དཀོན་ལོ་ཚང་གོང་མ་སྡེ་བས་ནུས་ཤུགས་ཡོད་རྒུས་གྲོང་གསེབ་དར་སྤེལ་གྱི་ཚད་དཔེ་བསྐྲུན།

发布时间:2025年07月17日 消息来源:

རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

  ཉེ་བའི་ལོ་ཤས་རིང་ལ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལརྐང་ཚ་རྫོང་འོམ་ཆུ་གྲོང་རྡལ་དཀོན་ལོ་ཚང་གོང་མ་སྡེ་བས་ཏང་འཛུགས་སྐྱོང་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གཏོང་བ་སྣེ་ཁྲིད་དང་གྲོང་གསེབ་བཅོས་སྐྱོང་གི་ཕན་འབྲས་མཐོ་རུ་འདེགས་པར་སྐུལ་འདེད་བཏང་སྟེ། “ཏང་འཛུགས་སྐྱོང་གི་རྨང་གཞི་སྲ་བརྟན་དང་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་སྒྲིལ། ཐོན་ལས་ཀྱི་ཕན་འབྲས་མཐོར་འདེགས། སྐྱེ་ཁམསརྣམ་པ་གསར་བསྐྲུན”བཅས་ཀྱི་གྲོང་གསེབ་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ། འབྲོག་ལས་སྟོབས་ལྡན་དང་འབྲོག་ཁུལ་མཛེས་པ། འབྲོག་པ་ཕྱུག་པོ”ཡི་དར་སྤེལ་གཏོང་བའི་ལམ་བུ་བསྐྲུན་ཡོད། 

  ཏང་འཛུགས་སྐྱོང་གི་སྣེ་ཁྲིད་དེ་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་བའི“གསར་བརྗེའི་སྣ་འདྲེནདུ་བརྩི་རྒྱུ་རྒྱུན་འཁྱོངས་བྱས་ཏེ། ནུས་ཤུགས་ཡོད་རྒུས“སློབ་སྦྱོང་གི་རྣམ་པ་དང་ཞབས་ཞུའི་རྣམ་པ དངོས་སྒྲུབ་ཀྱི་རྣམ་པ”ཡི་གཞི་རིམ་འཐབ་་བསྐྲུན་དགོས། “སྐར་རིམ་ཅན”གསར་གཏོད་དང་བྱས་འབྲས་དཔྱད་བཤེར་གྱི་སྐར་གསོག་ལམ་ལུགས་སོགས་བརྒྱུད་དེ།   གཙོ་འགན་དང་གཙོ་ལས་ལ་དམིགས་ནས་བྱ་བའི་འགན་འཁྲི་དམ་ཟབ་དང་སྡེ་བའི་ལས་བྱེད་པའིརྒྱུན་དུ་བྱ་བའི་ཁྲོད་སྤྱི་ཡོངས་ཀྱི་འདུ་ཤེས་དང་རང་འགུལ་སྒོས་འགན་འཁུར་བ་བརྟན་པོ་འཛུགས་པར་ངར་སྐུལ་བྱས་ཏེ།མང་ཚོགས་ཀྱི་རེ་ལྟོས་ལ་བསྟུན་ནསདམངས་ཚིསཀྱི་དོན་དངོས་ལེགས་པོ་བསྒྲུབ་པ་དང་ཏང་རྩ་འཛུགས་ཀྱི་ཆབ་སྲིད་ལེགས་ཆ་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་ཏེ།ནུས་ཤུགས་ཡོད་རྒུས་ཏང་འཛུགས་སྐྱོང་གིས་གཞི་རིམ་བཅོས་སྐྱོང་ལ་སྣེ་ཁྲིད་དེ་ཕན་འབྲས་མཐོ་རུ་འདེགས་པར་སྐུལ་འདེད་གཏོང་དགོས།

   “སེ་འབྲུའི་འབྲུ་གུའི”སྙིང་སྟོབས་ཀྱི་བརྗོད་དོན་གཏིང་ཟབ་ཏུ་བཏང་སྟེ། “དྲིལ་སྒྲོག་སློབ་གསོ་དང་ལམ་ལུགས་ཚོད་འཛིན་དང་དྲ་བའི་དོ་དམ”གྱི་བཅོས་སྐྱོང་རྣམ་པ་བཙུགས། སྡེ་སྲོལ་དམངས་ཆིངས་ཀྱི“དྲང་ལྡོག་ཕྱོགས་གཉིས་ཀྱི་གསལ་ཐོ”དོ་དམ་གསར་གཏོད་ལག་བསྟར་བྱས་ཏེ། སྡེ་སྲོལ་དམངས་ཆིངས་ཀྱི་ལེའུ6དང་དོན་ཚན27ཞིབ་ཕྲ་བཟོས་པ་དང་། སྡེ་སྲོལ་དམངས་ཆིངས་དང་ཐུན་མོང་དཔལ་འབྱོར་གྱི་བགོ་བྱ སྐར་གསོག་སྒོ་རྩིས་ཚོང་ཁང་དོན་ཐོག་ལ་ཕབས་སྟེ། རོང་འབྲོག་མང་ཚོགས་ཀྱི་སྲོལ་རྙིང་དང་གོམས་ངན་དོར་བར་ཁྲིད་སྟོན་བྱས་ཏེ་དཔལ་ཡོན་དང་འཆམ་མཐུན། བདེ་ཐང་གི་སྤྱི་ཚོགས་དར་སྲོལ་བསྐྲུན་རྒྱུ། 2023ལོར“རྒྱལ་ཡོངས་ཀྱི་དམངས་གཙོ་ཁྲིམས་སྐྱོང་དཔེ་སྟོན་སྡེ་བ”ཡི་བྱ་དགའ་ཐོབ་པ་དང2024ལོར“རྒྱལ་ཡོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་རྒྱས་དཔེ་སྟོན་ཚོགས་པཡི་བྱ་དགའ་ཐོབ་པས་མི་རིགས་མཐུན་སྒྲིལ་དང་གཞི་རིམ་བཅོས་སྐྱོང་མཐུན་སྦྱོར་མཉམ་སྤེལ་བྱེད་པའི་དཔེ་མཚོན་དུ་གྱུར་ཡོད། 

  ཧུར་ཐག་སྒོས་ཐོན་ལས་འཕེལ་རྒྱས་ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ།“ཕྱུགས་ལས་དང་རིག་གནས་ཡུལ་སྐོར་དང་གསར་དར་ལས་གཉེར”གྱི་ཐོན་ལས་གསུམ་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་བཙུགས། སྐྱེ་ཁམས་ཕྱུགས་ལས་ཀྱི་ཕན་འབྲས་མཐོར་འདེགས་གཏོང་བ་དམ་འཛིན་བྱས་ཏེ། སློབ་ཆེན་སློབ་མས་སྐྱེ་ཁམས་གསོ་སྤེལ་མཉམ་ལས་ཁང6གསར་འཛུགས་བྱས་པས་ལོ་རེའི་ཁེ་སྤོགས་སྒོར་ཁྲི210ཟིན་པ་དང་འབྲོག་ཁྱིམ210སྣེ་ཁྲིད་དེ་གཞི་ཁྱོན་ཅན་གྱི་ལས་གཉེར་གསོ་སྐྱོང་་བྱས། ཞིང་ཕྱུགས་ཐོན་རྫས་གསར་སྤེལ་ཀུང་སི་བཙུགས་ཏེ། ཁྱད་ཆོས་ལྡན་པའི་ཞིང་ཕྱུགས་ཐོན་རྫས་དངོས་སྦྱོང་རྟེན་གཞི་བསྐྲུན་པས། ཕྱུགས་ལས་ཐོན་ལས་ཞིབ་གཉེར་ཅན་དུ་འཕེལ་རྒྱས་གཏོང་བའི་སྦྲེལ་ཐག་གྲུབ་པ་དང་སྡེ་བ་རིམ་པའི་བཟོ་ལས་ལ“ཚད་བརྒལ་མེད་པ”མངོན་འགྱུར་བྱུང་ནས། ངལ་རྩོལ་ནུས་ཤུགས་མི་ཐེངས1300ལྷག་ཙམ་སྒྱུར་ནས་ལོ་རེར་མི་རེའི་ཆ་སྙོམས་ཀྱི་ཡོང་འབབ་སྒོར5000ལས་བརྒལ་ཡོད།

  “རི་བོ་གཉིས”ཀྱི་འདུ་ཤེས་ལག་ལེན་གཏིང་ཟབ་བྱས་ཏེ“ཁོར་ཡུག་བཅོས་སྐྱོང་དང་རྩྭ་ཕྱུགས་དོ་སྙོམས”ཟུང་འབྲེལ་དངོས་འབེབས་བྱས།གཟབ་ནན་སྒོས་རྩྭ་ཕྱུགས་དོ་སྙོམས་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ཏེ“གཅིག་གྱུར་དྲུག”གི་སྐྱེ་ཁམས་གསོ་སྤེལ་རྣམ་པ་ཁྱབ་སྤེལ་བཏང་སྟེ།ནོར་ནག་དང་འབྲོག་ལུག་གི་སྐྱེ་ལྡན་དཔང་གཅོད་ཡོངས་སུ་ཁྱབ་པ་མངོན་འགྱུར་བྱས་ནས།ལོ་རེར་ཕྱུགས་རིགས་ཁྲི1.2ཇེ་ཉུང་དུ་བཏང་སྟེ་རྩྭ་ཐང་གི་སྔོ་ཁེབས་ཚད12%ཇེ་མཐོར་སོང་བ་དང་རོང་འབྲོག་མང་ཚོགས་ཀྱི་མི་རེའི་ཆ་སྙོམས་སྐྱེ་ཁམས་ཁེ་སྤོགས་སྒོར3200ཟིན་པས་སྐྱེ་ཁམས་སྲུང་སྐྱོ་དང་དཔལ་འབྱོར་འཕེལ་རྒྱས་ ཀྱི“རྒྱལ་ཁ་གཉིས”མངོན་འགྱུར་བྱུང་ཡོད།