སྐབས་བཅུ་པའི་ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་ཕུལ་བྱུང་འགྲན་བསྡུར་གསར་འགྱུར་ཚོགས་འདུ་འཚོགས།
发布时间:2025年07月10日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

    ཟླ7པའི་ཚེས7ཉིན། སྐབས་བཅུ་པའི་ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་ཕུལ་བྱུང་འགྲན་བསྡུར་གསར་འགྱུར་ཚོགས་འདུ་ཟི་ལིང་གྲོང་ཁྱེར་མཁར་ཤར་ཁུལ་མཚོ་བྱང་ཁུལ་ལས་བྱེད་པ་རྒན་གྲས་བྱ་འགུལ་ལྟེ་གནས་སུ་འཚོགས། ཞིང་ཆེན་ལུས་རྩལ་ཅུའུ་ཅུའུ་ཀྲང་གཞོན་པ་ལིག་ཞིན་ཧའེ་ཡིས་འགྲན་བསྡུར་གནས་ཚུལ་བསྒྲགས་པ་དང་། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་མྰ་རའོ་ཞང་གིས་ཤིས་ཚིག་ཕུལ། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་མྰཧྲིན་ལེན་གྱིས་རྐང་ཚ་རྫོང་གི་རིག་གནས་ཡུལ་སྐོར་ཐོན་ཁུངས་ལ་ཡུལ་དངོས་ནས་ངོ་སྤྲོད་བྱས།

图片

图片

     སྐབས་བཅུ་པའི་ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་ཕུལ་བྱུང་འགྲན་བསྡུར་ཟླ7ཚེས19ཉིན་ནས་ཟླ7ཚེས21བར་རྐང་ཚ་རྫོང་དུ་གཟབ་རྒྱས་ངང་འཚོག་རྒྱུ་ཡིན་པ་དང་། སྐབས་འདིའི་འགྲན་བསྡུར་ལ་ལོ་རྒྱུས་རང་བཞིན་གྱི་ལོ་འཁོར་བཅུ་ཡི་དོན་སྙིང་ལྡན། འགྲན་བསྡུར་ལ་ཀྲུང་གོའི་མདའ་འཕེན་མཐུན་ཚོགས་ཀྱིས་མཛུབ་ཁྲིད་དང་།མཚོ་སྔོན་ཞིང་ཆེན་ལུས་རྩལ་ཅུའུ་དང་།མཚོ་སྔོན་ཞིང་ཆེན་མི་རིགས་ཆོས་ལུགས་ལས་དོན་ཨུ་ཡོན་ལྷན་ཁང་།མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མི་དམངས་སྲིད་གཞུང་།མཚོ་སྔོན་ཞིང་ཆེན་ལུས་རྩལ་སྤྱི་ཁྱབ་ལྷན་ཚོགས་བཅས་ཀྱིས་གཙོ་སྒྲུབ་དང་།མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མི་དམངས་སྲིད་གཞུང་དང་མཚོ་སྔོན་ཞིང་ཆེན་མདའ་འཕེན་ལུས་རྩལ་མཉམ་འབྲེལ་ལྷན་ཚོགས་ཀྱིས་འགན་སྒྲུབ་བྱེད་པ་དང་།མཚོ་སྔོན་ཞིང་ཆེན་ལུས་རྩལ་འགྲན་བསྡུར་དོ་དམ་ལྟེ་གནས་དང་།མཚོ་སྔོན་ཞིང་ཆེན་ལུས་རྩལ་རྒྱན་ཤོག་འགྲེམས་སྤེལ་ལྟེ་གནས།མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་རིག་གནས་ལུས་རྩལ་ཡུལ་སྐོར་རྒྱང་སྒྲོག་བརྙན་ཅུས་བཅས་ཀྱིས་རོགས་སྒྲུབ་བྱེད་རྒྱུ་ཡིན། 

图片

图片

     རྐང་ཚ་རྫོང་གིས་སྐབས་བཅུ་པའི་འགྲན་བསྡུར་གྲ་སྒྲིག་ལས་འགན་དང་ལེན་བྱས་པ་ནས་བཟུང་ཞིང་ཆེན་ལུས་རྩལ་ཅུའུ་དང་།ཞིང་ཆེན་མདའ་འཕེན་མཉམ་འབྲེལ་ལྷན་ཚོགས།ཁུལ་ཨུ་དང་ཁུལ་སྲིད་གཞུང་།དེ་བཞིན་འབྲེལ་ཡོད་སྡེ་ཁག་བཅས་ཀྱི་རྒྱབ་སྐྱོར་དང་རོགས་རམ་འོག གྲ་སྒྲིག་ལས་དོན་སོ་སོར་ཕན་ནུས་མཐོ་བའི་སྐུལ་འདེད་བཏང་ཡོད། དུས་ཐོག་ཏུ2025ལོའི་སྐབས་བཅུ་པའི་ཀྲུང་གོ·མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་མདའ་འཕེན་ཕུལ་བྱུང་འགྲན་བསྡུར་འཁོར་སྐྱོད་འགན་སྒྲུབ་སྐོར་གྱི་ཇུས་གཞིབཟོས་པ་དང་། ཏང་སྲིད་ཀྱི་འགན་འཁུར་བ་གཙོ་བོའི་འགོ་ཁྲིད་བྱེད་པའི་གྲ་སྒྲིག་འགོ་ཁྲིད་ལས་དོན་ཚོ་ཆུང་བཙུགས་པ་དང་།དེའི་གཤམ་དུ་ཕྱོགས་བསྡུས་མཐུན་སྦྱོར་ཚོ་ཆུང་དང་།ལས་དོན་སྣེ་ལེན་ཚོ་ཆུང་།སྙན་ཞུ་དྲིལ་སྒྲོག་ཚོ་ཆུང་སོགས་ལས་དོན་ཚོ་ཆུང་བཅུ་གཅིག་བཙུགས་ནས་གྲ་སྒྲིག་ལས་དོན་ཁྲོད་འཕྲད་པའི་གནད་དོན་སྣ་ཚོགས་གཅིག་གྱུར་གྱིས་ཐག་གཅོད་བྱས་ཏེ་གྲ་སྒྲིག་ལས་དོན་ཕན་འབྲས་མཐོ་བའི་འཁོར་སྐྱོད་འགན་ལེན་བྱེད་པར་ནུས་ཤུགས་ཡོད་རྒུས་བཏོན་ཡོད། མིག་སྔར་ལུས་རྩལ་པ་རྩ་འཛུགས་གདན་འདྲེན་དང་།འགྲན་བསྡུར་བྱ་ཡུལ་འཛུགས་སྐྲུན།བྱ་འགུལ་གྲ་སྒྲིགཞབས་ཞུའི་འགན་ལེན་སོགས་ལས་དོན་ཡོད་ཚད་འཆར་གཞི་ལྟར་གོ་རིམ་ལྡན་པའི་སྒོ་ནས་སྐུལ་འདེད་གཏོང་གིན་ཡོད། 

图片

图片

   སྐབས་འདིའི་འགྲན་བསྡུར་ནང་མུ་མཐུད་དུ་གཞུ་རིགས4དང་འགྲན་བསྡུར་རྣམ་གྲངས5བཀོད་སྒྲིག་བྱས་ཡོད་དང་། མིག་སྔར་རྒྱལ་ཁབ་དང་ས་ཁུལ9ནས་ཡོང་བའི་ལུས་རྩལ་པ1100ལྷག་ཙམ་གྱིས་འགྲན་བསྡུར་ནང་ཞུགས་པར་མིང་ཐོ་བཀོད་ཡོད། དུས་ཐོག་ཏུ་འཛམ་གླིང་ས་གནས་ཁག་གི་བདམས་ཐོན་པས་སླར་ཡང་“ཉ་དང་བྱ་ཡི་ཞིང་ཁམས།རྩེ་གྲའི་བོད་མཁར་རྐང་ཚའི”་ངོ་མཚར་ཆེ་ཞིང་ཕུན་སུམ་ཚོགས་པའི་རང་བྱུང་དང་སྤྱི་ཚོགས་རིག་གནས་སྣ་ཚོགས་ཀྱི་ཡུལ་ལྗོངས་ཐུན་མོང་མ་ཡིན་པ་ཕྱོགས་ཡོངས་དང་ཟུར་མང་བའི་སྒོ་ནས་རྐང་ཚའི་ཡིད་དབང་འཕྲོག་པའི་ཡུལ་ལྗོངས་ལ་རོལ་མྱོང་བྱེད་རྒྱུ།

图片

图片

   རྐང་ཚ་རྫོང་གིས་ལོ་འཁོར་བཅུའི་ཚོགས་ཆེན་གཟབ་རྒྱས་སྒྲུབ་བའི་འགན་འཁྲིའི་འདུ་ཤེས་ཆེ་རུ་བསྐྱེད་ནས་མཐའ་མའི་གདོང་མཆོངས་དུས་མཚམས་ཀྱི་ལས་དོན་ཁག་ནུས་ཤུགས་ཡོད་རྒུས་ལེགས་པར་བསྒྲུབ་སྟེ་འགྲན་བསྡུར་སྐབས་ཀྱི་མཁོ་སྒྲུབ་འགན་སྲུང་དང་ཟས་མལ་བཀོད་སྒྲིག སྒོ་འབྱེད་དང་མཇུག་བསྡུའི་མཛད་སྒོ།དྲིལ་སྒྲོག་དང་སྣེ་ལེན།བདེ་འཇགས་དང་བྱ་དགའ་སྤྲོད་པ་སོགས་ཀྱི་ལས་རིམ་ལ་ནོར་འཁྲུལ་གང་ཡང་མི་འབྱུང་བ་འགན་བླངས་ཡོད།འགྲན་བསྡུར་དང་འགྲོ་འོང་།ཞག་སྡོད་དང་བཟའ་བཏུང་བཅས་ཀྱི་བྱེད་སྒོ་རེ་རེ་དང་དུས་རིམ་རེ་རེ།ལས་རྐང་རེ་རེ་དང་ལས་རིམ་རེ་རེ་བཅས་གཏིང་ཟབ་དང་ཞིབ་ཕྲ་མངོན་གསལ་བཟོས་ཏེ།རྫོང་ཡོངས་ཀྱིས་སྟོབས་ཤུགས་བཏོན་ནས་མགྲོན་བདག་ཡག་པོ་བྱས་ཏེ།སྐབས་འདིའི་འགྲན་བསྡུར་ལ་རྐང་ཚའི་ཁྱད་ཆོས་འབུར་དུ་བཏོད་དེ་རྒྱལ་སྤྱི་ཅན་གྱི་འགྲན་བསྡུར་གྱི་སྤུས་ཚད་གསར་པ་བཅས་ཡོང་བར་བརྩོན་ལེན་བྱེད་པ་དང་།སྲོལ་རྒྱུན་མདའ་འཕེན་ལུས་རྩལ་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྐང་ཚས་བྱས་རྗེས་གང་ལེགས་འཇོག་དགོས། 

  ཞིན་ཧྭ་གསར་འགྱུར་མཚོ་སྔོན་ཡན་ལག་ཁང་དང་ཀྲུང་དབྱང་རྒྱང་སྒྲོག་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་མཚོ་སྔོན་སྤྱི་ཁྱབ་ས་ཚིགས།ཀྲུང་དབྱང་རླུང་འཕྲིན་དྲ་བ།ཀྲུང་གོ་དྲ་བ།ཀྲུང་གོ་གསར་འགྱུར་མཚོ་སྔོན་ཡན་ལག་གསར་འགྱུར་ཁང་།མི་དམངས་དྲ་བ(མཚོ་སྔོན་འཕྲིན་ལམ)ཞིན་ཧྭ་དྲ་བ།མཚོ་སྔོན་ཉིན་རེའི་ཚགས་པར་ཁང་། མཚོ་སྔོན་རྒྱང་སྒྲོག་བརྙན་འཕྲིན་ཁང་། མདོ་ལ་རི་བོ་ཚགས་པར་ཁང(མཚོ་བྱང་སྨྱན་གསར)སོགས་ཞིང་ཆེན་དང་ཁུལ་གྱི་སྨྱན་བྱད་གསར་འགོད་པ་ཐེངས་འདིའི་གསར་འགྱུར་ཚོགས་འདུར་ཞུགས།