ལེའོ་ཁྲེང་གྲོང་ཁྱེར་ཏང་སྲིད་འཐུས་ཚབ་ཚོགས་པ་རྐང་ཚར་སྦྲེལ་མཐུད་ཁ་གཏད་རོགས་སྐྱོར་ལས་དོན་རྟོག་ཞིབ་ལ་ཕེབས།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ལེའོ་ཁྲེང་གྲོང་ཁྱེར་ཏང་སྲིད་འཐུས་ཚབ་ཚོགས་པ་རྐང་ཚར་སྦྲེལ་མཐུད་ཁ་གཏད་རོགས་སྐྱོར་ལས་དོན་རྟོག་ཞིབ་ལ་ཕེབས།
ཉེ་ཆར། ལེའོ་ཁྲེང་གྲོང་ཁྱེར་ཏང་ཨུའི་ཧྲུའུ་ཅི་གཞོན་པ།གྲོང་ཁྱེར་གྱི་མགོ་གཙོ་ཀྲང་པེ་ཧྲོན་གྱིས་ལེའོ་ཁྲེང་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པའི་སྣེ་ཁྲིད་དེ་རྐང་ཚ་རྫོང་དུ་སྦྲེལ་མཐུད་ཁ་གཏད་རོགས་སྐྱོར་ལས་དོན་རྟོག་ཞིབ་ལ་ཕེབས་ཤིང་། མཉམ་དུ་རི་ཆུའི་དུང་བ་ཟབ་མོ་གླེང་མོལ་དང་མཉམ་དུ་ལྷན་སྒྲུབ་འཆར་གཞི་གྲོས་བསྡུར། མཉམ་དུ་འཕེལ་རྒྱས་འཆར་གཞི་གསར་པ་ཇུས་འགོད་བྱས་ཏེ། མུ་མཐུད་དུ་ཁ་གཏད་རོགས་སྐྱོར་མཉམ་སྒྲུབ་ཀྱི་ལེའུ་གསར་པ་བྲིས། ལེའོ་ཁྲེང་གྲོང་ཁྱེར་སྲིད་གཞུང་གི་དྲུང་ཡིག་ཆེན་མོ་ལི་ཁའེ་དང་འབྲེལ་ཡོད་གྲོང་ཁྱེར་ཐད་གཏོགས་ལས་ཁུངས་ཀྱི་འགན་འཁུར་བློ་མཐུན་བྱེད་སྒོར་ཞུགས། རྫོང་ཨུའི་ཧྲུའུ་ཅི་ལི་ཝུན་ལིན་དང་། རྫོང་ཨུའི་ཧྲུའུ་ཅི་གཞོན་པ།རྫོང་དཔོན་ཀྲང་ཆི་ཧྥེང་། རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚང་ཚོན་ཧྥི། རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་ཆིན་ཧྲི་ཧྥི། རྫོང་ཨུའི་ཧྲུའུ་ཅི་གཞོན་པ།རྫོང་དཔོན་གཞོན་པ།ལེའོ་ཁྲེང་གྲོང་ཁྱེར་གྱི་མཚོ་སྔོན་རོགས་སྐྱོར་ལས་བྱེད་པ་དོ་དམ་ཚན་ཆུང་གི་ཚན་གཙོ་ཟོན་ཅན་ཏིག་བཅས་འབྲེལ་ཡོད་བྱེད་སྒོར་ཞུགས།
འཐུས་ཚབ་ཚོགས་པ་འཁོར་དང་བཅས་པ་མཚོ་སྔོན་པོའི་མཚོ་ཆུ་རྒྱས་ཏེ་གནོད་འཚེ་ཕོག་པའི་རོང་འབྲོག་པའི་གནས་སྤོའི་བཟོ་སྐྲུན་དང་བོད་མཁར་བྱིས་སྐྱོང་ཁང་སོགས་སུ་ཟབ་འཇུག་བྱས་ཏེ་ཡུལ་དངོས་གནས་ཚུལ་ངོ་སྤྲོད་ལ་ཉན་པ་དང་། ཡུལ་དངོས་འཛུགས་སྐྲུན་ཀྱི་མྱུར་ཚད་དང་། བེད་སྤྱོད་བཏང་བའི་དུས་ཚོད། རྣམ་གྲངས་ཀྱི་གཞི་ཁྱོན་སོགས་གཞི་རྩའི་གནས་ཚུལ་ལ་ལྟ་ཞིབ་བྱས།
ཐུག་འཕྲད་ཚོགས་འདུའི་ཐོག་ལི་ཝུན་ལིན་དང་ཀྲང་ཆི་ཧྥེང་གིས་རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་།རྫོང་ཡོངས་ཀྱི་མི་རིགས་སོ་སོའི་མང་ཚོགས་ཀྱི་ཚབ་བྱས་ནས་ལེའོ་ཁྲེང་གྲོང་ཁྱེར་གྱི་ཏང་སྲིད་འཐུས་ཚབ་ཚོགས་པ་འཁོར་དང་བཅས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་དང་།ལེའོ་ཁྲེང་གྲོང་ཁྱེར་གྱིས་དུས་ཡུན་རིང་པོར་རྐང་ཚར་སྒེར་སེམས་མེད་པའི་སྒོ་ནས་རོགས་རམ་གནང་བར་སྙིང་ཐག་པ་ནས་བཀའ་དྲིན་ཞུ་ཞེས་གསུངས། ལེའོ་ཁྲང་གྲོང་ཁྱེར་གྱིས་རྐང་ཚ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱས་པ་ནས་བཟུང་།ལེའོ་ཁྲེང་གྲོང་ཁྱེར་གྱིས་ལྷད་མེད་བརྩེ་སེམས་དང་།ནུས་ཤུགས་ཡོད་རྒུས་རོགས་རམ་དངོས་སྐྱོར།མ་དངུལ་འབོར་ཆེར་བཏང་ནས་སྐྱེ་ཁམས་ཕྱུགས་ལས་དང་།སྐྱེ་ཁམས་བཅོས་སྐྱོང་སླར་གསོ།རྨང་གཞིའི་སྒྲིག་ཆས་མཐོར་འདེགས་སོགས་རོགས་སྐྱོར་རྣམ་གྲངས་འབོར་ཆེན་ལག་བསྟར་ཤུགས་ཆེན་བྱས་ཏེ།ཡུན་རིང་བརྟན་བརླིང་གི་འཇོན་མི་གསོ་སྐྱོང་དང་མཉམ་མྱོང་བརྗེ་རེས།འཇོན་མི་ནང་འདྲེན་བཅས་ཀྱི་མཉམ་ལས་ལམ་སྲོལ་བཙུགས་ནས་རྐང་ཚའི་འཕེལ་རྒྱས་སྔར་ལས་མགྱོགས་པ་དང་དམངས་ཚིས་སྔར་ལས་ལྷག་པ།བདེ་སྐྱིད་སྔར་ལས་བསྐྲུན་པར་མི་རིགས་སོ་སོའི་ལས་བྱེད་པ་དང་མང་ཚོགས་ཀྱིས་སེམས་ལ་བརྟན་པོར་ངེས་ཡོད། མིག་སྔར།རྐང་ཚ་ནི་འཐབ་ཇུས་ཀྱི་གོ་སྐབས་མང་པོ་མཉམ་འདུས་དང་།རྒྱབ་སྐྱོར་སྲིད་ཇུས་མཉམ་དུ་རྩེག་པ།རང་ངོས་ཀྱི་ལེགས་ཆ་མགྱོགས་མྱུར་ངང་ཕྱིར་གཏོང་བྱེད་པའི་འཕེལ་རྒྱས་ཀྱི་དུས་སྐབས་དང་བརྒལ་ནས་རྗེས་སྙེག་བྱེད་པའི་དུས་སྐབས་སུ་གནས་ཡོད། ལེའོ་ཁྲེང་གྲོང་ཁྱེར་གྱིས་སྔར་བཞིན་རྐང་ཚ་རྫོང་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་སྟེ།མུ་མཐུད་དུ་ཆེད་ལས་འཇོན་མི་གསོ་སྐྱོང་དང་སྐྱེ་ཁམས་སྲུང་སྐྱོབ།རྨང་གཞིའི་སྒྲིག་ཆས་འཛུགས་སྐྲུན།ཐོན་ཁུངས་མཉམ་ལས་གསར་སྤེལ།གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་།མི་རིགས་མཐུན་སྒྲིལ་ཡར་ཐོན་སོགས་ཕྱོགས་གང་ཅིའི་ཐད་ནས་སྔར་ལས་རྒྱབ་སྐྱོར་བྱས་ཏེ།མཉམ་ལས་ཁྱབ་ཁོངས་སྔར་བས་རྒྱ་སྐྱེད་དང་མཉམ་ལས་རིམ་པ་མཐོར་འདེགས།མུ་མཐུད་དུ་ཁ་གཏད་རོགས་སྐྱོར་གྱི་ཕྱོགས་བསྡུས་ཕན་འབྲས་མཐོ་འདེགས་བཏང་ནས་ཕྱོགས་གཉིས་ཀྱི་ནུས་པ་འདོན་པའི་ཁྲོད་མཉམ་ལས་མཉམ་རྒྱལ་གྱི་ལེའུ་གསར་པ་འབྲི་རྒྱུའི་རེ་བ་ཡོད།
ཀྲང་པེ་ཧྲོན་གྱིས་ལེའོ་ཁྲེང་གྲོང་ཁྱེར་ཨུ་ལྷན་དང་གྲོང་ཁྱེར་སྲིད་གཞུང་གི་ཚབ་བྱས་ནས་རྐང་ཚ་རྫོང་ལ་ཐོན་ལས་འཕེལ་རྒྱས་དང་།དམངས་ཚིས་ལེགས་བཅོས།སྐྱེ་ཁམས་སྲུང་སྐྱོང་སོགས་ཀྱི་ཐད་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པར་རྟེན་འབྲེལ་ཞུས་པ་དང་རྐང་ཚ་རྫོང་གི་རྒྱ་ཆེའི་ལས་བྱེད་པས་གོ་སྐབས་དམ་འཛིན་དང་བློ་སྟོབས་ཆེན་པོས་གསར་གཏོད་བྱེད་པའི་སྤྱོད་ཚུལ་བཟང་པོར་ཡིད་སྨོན་བྱས་པ་མ་ཟད།ལེའོ་ཁྲེང་གི་འབྲེལ་ཡོད་གནས་ཚུལ་མདོར་བསྡུས་ཀྱང་ངོ་སྤྲོད་བྱས།ཁོས་བཤད་རྒྱུར་ལེའོ་ཁྲེང་དང་རྐང་ཚའི་བར་རི་ཆུ་ཁྲི་སྟོང་གིས་བཅད་ཡོད་མོད།འོན་ཀྱང་ཁ་གཏད་རོགས་སྐྱོར་གྱི་འབྲེལ་ཐག་གིས་ས་གནས་གཉིས་ཀྱི་སེམས་དང་སེམས་པ་སྦྲེལ་ཡོད་ཟེར།“ལོ་ལྔའི་འཆར་གཞི་བཅུ་བཞི་པའི”འཆར་འགོད་མཇུག་སྒྲིལ་བ་དང“ལོ་ལྔའི་འཆར་གཞི་བཅོ་ལྔ་པའི”འགོ་ཚུགས་པའི་ལམ་སྣེ་གསར་པའི་འགྲེང་ནས།ལེའོ་ཁྲེང་གྲོང་ཁྱེར་གྱིས་ཤར་ནུབ་རྒྱུད་དུ་མཉམ་ལས་དང་རོགས་སྐྱོར་མཉམ་ལས་ལས་དོན་སྐོར་གྱི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་གཏིང་ཟབ་བྱས་ཏེ།ཆབ་སྲིད་ཀྱི་འགན་འཁྲི་བརྟན་པོར་ཁུར་ནས།རྐང་ཚའི་དགོས་མཁོར་གཞིགས་ནས།ལེའོ་ཁྲེང་གི་ནུས་པ་འདོན་སྤེལ་བྱེད་རྒྱུ་དང་།སྔར་ལས་ལྷག་པའི་བརྩེ་བ་དང་སྔར་ལས་ལྷག་པའི་ནུས་ཤུགས།སྔར་ལས་ལྷག་པའི་བྱེད་ཐབས་ལ་བརྟེན་ནས་ལེའོ་ཁྲེང་དང་རྐང་ཚ་མཉམ་འབྲེལ་གྱི་རྣམ་པ་གསར་པ་གཏོད་བྱ་རྒྱུ། གཅིག་ནས་རོགས་སྐྱོར་འཛུགས་སྐྲུན་རྣམ་གྲངས་ལ་སྔར་བས་ཤུགས་སྣོན་རྒྱུ། སྐྱེ་ཁམས་ཕྱུགས་ལས་དང་།ནུས་ཁུངས་དྭངས་གཙང་།མཐོ་སྒང་གི་ཁྱད་ཆོས་ལྡན་པའི་ཡུལ་སྐོར་སོགས་ལ་དམིགས་ནས་གཙོ་གནད་རྣམ་གྲངས་ཁག་གཅིག་གསེད་བཀྲོལ་དང་འཆར་འགོད་བྱས་ཏེ་གཙོ་གནད་རྣམ་གྲངས་འཛུགས་སྐྲུན་དམ་འཛིན་དང་།ཐོན་ལས་རོགས་སྐྱོར་བྱེད་པར་ཤུགས་སྣོན་པ།ཉོ་ཚོང་མཉམ་འབྲེལ་གཏིང་ཟབ་ཏུ་གཏོང་བ་བཅས་བྱས་ཏེ།ཁ་གཏད་རོགས་སྐྱོར་གྱིས་རྒྱ་ཆེའི་མང་ཚོགས་ལ་ཕན་འབྲས་ཐོབ་པ་དང་།རྐང་ཚའི་ཚད་མཐོའི་འཕེལ་རྒྱས་ལ་རོགས་རམ་བྱེད་རྒྱུ། གཉིས་ནས་འཇོན་མིའི་ཞབས་ཞུ་སྔར་ལས་གནད་ལ་འཁེལ་བའི་སྒོ་ནས་ལེགས་པར་བསྒྲུབ་རྒྱུ། མཚོ་སྔོན་རོགས་སྐྱོར་ལས་བྱེད་འཇོན་མི་བརྗེ་རེས་ལས་དོན་ཏན་ཏིག་ལེགས་པར་བསྒྲུབས་ནས་རིག་སྟོབས་རོགས་སྐྱོར་བྱེད་ཤུགས་མུ་མཐུད་ཆེ་རུ་གཏོང་བ་དང་།དགོས་མཁོ་ལྟར་ལེགས་འདེམས་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ།ནུས་པ་ཅན་དང་།སྤྱོད་ཚུལ་བཟང་བ།བརྩེ་སེམས་མངོན་པའི་སློབ་གསོ་དང་སྨན་བཅོས་སོགས་ལས་གནས་རྐང་འཛིན་དང་ཆེད་ལས་ལག་རྩལ་འཇོན་མི“ཚོ་ཆུང་རྣམ་པ”དེ་ལས་མང་བ་འདེམས་མངགས་བྱས་ནས་མཚོ་སྔོན་རོགས་སྐྱོར་བྱེད་པར་ནུས་པ་འདོན་རྒྱུ་དང་།ནུས་ཤུགས་ཡོད་རྒུས་རྐང་ཚར་རོགས་རམ་བྱས་ཏེ“འཁྱེར་མི་ཐུབ་པའི”ཤེས་ལྡན་མི་སྣའི་དཔུང་ཁག་ཞིག་བསྐྲུན་རྒྱུ། གསུམ་ནས་སྔར་ལས་ཕན་ནུས་ཆེ་བའི་ལམ་སྲོལ་འགན་སྲུང་འཛུགས་རྒྱུ། འབྲེལ་གཏུག་མཐུན་སྦྱོར་ལམ་སྲོལ་དང་ལས་དོན་དོན་འཁྱོལ་ལམ་སྲོལ་སྔར་བས་འཐུས་ཚང་དུ་གཏོང་བ་དང་།ས་གནས་གཉིས་ཀྱི་མཉམ་མྱོང་བརྗེ་རེས་དང་ཕན་ཚུན་འཚམས་འདྲིའི་ཐེངས་གྲངས་དང་ཤུགས་ཚད་ཆེ་རུ་གཏོང་བ།“ལོ་འཁོར་གྱི་ཁ་གཏད་རོགས་སྐྱོར་ལས་དོན་གྱི་གནད་དོན”དོན་འཁྱོལ་ཡག་པོ་བྱེད་པ།མུ་མཐུད་དུ“བརྒྱད་ཀྱིས་རོགས་སྐྱོར་བརྒྱད་བྱེད་པའི་ལམ་སྲོལ”གཏིང་ཟབ་ཏུ་བཏང་ནས་ཁ་གཏད་རོགས་སྐྱོར་ལས་དོན་གྱི་དམིགས་སའི་རང་བཞིན་དང་ཕན་འབྲས་དངོས་ཀྱི་རང་བཞིན་རྒྱུན་ཆད་མེད་པར་ཆེ་རུ་གཏོང་བ་དང་།ཕྱོགས་གཉིས་ཀའི་ཐོན་ཁུངས་མཉམ་སྤྱོད་དང་།ལེགས་ཆ་གསབ་སྤེལ།འཕེལ་རྒྱས་གཉིས་ཕན་བཅས་ལ་མུ་མཐུད་སྐུལ་འདེད་གཏོང་དགོས།
རྟོག་ཞིབ་བྱེད་སྐབས་ཕྱོགས་གཉིས་ཀྱིས་རྐང་ཚ་རྫོང་ཏང་ཡོན་ལས་བྱེད་པའི་སློབ་གསོའི་གསོ་སྦྱོང་ལྟེ་གནས་སུ་ལེའོ་ཁྲེང་གྲོང་ཁྱེར་གྱིས་རྐང་ཚ་རྫོང་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ཞལ་འདེབས་མཛད་སྒོ་འཚོགས་པ་དང་། མཛད་སྒོའི་སྟེང་ལེའོ་ཁྲེང་གྲོང་ཁྱེར་གྱིས་རང་རྫོང་ལ་མ་དངུལ་གྱི་ཞལ་འདེབས་ཕུལ་བ་དང་ལེའོ་ཁྲེང་གྲོང་ཁྱེར་འཕྲོད་བསྟེན་ཨུ་ལྷན་གྱིས་རང་རྫོང་གི་འཕྲོད་བསྟེན་བདེ་ཐང་ཅུའུ་ལ་སྨན་བཅོས་སྒྲིག་ཆས་ཀྱི་ཞལ་འདེབས་ཕུལ། རྫོང་ཨུའི་ཧྲུའུ་ཅི་གཞོན་པ་རྫོང་དཔོན་ཀྲང་ཆི་ཧྥེང་གིས་རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཚབ་བྱས་ནས་ཕྱིར་ལེའོ་ཁྲེང་གྲོང་ཁྱེར་ཏང་ཨུ་དང་གྲོང་ཁྱེར་སྲིད་གཞུང་ལ་གོས་དར་ཕུལ།