སྐད་འཕྲིན་ལ་གསར་བསྒྱུར་ཆེན་པོ་བྱ་རྒྱུ་རེད།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། མི་དམངས་དྲ་བ། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར་གནས་འཕྲིན་སྤེལ་དོན། སྐད་འཕྲིན་གྱིས་ཁ་བརྡའི་ཟིན་ཐོ་གྲབས་ཉར་གྱི་ནུས་པ་ལེགས་སུ་བཏང་སྟེ། Uསྡེར་སོགས་གསོག་འཇོག་སྒྲིག་ཆས་སྣ་ཚོགས་ལ་རྒྱབ་སྐྱོར་བྱེད་ཀྱི་རེད། དེའི་ཐད་སྐད་འཕྲིན་ཕྱོགས་ཀྱིས་ཁྱབ་ཁོངས་ཆུང་བའི་སྒོ་ནས་ཁ་བརྡའི་ཟིན་ཐོ་གྲབས་ཉར་བྱེད་པའི་ནུས་པ་ལེགས་སུ་གཏོང་བཞིན་ཡོད་ཅེས་བཤད།
སྐད་འཕྲིན་གྱིས་བསྟན་དོན། མིག་སྔའི་རྩིས་འཁོར་ཁོ་ནར་གྲབས་ཉར་བྱེད་ཐུབ་པ་དང་བསྡུར་ན། ལེགས་སྒྱུར་བྱས་རྗེས་ཀྱི་བྱེད་ནུས་ཀྱིས་སྤྱོད་མཁན་གྱིས་ལག་ཐོགས་ཁ་པར་གྱི་སྐད་འཕྲིན་བརྒྱུད་ནས་ཁ་བརྡའི་ཟིན་ཐོ་ཕྱི་རོལ་གྱི་གསོག་འཇོག་སྒྲིག་ཆས(དཔེར་ནUསྡེར་དང་སྒུལ་སྡེར་སོགས)དུ་གྲབས་ཉར་བྱེད་པར་རྒྱབ་སྐྱོར་བྱེད་པ་མ་ཟད། གྲབས་ཉར་ཡིག་ཆ་མང་པོ་གསར་འཛུགས་དང་དོ་དམ་བྱེད་ཐུབ་པ་དང་། རང་འགུལ་གྲབས་ཉར་ལ་རྒྱབ་སྐྱོར་བྱེད་ཐུབ། མིག་སྔར། ནུས་པ་དེ་གསར་སྒྱུར་བྱས་ནས་ཚོད་ལྟའི་ཁྱབ་ཁོངས་མུ་མཐུད་རྒྱ་ཆེར་གཏོང་བཞིན་ཡོད་པ་རེད།
ཁ་བརྡའི་ཟིན་ཐོ་གྲབས་ཉར་གྱི་ཐབས་ལམ་ཞིབ་གསལ་ནི“སྐད་འཕྲིན་སྒྲིག་འགོད--སྤྱི་སྤྱོད--ཁ་བརྡའི་ཟིན་ཐོ་དང་སྤོ་སྒྱུར--གྲབས་ཉར་དང་སླར་གསོ་ཡིན། གལ་ཏེ་ཁྱོད་ཀྱི་སྐད་འཕྲིན་བྱེད་ནུས་དེའི་སྐྱ་ཚད་ཚོད་ལྟའི་ཁྱབ་ཁོངས་སུ་ཡོད་ན། ད་ལྟ་གྲབས་ཉར་དང་སླར་གསོ་ལས“རྩིས་འཁོར་དངUསྡེར་སོགས་གསོག་འཇོག་སྒྲིག་ཆས་མང་པོ་ཞིག་ཏུ་གྲབས་ཉར་བྱེད་པ”དང་། ཡང་ན“རང་འགུལ་གྲབས་ཉར་ལ་རྒྱབ་སྐྱོར”འདེམས་ཆོག་པ་མཐོང་ཐུབ།
གྲབས་ཉར་ཁྱབ་ཁོངས་ནི་ཁ་བརྡ་ཚང་མའམ་ཡང་ན་དམིགས་འཛུགས་ཁ་བརྡ་འདེམས་ཆོག་ལ། དུས་ཚད་གཏན་འཁེལ་ཡང་བྱས་ཆོག གཞན་ཡང་སྤྱོད་མཁན་གྱིས་ད་དུང་རང་འགུལ་གྲབས་ཉར་བྱེད་སྒོ་ཕྱེ་ནས་གློག་ཚད20%མ་ཟིན་ཚེ་གྲབས་ཉར་བྱེད་མཚམས་འཇོག་རྒྱུར་རྒྱབ་སྐྱོར་བྱས་ནས་ལག་ཐོགས་ཁ་པར་གྱི་གློག་གྲོན་ཆུང་བྱེད་ཐུབ།