རིན་ཆེན་གྱིས“མི་བྱེད་པ་བཞི་དང་ཐད་བསྐྱོད་གཉིས”ཀྱི་བྱེད་ཐབས་སྤྱད་དེ་ཐོན་ལས་འཕེལ་རྒྱས་ཀྱི་གནས་ཚུལ་ལ་རྟོག་ཞིབ་བྱས།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐང་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ6པའི་ཚེས17ཉིན། རྫོང་དཔོན་གཞོན་པ་རིན་ཆེན་གྱིས“མི་བྱེད་པ་བཞི་དང་ཐད་བསྐྱོད་གཉིས”ཀྱི་བྱེད་ཐབས་སྤྱད་དེ་མཚོ་འཁྱིལ་ཡུལ་ཚོ་ཡག་མོ་སྡེ་བ་དང་ཆུ་སོ་མ་སྡེ་བ། ཧོང་ཡེས་ཞིང་སྦོལ་སོགས་སུ་ཟབ་ཞུགས་བྱས་ནས། ལྟ་སྐུལ་གཏིང་ཟབ་བྱས་ཏེ། གསོ་སྤེལ་ར་བའི་འཁོར་སྐྱོད་དང་རྒྱུ་ནོར་སྟོང་བཞག་གི་གནས་ཚུལ། “མ་དངུལ་དང་རྒྱུ་ནོར། ཐོན་ཁུངས་གསུམ”གྱི་དོ་དམ། ཐོན་ལས་འཕེལ་རྒྱས། གྲོང་གསེབ་དར་སྤེལ་གྱི་མ་དངུལ་ཆེད་དམིགས་བཅོས་སྐྱོང་བཅས་ཀྱི་གཙོ་གནད་ལས་དོན་ལ་ལྟ་སྐུལ་དང་རྟོག་ཞིབ་བྱས་ཤིང་། རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུ་དང་། ཆིན་ཧུའུ་ཞིང་ཕྱུགས་མ་འཇོག་ཚད་ཡོད་ཀུང་སིའི་འགན་འཁུར་བ་གཙོ་བོ་དག་རྟོག་ཞིབ་ལ་ཞུགས་ཡོད།
རྟོག་ཞིབ་ཚན་ཆུང་གིས་སྔ་རྗེས་སུ་ཡག་མོ་སྡེ་བའི་གསོ་སྤེལ་ར་བ་དང་ཆུ་སོ་མའི་གསོ་སྤེལ་ར་བ། ཧོང་ཡེས་ཞིང་སྦོལ་ཀུང་སིར་བསྐྱོད་དེ་ཡུལ་དངོས་ལྟ་ཞིབ་དང་སྤེལ་རེལ་སོགས་ཀྱི་བྱེད་ཐབས་སྤྱད་ནས་གསོ་སྤེལ་ར་བའི་གནས་ཚུལ་དང་ནོར་ལུག་ཕྱིར་འཚོང་། རྒྱུ་ནོར་འཁོར་སྐྱོད། ཞིང་ལས་སྣེ་ཁྲིད་ལམ་སྲོལ་དོན་འཁྱོལ་སོགས་རྒྱུས་ལོན་བྱས་ཏེ། སྡེ་བ་རིམ་པའི་གསོ་སྤེལ་ར་བ་དང་ཧོང་ཡེས་ཞིང་སྦོལ་ཀུང་སིའི་འཕེལ་རྒྱས་བསམ་ཕྱོགས་ཞིབ་མོ་ཉན་པ་མ་ཟད། གསོ་སྤེལ་བརྒྱུད་རིམ་ཁྲོད་དུ་འཕྲད་པའི་གནད་དོན་དང་གསོ་སྤེལ་རྟེན་གཞིའི་ཐོན་སྐྱེད་ལས་གཉེར་སོགས་ལ་མཛུབ་ཁྲིད་རང་བཞིན་གྱི་བསམ་ཚུལ་བཏོན་ཡོད།
རྟོག་ཞིབ་ཚན་ཆུང་གིས་བསྟན་དོན། “ཞིང་གསུམ”ལས་དོན་ནི་རྫོང་ཡོངས་ཀྱི་ལས་དོན་གཙོ་བོ་དང་རྨང་གཞི་རང་བཞིན་གྱི་ལས་དོན་ཡིན་ལ།དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་ཕྱོགས་ཡོངས་ལའང་འབྲེལ་བ་ཡོད་པས་ལྷོད་གཡེང་དང་ཕྱི་སྣུར་བྱེད་མི་རུང་།ཡུལ་ཚོ་དང་གྲོང་རྡལ་སོ་སོ་དང་འབྲེལ་ཡོད་སྡེ་ཁག་གིས་ངེས་པར་དུ་ཕྱིའི་ཁོར་ཡུག་གི་འགྱུར་ལྡོག་དང་ཁྲོམ་རའི་དགོས་མཁོ་རིམ་སྤོར་གྱིས་རྫོང་ཡོངས་ཀྱི་ཞིང་ཕྱུགས་ལས་འཕེལ་རྒྱས་ཐད་བཏོན་པའི་བླང་བྱ་གསར་བ་ངོས་འཛིན་གསལ་བོ་བྱས་ཏེ།ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་སྣེ་ཁྲིད་ས་ཁུལ་འཛུགས་སྐྲུན་དེ་ཕྱོགས་སྟོན་དུ་བརྩིས་ནས། འཕེལ་རྒྱས་བྱེད་སྟངས་ཇེ་མགྱོགས་སུ་གཏོང་བ་དང་རྒྱུ་རྐྱེན་འགན་སྲུང་ལ་ཤུགས་བསྣན་ཏེ། ཚད་གཞི་སྔར་ལས་མཐོ་བའི་སྒོ་ནས་རྫོང་ཡོངས་ཀྱི“ཞིང་གསུམ”ལས་དོན་ལ་གྲུབ་འབྲས་གསར་བ་ཐོབ་པ་དང་ཐོལ་བརྒལ་གསར་བ་བྱུང་བར་སྐུལ་འདེད་བཏང་།
རྟོག་ཞིབ་ཚན་ཆུང་གིས་ནན་གྱིས་བསྟན་དོན། གཅིག་ནི་ཞིང་ཕྱུགས་ལས་ཕྱོགས་བསྡུས་བཅོས་བསྒྱུར་ལ་བརྟེན་ནས། དངོས་ཡོད་ཀྱི་གསོ་སྤེལ་ཆ་རྐྱེན་རྨང་གཞིའི་སྟེང་ཁྱིམ་ཚང་མཉམ་འབྲེལ་ལས་གཉེར་གྱི་བྱེད་ཐབས་སྤྱད་དེ་ཁྱད་ལྡན་ཐོན་ཁུངས་འདོན་སྤེལ་གང་ལེགས་དང་གསོ་སྤེལ་ལག་རྩལ་བེད་སྤྱོད་ཐུབ་པ། ཚན་རིག་དང་མཐུན་པའི་ཡུན་རིང་གི་གསོ་སྤེལ་འཆར་གཞི་གཏན་ལ་འབེབས་པ། དོན་དངོས་ཀྱི་གསོ་སྤེལ་རྣམ་པ་འཚོལ་ཞིབ་བཅས་བྱས་ཏེ་མང་ཚོགས་ཀྱི་ཡོང་འབབ་འཕར་སྣོན་བྱ་དགོས། གཉིས་ནི་མང་ཚོགས་ཉེ་འཁོར་གྱི་ཚུལ་མཐུན་མིན་པའི་བྱ་སྤྱོད་དང་རུལ་སུངས་ཀྱི་གནད་དོན་ལ་དམིགས་ཏེ། གོང་འོག་མཉམ་འགུལ་རྒྱུན་འཁྱོངས་དང་ཕྱོགས་ཡོངས་རང་བཤེར་བྱས་ནས། ཞིང་སྡེའི“མ་དངུལ་དང་རྒྱུ་ནོར། ཐོན་ཁུངས་གསུམ”གྱི་ལྟ་སྐུལ་དོ་དམ་ཡུན་ཕན་ལམ་སྲོལ་འཐུས་ཚང་དུ་བཏང་སྟེ། སྡེ་བའི་ཐུན་མོང་གི་རྒྱུ་ནོར་ཚད་ལྡན་ངང་འཁོར་སྐྱོད་བྱེད་པར་འགན་སྲུང་བྱ་དགོས། གསུམ་ནི་ཞབས་ཞུའི་འགན་སྲུང་ལ་ཤུགས་བསྣན་ཏེ།མུ་མཐུད་དུ་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ་དང་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་བསྐྱེད་པ། ཞིང་བར་ཕན་པའི་སྲིད་ཇུས་དོན་ཐོག་འཁྱོལ་བ། ཞིང་ལས་ལག་རྩལ་ཞབས་ཞུའི་མཛུབ་ཁྲིད་ལ་ཤུགས་སྣོན་པ། ཆེད་ལས་མཉམ་ལས་ཁང་འཛུགས་སྐྲུན་ཇེ་ལེགས་སུ་གཏོང་བ།རོང་འབྲོག་མང་ཚོགས་ཀྱི་ཐོན་སྐྱེད་ཧུར་བརྩོན་རང་བཞིན་ལ་སྐུལ་སློང་བྱེད་པ། ཞིང་ཕྱུགས་ལས་ཐོན་ལས་ཅན་ལ་སྐུལ་འདེད་གཏོང་བ། ཞིང་ཕྱུགས་ལས་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་ཇེ་རྒྱས་སུ་གཏོང་བ་བཅས་བྱ་དགོས། བཞི་ནི་གསོ་སྤེལ་རྟེན་གཞི་སོ་སོའི་ལས་གཉེར་བྱ་བར་སྐུལ་འདེད་བཏང་སྟེ། རྣམ་གྲངས་ལས་གཉེར་གཅིག་གྱུར་འཆར་འགོད་ཀྱི་བྱ་བ་ལེགས་པོར་བསྒྲུབ་པ། རྣམ་གྲངས་ཀྱི་རྒྱུ་ནོར་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ། ཞིང་འབྲེལ་ལམ་སྲོལ་འཐུས་ཚང་དུ་གཏོང་བ།ཐོན་ལས་རོགས་སྐྱོར་གྱི་ཕན་ནུས་འདོན་སྤེལ་བཅས་བྱས་ཏེ།རོང་འབྲོག་མང་ཚོགས་ཀྱི་ལས་གཏོད་དང་ལས་ཞུགས།ཡོང་འབབ་སོགས་ཀྱི་ཐད་ནས་སྐུད་ཁྲིད་ཀྱི་ནུས་པ་ཐོན་དགོས། ལྔ་ནི་ཁྱད་ཆོས་ལྡན་པའི་ཐོན་ལས་འདེམ་ཤེས་བྱས་ཏེ།སྡེ་བ་སོ་སོའི་ཐོན་ཁུངས་ལེགས་ཆ་དང་ཐོན་ལས་རྨང་གཞིར་རྐང་ཚུགས་ནས། ཁྱད་ལྡན་ཐོན་ལས་གཞི་ཁྱོན་ཅན་དང་ཟོང་རྟགས་ཅན། ཁྲོམ་ར་ཅན། ཚད་ལྡན་ཅན་གྱི་འཕེལ་རྒྱས་ལ་མགྱོགས་མྱུར་ངང་སྐུལ་འདེད་བྱས་ཏེ།མུ་མཐུད་དུ་ཁྲོམ་རའི་འགྲན་རྩོད་ནུས་པ་མཐོར་འདེགས་སུ་བཏང་ནས། ཞིང་ཕྱུགས་ལས་ཀྱི་ཐོན་ལས་དར་སྤེལ་དུ་འགྲོ་བར་མངོན་འགྱུར་བྱ་དགོས།