དགོ་དམར་འགེབས་སྲུང་བྱེད་པའི“མིག་དཔེ་གསར་པ” བཏོན།
发布时间:2025年07月04日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

   ཉེ་བའི་ལོ་ཤས་རིང་ལ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་སྲུང་སྐྱོ་ལམ་སྲོལ་འཐུས་ཚང་དང་ཚན་རྩལ་ནུས་ཤུགས་འདོན་སྤེལ སྤྱི་ཚོགས་མཉམ་ཤུགས་གཅིག་སྡུད་སོགས་ཀྱི་བྱེད་སྟངས་བརྒྱུད་དེ། དགོ་དམར་སྲུང་སྐྱོ་ལས་དོན་མ་ལག་ཅན་དང་ཤེས་རིག་ཅན། དམངས་ཡོངས་ཅན་བཅས་ཀྱི་དུས་རིམ་གསར་པའི་ཕྱོགས་སུ་བསྐྱོད་པར་སྐུལ་འདེད་བཏང་ནས། སྟོངས་ཉེའི་སྲོག་ཆགས་སྲུང་སྐྱོ་བསྐྱར་དར་དང་ཁྱབ་གདལ་བཏང་ཆོག་པའིརྐང་ཚའི་མིག་དཔེ”མངོན་པར་བྱས་ཏེ། མིག་སྔར་མཚོ་སྔོན་པོའི་མཐའ་འཁོར་དགོ་དམར་གྱི་གྲངས་ཀ2007ལོའི300ལྷག་ཙམ་ནས3400ལྷག་ཙམ་བར་སླར་གསོ་བྱུང་ཡོད། 

 སྲུང་སྐྱོ་ལམ་སྲོལ་འཐུས་ཚང་དུ་བཏང་ནས་མཐུན་སྦྱོར་སྲུང་སྐྱོབ་ཀྱི་རྣམ་པ་གསར་པ་འཛུགས་པ་དང་འགན་འཁྲིའི་སྦྲེལ་ཐག་དམ་ཟབ་ཏུ་གཏོང་། མངའ་ཁོངས་སྲུང་སྐྱོ་དོ་དམ་གྱི་འགན་འཁྲི་ལག་བསྟར་བྱས་ཏེ།རྫོང་རིམ་པའི་དགོ་དམར་སྲུང་སྐྱོ་ཆེད་དོན་ལས་སྒྲུབ་ཚོགས་པ་བཙུགས་ཤིང་།རྫོང་དང་ཡུལ་ཚོ་རིམ་པ་གཉིས་ཀྱི་མངའ་ཁོངས་དོ་དམ་འགན་འཁྲི་གསལ་བོར་བཟོས་པ་དང་རྫོང་དང་ཡུལ་ཚོ་སྡེ་བ་བཅས་རིམ་པ་གསུམ་གྱི་ནགས་ཚལརྩྭ་ཐངདཔོན་གྱི་དོ་དམ་སྲུང་སྐྱོ་འགན་འཁྲི་ནན་མོ་བྱས་ཏེ།རོགས་སྐྱོབ་སྐོར་སྲུང་ས་ཚིགས་བཙུགས་པ་དང་།“ས་ཁོངས་དགར་ནས་འགན་འཁུར་བ་དང་འགན་འཁྲི་མི་ལ་སྤྲོད་པའི”དྲ་བ་ཅན་གྱི་དོ་དམ་སྲུང་སྐྱོ་ལམ་སྲོལ་བཙུགས་ནས་ས་ཁོངས་ཡོངས་ལ་ཁྱབ་པ་དང་སྐོར་ཞིབ་ལས་དོན་མངོན་འགྱུར་བྱས།རྨང་གཞིའི་འགན་སྲུ་བྱེད་ཤུགས་ཆེ་རུ་བཏང་བ་དང་།རྐང་ཚ་རྫོང་དགོ་དམར་སྲུང་སྐྱོ་སྤྱི་གླིང་བསྐྲུན་པའི་ལས་བགོས་ཇུས་གཞིབཏོན་ཏེ།དགོ་དམར་རྒྱལ་ལམ315རུ་བརྒལ་བའི་བགྲོད་ལམ་གསར་འཛུགས་བཟོ་སྐྲུན་ལེགས་གྲུབ་བྱུང་ནས།དགོ་དམར་སྲུང་སྐྱོ་དང་རྟོག་འཇལ་རྣམ་གྲངས་ལག་བསྟར་བྱ་རུང་ཅན་གྱི་ཞིབ་འཇུག་སྙན་ཞུ་བྲིས་ཏེསྟབས་བདེའི་བགྲོད་ལམ45བསྐྲུན་པ་དང་། རིགས་མི་འདྲ་བའི་ཉེན་བརྡའི་མཚོན་རྟགས12དང་དྲིལ་བསྒྲགས་གླེགས་བྱང5བཀོད་སྒྲིག་བྱས་ཏེ།“ལམ་དུ་སྲོག་ཆགས་གདོང་ཐུག”གི་ཉེན་ཁ་གཞི་ནས་སེལ། འཚོ་གནས་ཁོར་ཡུག་ཇེ་ལེགས་སུ་བཏང་སྟེ། མུ་མཐུད་དུ་དགོ་དམར་དམིགས་བསལ་སྲུང་སྐྱོང་ཁུལ་འཛུགས་སྐྲུན་ལ་ཤུགས་སྣོན་བརྒྱབ་ནས་ས་མཚམས་གླེགས་བྱང4དང་ཟན་རྩྭ་འཕེན་ས10དང་ཆུ་འཐུང་ས8བཙུགས་ཏེ།དགུན་དུས་རྩྭ་ཆུ་དཀོན་དུས་ཁྱོན་བསྡོམས་གཟན་རྩྭ་ཏུན500ལྷག་ཙམ་བྱིན་ལ།དགོ་དམར་གྱི་འཚོ་གནས་དགོས་མཁོ་འགན་སྲུང་བྱས། ཁྱོན་བསྡོམས་སྤྱི་ལེ42ཀྱི་ལྕགས་དྲའི་ཚེར་སྐུད་བཏོས་པ་དང་ལྕགས་དྲའི་མཐོ་ཚད་སྨི1.5ནས་སྨི1.2བར་ཇེ་དམའ་རུ་བཏང་སྟེ་དགོ་དམར་འགུལ་སྐྱོད་ལ་འགོག་རྐྱེན་ཐེབས་པ་ཇེ་ཉུང་དུ་ཕྱིན་ཡོད། 

 ཚན་རྩལ་ནུས་ཤུགས་ཇེ་དྲག་ཏུ་བཏང་སྟེ་ཤེས་རིག་རྟོག་འཇལ་གྱི་རྣམ་པ་གསར་གཏོད་དང་ཤེས་རིགརྟོག་འཇལ་དྲ་རྒྱ་བཙུགས་པ། མིས་བཟོས་རིག་ནུས་སྐྱེ་ཁམསརྟོག་འཇལ་མ་ལག་བསྐྲུན་ནས་བརྙན་ལེན་ཆས1བཀོད་སྒྲིག་བྱས་ཏེ་རྫོང་ཡོངས་སུ་དམར་ཕྱིའི་པར་ཆས་རྟོག་འཇལ་ས་ཚིགས120བཙུགས་པ་དང་། དགོ་དམར་འཚོ་གནས་ས་ཁུལ་དུ་ཁྱོན་ཡོངས་དང་ལངས་གཟུགས་ཅན་གྱི་རྟོག་འཇལ་དྲ་རྒྱ་བཙུགས་ནས་དགོ་དམར་འགུལ་སྐྱོད་རྗེས་ཤུལ་དུས་ཐོག་ངོས་འཛིན་བྱས་ཏེ། ཁྱུ་ཚོགས་ཀྱི་གྲངས་འབོར་དང་གནས་སྤོས་ཆོས་ཉིད་ལ་གནད་དུ་འཁེལ་བའི་སྒོ་ནས་བསྡོམས་རྩིས་བྱས་ནས་གཞི་གྲངས5000ལྷག་ཙམ་བསྡུ་རུབ་བྱས། འགུལ་རྣམ་སྐོར་ཞིབ་བྱེད་ཐབས་གསར་གཏོད་བྱས་ཏེ། མི་མེད་གནམ་གྲུའི་སྐོར་སྐྱོད་དང་དམར་ཕྱིའི་པར་ཆས་རྟོག་འཇལ། འགུལ་རྣམ་སྐོར་ཞིབ་སོགས་ཀྱི་ལག་རྩལ་མཉམ་འདྲེས་བྱས་ཏེ་རི་སྐྱེས་སྲོག་ཆགས་ཀྱི་རྒྱུན་གཏན་འགུལ་རྣམ་ལྟ་ཞིབ་ལ་ཤུགས་བསྣན་ནས་འཚོ་སྡོད་བྱེད་པའི་ས་ཁུལ་དུ་སྔོན་བརྡ་གཏོང་བ་དང་རིམས་ནད་འབྱུང་ཁུངས་དང་རིམས་ནད་ལ་རྟོག་འཇལ་བྱེད་པའི“འཆར་ཤེལ་གཅིག་གིས་དོ་དམ་ཚོད་འཛིན་བྱེད་པའི”ཁྲིམས་འགལ་བྱ་སྤྱོད་ཤེས་རྟོགས་ཀྱི་ཚད60%ཇེ་མཐོ་རུ་ཕྱིན་ཡོད སྐྱེ་ཁམས་ཞིབ་འཇུག་སློབ་གསོའི་རྟེན་གཞི་བཙུགས་ཤིང་། སྒོར་ཁྲི2900ལྷག་ཙམ་བཏང་ནས་ཞིབ་འཇུག་དང་ཚན་རིག་ཁྱབ་གདལ ལྟ་སྐོར་སོགས་ཕྱོགས་བསྡུས་གནས་སྐོར་གཞི་གཅིག་ཏུ་འདུས་པའི་དགོ་དམར་ཚན་རིག་ཁྱབ་གདལ་ཞིབ་འཇུག་སློབ་གསོའི་རྟེན་གཞི་བསྐྲུན་ནས་སྐྱེ་ཁམས་སློབ་གསོ་དང་སྐྱེ་ཁམས་ཞིབ་འཇུག ས་གནས་ཀྱི་རི་སྐྱེས་སྲོག་ཆགས་སྲུང་སྐྱོང་བཅས་ཁྱད་ཆོས་ལྡན་པའི་ནུས་པ་ཆེན་པོ་གསུམ་བཏོད་དེ་སྐྱེ་ཁམས་ཞིབ་འཇུག་སློབ་གསོའི་བྱེད་སྒོ་ཐེངས205དང་མི་ཐེངས3772སྤེལ་བ་དང་དགོ་དམར12སྐྱབས། 

 སྤྱི་ཚོགས་ནང་ཞུགས་ར་སྐུལ་འདེད་བཏང་ནས་དམངས་ཡོངས་ཀྱིས་ཐུན་མོང་སྲུང་སྐྱོ་བྱེད་པའི་སྟོབས་ཤུགས་གསར་པ་གཅིག་སྒྲིལ་བྱེད་པ།  དྲིལ་བསྒྲགས་སློབ་གསོར་ཤུགས་བསྣན་ཏེ། གྱོད་དཔེ་སྒྲོག་བཤད་དང་ཉེན་བརྡ་འགྲེམས་སྟོན ཁྲིམས་ཁྱབ་ལག་དེབ་སོགས་ཀྱི་བྱེད་ཐབས་བརྒྱུད་དེ་འབྲོག་པ་མང་ཚོགས་མི་ཐེངས་ཁྲི2ལྷག་ཙམ་ལ་ཁྱབ་བསྒྲགས་བྱས་ནས། “སྲོག་ཆགས་སྲུང་སྐྱོབྱེད་པར་མི་བུ་ཚང་མར་འགན་འཁྲི་ཡོད”ཅེས་པའི་སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་ཆགས་ཡོད དམངས་ཁྲོད་ཀྱི་སྟོབས་ཤུགས་འདོན་སྤེལ་བྱསཏེ། སྲིད་གཞུང་དང་མང་ཚོགས། སྤྱི་ཚོགས་རྩ་འཛུགས་བཅས་ཀྱིས་ཐུན་མོང་འཛུགས་སྐྲུན་དང་ཐུན་མོང་བཅོས་སྐྱོང་བྱེད་པའི་སྲུང་སྐྱོབ་ཐུན་མོང་ཚོགས་པ་བཙུགས་ནས་འབྲོག་དམངས560ལྷག་སྐྱེ་ཁམས་དོ་དམ་སྲུང་སྐྱོ་པ་ལ་བསྒྱུར་ར་སྐུལ་ཁྲིད་བྱས་ཏེ། ལོ་རེར་དོ་དམ་སྲུང་སྐྱོ་མ་དངུལ་སྒོར་ཁྲི847.9སྟེར་ཞིང་། རིམ་རྩིས་བྱས་ན་རྨས་དང་ནད་ཕོག་པའི་དགོ་དམར40ལྷག་ཙམ་སྐྱབབྱུང་། སྐྱེ་ཁམས་སྲུང་སྐྱོ་དང་ལྗང་མདོག་འཕེལ་རྒྱས”ཀྱི་ཐབས་ལམ་འཚོལ་ཞིབ་དང་དགོ་དམར་བརྗོད་དོན་གྱི་རིག་གནས་གནས་སྐོར་རྣམ་གྲངས་གསར་སྤེལ་བགྱིས་ཏེ འབྲོག་པས་སྐྱེ་ཁམས་གནས་སྐོར་ལ་བརྟེན་ནས་ཡོང་འབབ་འཕར་སྣོན་ཡོང་བར་ཁྲིད་སྟོན་བྱས་ནས། ཁྱོན་བསྡོམས་གནས་སྐོར་བ་མི་ཐེངས་ཁྲི1.22སྣེ་ལེན་བྱས་ཤིང་།ཡོང་འབབ་སྒོར་ཁྲི15.4ཐོབ་པ་དང་། ས་གནས་འདི་གའི་སྡོད་དམངས4ལས་ཞུགས་སུ་བསྡུ་ལེན་བྱས་ནས་སྐྱེ་ཁམས་སྲུང་སྐྱོ་དང་དམངས་ཚིས་ཇེ་ལེགས་སུ་བཏང་ཡོད།