རབ་མཛེས་མཚོ་སྔོན་སྐོར་བའི་ལྕགས་རྟ་འགྲན་སྡུར་གྱི་ལམ་ཐིག་འདི་ན་གསལ།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། མཚོ་བྱང་མདོ་ལ་བོད་ཡིག་ཚགས་པར། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
2025ལོའི"ཀྲུང་གོ་བཟོ་ཚོང་དངུལ་ཁང་རྟགས་མའི"རབ་མཛེས་མཚོ་སྔོན་སྐོར་བའི་རྒྱལ་སྤྱིའི་གཞུང་ལམ་ལྕགས་རྟ་འགྲན་སྡུར་སྐབས་ཉེར་བཞི་པ་མཚོ་སྔོན་ཟི་ལིང་དུ་མགོ་རྩོམ་རྒྱུ་ཡིན་པ་དང་། གོ་ལ་ཧྲིལ་པོའི་གླིང་ཆེན་བཞིའི་རྒྱལ་ཁབ11གི་རུ་ཁག22དང་། ལུས་རྩལ་པ154འགྲན་བསྡུར་ནང་ཞུགས་རྒྱུ་རེད།

མཚོ་སྐོར་འགྲན་སྡུར་མགོ་རྩོམ་པར་ད་དུང་ཉིན3ཡོད་ལ། རྩོམ་སྒྲིག་པས་ཁྱོད་རང་ཁྲིད་ནས་ཐེངས་འདིའི་འགྲན་སྡུར་གྱི་ལམ་ཐིག་རི་མོ་ཆ་ཚང་ལ་ཞིབ་ཀྱིས་ཐེངས་གཅིག་གཟིགས་པར་ཞུ། འགྲན་སྡུར་ལམ་དུམ་ཆེན་པོ8དང་སྤྱི་ལེ1400ཡོད་ལ། རྒྱང་སྐྱོད་ལམ་ཐིག་དེ་མཚོ་སྔོན་གྱི་རྩེར་སོན་ཡུལ་ལྗོངས་དང་ཚད་མཐོའི་འགྲན་སློང་གཉིས་ཟུང་འབྲེལ་བྱས་ཡོད། འདི་ནི་འགྲན་སྡུར་ཙམ་མ་ཡིན་པར་མཚོ་བོད་མཐོ་སྒང་ལ་འཚོལ་ཞིབ་གཏིང་ཟབ་བྱེད་པའི་འགྲུལ་བཞུད་ཅིག་ཀྱང་ཡིན་པས་སྐུ་ཉིད་ལམ་དུ་ཆས་རོགས།

S1 ཟི་ལིང་གི་གྲོང་སྐོར་འགྲན་སྡུར། 

ཟླ7པའི་ཚེས6ཉིན།
འགྲན་མཚམས་དང་པོ་ནི་ཟི་ལིང་གི་སྐོར་འགྲན་རིམ་པ་ཡིན་ལ་སྐོར་བ་གཅིག་ལ་སྤྱི་ལེ13.4དང་སྐོར་ཐེངས9ཡོད། ཁྱོན་བསྡོམས་སྤྱི་ལེ121གི་འགྲན་རིམ་ཡོད། འགྲན་རིམ་ཧྲིལ་པོའི་ནང་སྐོར་བ་གསུམ་པ་དང་ལྔ་པ། དྲུག་པ་བཅས་སུ་མཐའ་མའི་གདོང་མཆོང་ས་ཚིགས་གསུམ་བཙུགས་ཡོད་པ་དང་། སྤྱི་ལེ24.7དང་སྤྱི་ལེ51.5ཡི་སར་རིམ་པ་བཞི་པའི་ལ་བརྒལ་ས་ཚིགས་བཀོད་སྒྲིག་བྱས་ཡོད།

S2 སྟོད་པ།-ཧོར་གྲོང་།

ཟླ7པའི་ཚེས7ཉིན།
འགྲན་མཚམས་གཉིས་པ་ནི་སྟོད་པ་ནས་ཧོར་གྲོང་ཡིན་ལ། འགྲན་རིམ་ཧྲིལ་པོར་སྤྱི་ལེ152ཡོད་པ་དང་ལམ་བར་དུ་སྟོང་སྐོར་གནའ་མཁར་བརྒྱུད་དེ་རྟ་ཐང་དང་ཧོར་གྲོང་དུ་སྐྱོད་པ། སྤྱི་ལེ25.2དང( སྟོང་སྐོར་གནའ་མཁར) སྤྱི་ལེ102.7(ལོ་ཡེ་རི་བོ་ལྗོངས་ཁུལ)མཚམས་སར་མཐའ་མའི་གདོང་མཆོང་ས་ཚིགས་བཙུགས་ཤིང་ཐེངས་འདིའི་རབ་མཛེས་མཚོ་སྔོན་སྐོར་བའི་ལྕགས་རྟ་སྐོར་སྐྱོད་འགྲན་སྡུར་གྱི་དཀའ་གནད་དང་པོ་ཡང་དེ་རེད།

S3 ཧོར་གྲོང་།-འཇུ་ལག 

ཟླ7པའི་ཚེས8ཉིན།
འགྲན་མཚམས་གསུམ་པ་ནི་ཧོར་གྲོང་ནས་ལམ་ལ་ཆས་ཏེ་འཇུ་ལག་ཏུ་སྐྱོད་པའི་འགྲན་སྡུར་གྱི་ལམ་ཐག་ཧྲིལ་པོར་སྤྱི་ལེ220ཡོད་ལ། ལམ་དུ་མཚོན་རྟགས་རང་བཞིན་གྱི་ལམ་དུམ"ཧོར་གྲོང་ཉི་མ་ལུང"བརྒྱུད་ནས་འགྲན་ཞུགས་པ་རྣམས་ཀྱིས"ལ་བརྒལ་འགྲན་ཆེན"དང་འགྲན་སྡུར་ལམ་དུམ་རིང་པོ། གསེར་མདོག་ལོག་དཀར་མེ་ཏོག་རྒྱ་མཚོའི་མཐོང་ཚོར་དང་ལ་བརྒལ་བཟོད་ཤུགས་གཉིས་མཉམ་གཅིག་མྱོང་རོལ་བྱེད་པ།

S4 འཇུ་ལག-མདོ་ལ། 

ཟླ7པའི་ཚེས9ཉིན།
འགྲན་མཚམས་བཞི་པ་ནི་འཇུ་ལག་ནས་ལམ་ལ་ཆས་ཏེ་མདོ་ལར་སྐྱོད་པའི་འགྲན་སྡུར་གྱི་ལམ་ཐག་ཧྲིལ་པོར་སྤྱི་ལེ173ཡོད་ལ། འགྲན་ཞུགས་པ་རྣམས་ཀྱིས་བསྟུད་མར་མཚོ་འཕགས་མཐོ་བའི་ལ་བརྒལ་དང་གཡང་གཟར་གྱི་རི་ལམ་བརྒྱུད་པར་མཉམ་གཅིག་འགྲན་སློང་བྱེད་པ།

S5 མདོ་ལ།-རྐང་ཚ། 

ཟླ7པའི་ཚེས10ཉིན།
འགྲན་མཚམས་ལྔ་པ་ནི་མདོ་ལ་ནས་ལམ་ལ་ཆས་ཏེ་རྐང་ཚར་སྐྱོད་པས་འགྲན་ཞུགས་པ་རྣམས་ཀྱིས་མཚོ་སྔོན་པོའི་བྱང་ངོགས་བརྒྱུད་ནས་མཚོ་སྔོན་པོ་དང་ཆེས་བར་ཐག་ཉེ་བའི་སྤྱི་ལེ169ཡོད་པའི་མཚོ་སྐོར་འགྲུལ་བཞུད་ཉམས་སུ་ལེན་པ།

S6 རྐང་ཚ།-གུང་ཧོ། 
ཟླ7པའི་ཚེས11ཉིན།
འགྲན་མཚམས་དྲུག་པ་ནི་རྐང་ཚ་ནས་ཆས་ཏེ་གུང་ཧོ་རུ་བསྐྱོད་དེ་བསྟུད་མར་སྤྱི་ལེ233ཅན་གྱི་ལ་རིང་བརྒྱུད་ནས་ཆེས་རིང་བའི་འགྲན་རིམ་དང་། མཐོ་སྒང་གི་བཙག་རླུང་རྒོལ་བའི་འགྲན་སློང་ཞིག་ཡིན་པས་འདི་ནི་ཐེངས་འདིའི་ཆེས་རིང་བའི་ལམ་ཐིག་གི་འགྲན་སྡུར་ས་ཚིགས་ཤིག་ཡིན།

S7 གུང་ཧོ། - མདའ་བཞི། 

ཟླ7པའི་ཚེས12ཉིན།
འགྲན་མཚམས་བདུན་པ་ནི་གུང་ཧོ་ནས་ལམ་ལ་ཆས་ཏེ་མདའ་བཞིར་སྐྱོད་པའི་འགྲན་སྡུར་གྱི་ལམ་ཐག་ཧྲིལ་པོར་སྤྱི་ལེ137ཡོད་ལ། འགྲན་ཞུགས་པས་དབྱང་དབུགས་མི་འདང་བའི་ཁྲོད་གངས་རིའི་ཉག་ག་བརྒལ་ནས་རླུང་འཚུབ་དང་དྲོད་ཚད་དམའ་བའི་འོག་ལག་རྩལ་ལྡན་པའི་འགྲན་སྡུར་ལ་བརྩོན་རྒྱུ་རེད།

S8 སྨོན་ལམ་མཐོན་པོ་བསྐོར་བའི་འགྲན་སྡུར། 
ཟླ7པའི་ཚེས13ཉིན།
འགྲན་སྡུར་གྱིས་ཆེས་མཇུག་མཐའི་ས་ཚིགས་བརྒྱད་པ་སྟེ་སྨོན་ལམ་མཐོན་པོའི་འགྲན་མཚམས་ཀྱི་ལམ་ཐག་ཧྲིལ་བོར་སྤྱི་ལེ121ཡོད་ལ། གཡང་གཟར་གྱི་བགྲོད་ལམ་སྟེང་བརྒྱུད་ནས་འགྲན་ཞུགས་པ་རྣམས་ཀྱིས་མཇུག་མཐའི་ཨང་རིམ་དང་པོ་རྩོད་རྒྱུ་རེད།