ལས་ཁུངས་མང་པོས་མཉམ་འབྲེལ་གྱིས་ཁྲིམས་འཛིན་ལག་བསྟར་བྱས་ཏེ་མཚོ་སྔོན་པོའི་གསེར་ཉ་གཙང་ཆུར་ལོག་པར་ནུས་ཤུགས་ཡོད་རྒུས་སྲུང་སྐྱོབ་བྱས།
发布时间:2025年06月19日 消息来源:


རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་བྱ་བའི་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

ཉེ་ཆར་ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་མཚོ་སྔོན་པོའི་ཐེངས་དྲུག་པའི་མཚོ་སྲུང་ཉ་གསོའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་དང་། མཚོ་སྔོན་པོའི་བྱང་འགྲམ་གྱི་ཉ་འབྲེལ་ཁྱབ་ཁོངས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་གཏོང་ཆེད། མཚོ་བྱང་ཁུལ་ཞིང་ཕྱུགས་ཅུས་སྣེ་ཁྲིད་དེ། མཚོ་བྱང་ཁུལ་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་ཅུའུ་དང་མཚོ་བྱང་ཁུལ་སྤྱི་བདེ་ཅུའུ་ནགས་ཚལ་ཉེན་རྟོག་ཡན་ལག་རུ་ཁག རྐང་ཚ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་འཛིན་རུ་ཆེན། རྐང་ཚ་རྫོང་སྤྱི་བདེ་ཅུའུ་ནགས་ཚལ་ཉེན་རྟོག་རུ་ཆེན་བཅས་ཀྱིས་མཉམ་འབྲེལ་སྒོས་མཚོ་སྔོན་པོའི་གསེར་ཉ་གཙང་ཆུར་ལོག་དུས་ཀྱི་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་མཉམ་འབྲེལ་ཁྲིམས་འཛིན་ལས་དོན་སྤེལ། མཉམ་འབྲེལ་ཁྲིམས་འཛིན་ཚོ་ཆུང་གིས་རླངས་འཁོར་གྱིས་སྐོར་ཞིབ་དང་རྐང་བགྲོད་སྐོར་ཞིབ་བྱེད་པ་ཟུང་འབྲེལ་གྱི་རྣམ་པས་བྱ་གླིང་དང་པུ་ཧ་ཆུ། མཚོ་འཁྱིལ་ཆུ་བཅས་མཚོ་སྔོན་པོའི་མཐའ་འཁོར་གྱི་ཉ་དང་འབྲེལ་ཡོད་ས་ཁོངས་ཀྱི་ཁྲིམས་འགལ་ཉེས་གསོག་ལ་མཉམ་དུ་སྐོར་ཞིབ་བྱེད་པའི་བྱ་འགུལ་སྤེལ་བ་དང་ དུས་མཚུངས་སུ་མཚོ་འཁྱིལ་ཡུལ་ཚོའིཞིན་ཆོནསྡེ་བའི་ཏང་ཡོན་བྱ་འགུལ་ཁང་དུ་བསྐྱོད་དེ། དཔེ་མཚོན་གྱོད་གཞི་དང་ཉ་འཛིན་བཀག་སྡོམ་གྱི་སྲིད་ཇུས་སྒྲོག་འགྲེལ་བྱས་པ་དང་འཕྲེད་དར་འགེལ་བ། དྲིལ་བསྒྲགས་དཔྱད་ཡིག་སྟེར་བ་སོགས་ཀྱི་བྱེད་ཐབས་སྣ་མང་སྤྱད་དེ་རྒྱ་ཆེའི་མང་ཚོགས་ལ་མཚོ་སྔོན་པོའི་གསེར་ཉའི་མིག་སྔའི་གྲངས་འབོར་ཉེན་ཁ་འབྱུང་སླ་བའི་རིགས་སུ་ཆག་པ་དང་། གསེར་ཉའི་ཐོན་ཁུངས་སྲུང་སྐྱོང་བྱེད་པའི་ལས་འགན་ལྕི་བས། ངེས་པར་དུ་རྒྱ་ཆེའི་མང་ཚོགས་མཉམ་ཞུགས་བྱེད་པར་བརྟེན་ནས་ཐུན་མོང་གིས་འབད་འབུངས་ཀྱིས་སྐྱེ་ཁམས་སྲུང་སྐྱོང་བྱེད་པའི་ཁོར་ཡུག་ལེགས་པོ་བསྐྲུན་དགོས


དགོང་མོའི་དུས་ཚོད 9 : 00 ཡི་སྟེང་། ཁྲིམས་འཛིན་སྡེ་ཁག་སོ་སོས་ལྷན་ཏུ་རྫོང་སྤྱི་བདེ་ཅུའུ་འགྲིམ་འགྲུལ་ཉེན་རྟོག་རུ་ཆེན་དང་སྐོར་ཞིབ་ཉེན་རྟོག་རུ་ཆེན་་མཉམ་འབྲེལ་བྱས་ནས་དགོང་མོར་ཁྲིམས་བསྟར་ལས་དོན་སྤེལ་བ་དང་། བགྲོད་ལམ་གཙོ་བོར་ཕར་ཚུར་འགྲོ་འོང་གི་རླངས་འཁོར་ལ་ཞིབ་བཤེར་བྱས་ནས་མཚོ་སྔོན་པོའི་གསེར་ཉ་ཉོ་བསྡུ་དང་། གཤོར་འཛིན། ལྐོག་འཚོང་། སྐྱེལ་འདྲེན། ལས་སྣོན། ཕྱིར་འཚོང་སོགས་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་དང་། དེ་བཞིན་ཁྲིམས་འགལ་གྱིས་རི་སྐྱེས་སྲོག་ཆགས་དང་སྐྱེ་དངོས་ཐོན་རྫས རི་སྐྱེས་སྲོག་ཆགས་རྩ་ཆེན་དང་སྟོངས་ལ་ཉེ་བར་གནོད་འཚེ་གཏོང་བ། ཁྲིམས་འགལ་གྱིས་རྔོན་ལས་དང་། ཉོ་བསྡུ སྐྱེལ་འདྲེན། ཕྱིར་འཚོང་སོགས་ཁྲིམས་འགལ་གྱི་བྱ་སྤྱོད་ལ་རྩད་གཅོད་ནན་མོ་བྱས་པ་དང་། ཐེངས་འདིའི་མཉམ་འབྲེལ་ཁྲིམས་འཛིན་ལག་བསྟར་ལས་དོན་ཁྲོད་སྡོམ་པའི་ཁྲིམས་འཛིན་མི་སྣ30ཐེངསཞུགས་པ་དང་། རླངས་འཁོར60ལྷག་ཙམ་ལ་ཞིབ་བཤེར་བྱས ཞིབ་བཤེར་བྱས་པའི་ཁྲོད་མཚོ་སྔོན་པོའི་གསེར་ཉ་ཁྲིམས་འགལ་ངང་སྐྱེལ་འདྲེན་གྱི་སྣང་ཚུལ་དང་ཁྲིམས་འགལ་ཉེས་གསོག་གི་བྱ་སྤྱོད་གཞན་དག་བྱུང་མེད། ཐེངས་འདིའི་མཉམ་འབྲེལ་ཁྲིམས་འཛིན་ལག་བསྟར་ལས་དོན་གྱིས་ཁྲིམས་འགལ་སྒོས་མཚོ་སྔོན་པོའི་གསེར་ཉ་ཉོ་བསྡུ་དང་། གཤོར་འཛིན། ལྐོག་འཚོང་། སྐྱེལ་འདྲེན། ལས་སྣོན། ཕྱིར་འཚོང་སོགས་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་ཕན་ནུས་བྱུང་ཡོད་པ་དང་། སྐྱེ་ཁམས་ཐོན་ཁུངས་དང་རི་སྐྱེས་སྲོག་ཆགས། སྐྱེ་དངོས་ཀྱི་ཐོན་ཁུངས་ཀྱི་བདེ་འཇགས་ལ་སྔར་བས་འགན་སྲུང་དང་མཐོར་འདེགས་བྱུང་ཡོད། རྐང་ཚ་རྫོང་སྤྱི་བདེ་ཅུའུ་ནགས་ཚལ་ཉེན་རྟོག་རུ་ཆེན་གྱིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིགི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་སྐོར་གྱི་གསུང་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་དགོངས་དོན་ནན་ཏན་གྱིས་ལག་བསྟར་དོན་འཁྱོལ་བྱས་ནས་བསམ་བློ་གཅིག་གྱུར་དང་། ངོས་འཛིན་གཅིག་མཐུན་ཡོང་བ་བྱས་ནས་མུ་མཐུད་དུ་ཁྲིམས་འཛིན་ལག་བསྟར་བྱེད་ཤུགས་ཆེ་རུ་བཏང་སྟེ། འབྲེལ་ཡོད་ཁྲིམས་འཛིན་སྡེ་ཁག་དང་མཉམ་འབྲེལ་སྒོས་མཚོ་སྔོན་པོའི་ཆུའི་ཁྱབ་ཁོངས་ལ་ཞིབ་བཤེར་བྱེད་ཤུགས་སྣོན་དང་ དྲག་རྡུང་ནན་མོའི་རྣམ་པ་ཆགས་པར་བྱས་ནས་མཚོ་སྔོན་པོའི་ཆུ་སྐྱེས་རི་སྐྱེས་སྲོག་ཆགས་ཀྱི་ཐོན་ཁུངས་ལ་ཁྲིམས་འགལ་ཉེས་གསོག་བྱེད་པའི་གནས་ཚུལ་སྔར་ལས་ལྷག་པའི་བཀག་འགོག་བྱ་དགོས།