱས་པ་དང་།  སེམས་ཤུགས་གཅིག་བསྡུས་ཀྱིས་ཞབས་འདེགས་ཞུ་བགོ་བ་ལེན་ཐུབ་པ་བྱས་པས  ཁྲོམ་ར་ལྟ་སྐུལ་དོ་དམ་ཞབས་ཞུ་ལ་འགུལ་ནུས་གསར་པ་བསྣན་ཏེ། དམངས་ལ་ཕན་བདེ་བསྐྲུན་པའི་ཞབས་ཞུའི་སྟེགས་བུ་གཏོད་ཐུབ་པ་བྱས་ཡོད་པ་རེད  

 ཞབས་ཞུའི་ལས་སྟེགས་བཙུགས་པ་ནས་བཟུང་།  གྲངས་ཉུང་མི་རིགས་མང་ཚོགས་ཀྱི་ལས་སྒྲུབ་པ་དང་བློ་འདྲི་བ་ཁྱོན་མི་ཐེངས300ལྷག་ཙམ་ལ་སྣེ་ལེན་བྱས་པ་དང་།    ལས་སྒོ་ཁག125ལྷག་བསྒྲུབས་པས།  མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད100%ཟིན་ཡོད།  བོད་རྒྱ་སྐད་གཉིས་ཀྱི་ཞབས་ཞུའི་ལས་སྟེགས་བཙུགས་པ་དེསངེད་ཅུ་ཡིས་སྲིད་དོན་ཞབས་ཞུའི་ཆུ་ཚད་མཐོ་རུ་བཏང་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་ལས་དོན་བྱ་གཞགགཏིང་ཟབ་ཏུ་སྤེལ་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན།   མ་འོངས་པར། ངེད་ཅུ་ཡིས་ཐེངས་འདིའི་ལས་དོན་གོ་སྐབས་སུ་བརྩིས་ནས་མུ་མཐུད་དུ་ཉམས་མྱོང་ཕྱོགས་བསྡོམས་བྱེད་པ་དང་། རྒྱུན་མཐུད་ངང་ཞབས་ཞུ་རྣམ་པ་ཇེ་ལེགས་སུ་བཏང་ནས་མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད་དང་ས་གནས་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བར་སྟོབས་ཤུགས་འབུལ་དགོས།