“ཏང་འཛུགས་སྐྱོང་དང་རིག་གནས”ཀྱིས་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་གསོན་ཤུགས་བསྩལ།
发布时间:2025年07月30日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས།  ཞིན་ཧྭ་དྲ་ཚིགས།  བཤེར་འངེངས། ཚེ་བརྟན་བཀྲ་ཤིས། 

  ཉེ་བའི་ལོ་ཤས་རིང་ལ།མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གཡི་དཀར་འོམ་ལུང་ཡུལ་ཚོསདཀྱིལ་སྙིང་གཅིག་དང་རུ་དཔུང་ལྔ་ཡིས་དར་སྤེལལ་སྣེ་ཁྲིད་ཀྱི་ནུས་པ་གང་ལེགས་འདོན་སྤེལ་བྱས་ཏེ། རིག་གནས་དར་སྤེལ་ལ་སྐུལ་འདེད་གཏོང་རྒྱུལས་དོན་གལ་ཆེན་དུ་བརྩིས་ཏེ་རིག་གནས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱུརྨང་གཞིའི་སྒུལ་ཤུགསབྱས་ནས།ནུས་ཤུགས་ཡོད་རྒུསཏང་འཛུགས་སྐྱོང་དང་རིག་གནསལས་གཞི་ལག་བསྟར་བགྱིས་ཏེ། ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་དང་རིག་གནས་བྱེད་སྒོ་སྨྱན་བྱེད་དུ་སྒོམནས།ཏང་འཛུགས་སྐྱོང་ལས་དོན་དང་མང་ཚོགས་ཀྱི་དགོས་མཁོར་གཞིགས་ཏེ།གཞི་རིམ་ཏང་འཛུགས་སྐྱོང་དང་རིག་གནས་བྱེད་སྒོ་མཉམ་འདྲེས་བྱས་པ་དང་། ཏང་འཛུགས་སྐྱོང་དང་རིག་གནས་བྱེད་སྒོའིཏང་འཛུགས་སྐྱོང་གི་མ་ལག་གསར་བ་གྲུབ་ཡོད།

   གཏིང་ཟབ་ཀྱིསཏང་འཛུགས་སྐྱོང་དང་རིག་གནས་བྱེད་སྒོའིརྣམ་པར་སྐུལ་འདེད་བཏང་བ་དང་བསྟུན་ནས་གཡི་དཀར་འོམ་ལུང་ཡུལ་ཚོ་ཏང་ཨུས་སྲོལ་རྒྱུན་དམངས་སྲོལ་རིག་གནས་ཐོན་ཁུངས་ཀྱི་ལེགས་ཆ་གང་ལེགས་འདོན་སྤེལ་བྱས་ནས། ཏང་འཛུགས་སྐྱོང་དང་དམངས་སྲོལ་རིག་གནས་རྒྱུན་འཛིནགྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཏེ། ཏང་ཀྲི་པུའུ་ཡིས་སྣེ་ཁྲིད་དང་ཏང་ཡོན་གྱིས་སྐུལ་ཁྲིད། མང་ཚོགས་ཞུགས་པའིརྣམ་པ་བརྒྱུད་དེ། འབྲོག་དམངས་ཀྱི་ཐོན་སྐྱེད་འཚོ་བའི་དམངས་སྲོལ་རིག་གནས་ཀྱི་འདྲ་པར་རྙིང་བ་དང་དངོས་པོ་རྙིང་བ་བརྒྱ་ལྷག་ཙམ་སྡུད་རུབ་བྱས་ཡོད། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་སྒར་གཞི་དྲིལ་སྒྲོག་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། སྲོལ་རྒྱུན་དམངས་སྲོལ་རིག་གནས་དེ་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་གྱི་སློབ་སྦྱོང་ཆེན་མོའི་ནང་འདྲེས་པར་བྱས་ཡོད།མང་ཚོགས་ལ་དམངས་སྲོལ་རིག་གནས་སྒྲོག་བཤད་ཁྲིད་སྟེགས་འཛུགས་པ་དང་ཆབས་ཅིག་ཏུ་རོང་འབྲོག་མང་ཚོགས་ཀྱི་ལུས་རྩལ་འགྲན་ཚོགས་དང་བལ་འབྲེག་འགྲན་བསྡུར། རྟ་རྒྱུག་འགྲན་ཚོགས་སོགས་དམངས་སྲོལ་བྱེད་སྒོ་སྤེལ་བར་བརྟེན་ནས་གྲོང་གསེབ་དར་སྤེལ་ཡོང་བར་རིག་གནས་ཀྱི་སྒུལ་ཤུགས་གསོག་འཇོག་བྱ་དགོས།

   ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་རིང་ལུགས་ཀྱི་སྲོག་ཤིང་རིན་ཐང་ལྟ་བ་དར་སྤེལ་དང་ལག་བསྟར་བྱེད་པར་རྒྱུན་བསྐྱངས་ཏེ། གཏིང་ཟབ་སྒོས་སྲོལ་བརྗེ་ལུགས་སྒྱུར་ལ་སྐུལ་འདེད་དང་མང་ཚོགས་ཀྱི་འདུ་ཤེས་གསར་སྒྱུར་བྱས་ནས་གྲོང་གསེབ་དར་སྤེལ་ཡོང་བར་སྒུལ་ཤུགས་གསར་བ་བསྩལ་ཡོད། དཔེར་མཚོན་དཔེ་སྟོན་གྱི་སྣེ་ཁྲིད་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ།རོང་འབྲོག་མང་ཚོགས་ལ་རྩ་འཛུགས་བྱས་ནས་ཕྱོགས་ཡོངས་ནསསྐར་ལྔ་རིམ་པའི་ཚུལ་ལྡན་ཁྱིམ་ཚངགི་དཔྱད་འདེམས་ལ་ཞུགས་པ་དང་། ལོ་གཅིག་རིང་གིཡ་རབས་ཁྱིམ་མི་དང་མནའ་མ་བཟང་མོ།སྒྱུག་མོ་བཟང་པོདཔེ་སྟོན་ཁྱིམ་ཚང་བདམས་ནས་གཟེངས་བསྟོད་ཀྱི་བྱ་དགའ་སྟེར་བ་དང་།རྐང་ཚའི་རྒྱང་ཐག་སྟོང་བཡི་ལས་རིམ་མ་ལག་མ་ལག་ཁྱབ་སྤེལ་གང་ལེགས་བྱས་ནས་དེའི་ནང་དུ་སྡེ་སྲོལ་དམངས་ཆིངས་བཅུག་སྟེསྐར་གསོག་ལམ་ལུགསདོ་དམ་ལག་བསྟར་བྱས་ནས་ལོ་རེར་གྲུབ་འབྲས་ལྟར་འདེམ་གསེས་བྱས།དམངས་ཆིངས་དངུལ་བརྗེ་ལམ་སྲོལ་དང་ཏང་ཡོན་གྱི་སྐར་གསོག་དོ་དམ་ལམ་སྲོལ་བེད་སྤྱོད་ལེགས་པོ་བྱས་ནས་གྲོང་གསེབ་དར་སྤེལ་གྱིགཅེས་སེམས་སྒོ་རྩིས་ཚོང་ཁངབསྐྲུན་ཏེ།མངའ་ཁུལ་གྱི་སྡེསྡོདདམངས་སྐར་གསོག་ཡིག་ཚགས་དང་བྱ་དགའ་ཆད་གཅོད་ཀྱི་ཚོད་འཛིན་ལམ་སྲོལ་བཙུགས་པ་བརྒྱུད་ནསརྩ་འཛུགས་ཀྱིས་སྐུལ་སློང་དང་ཏང་ཡོན་གྱིས་སྐུལ་ཁྲིད།སྐར་གསོག་གིས་སྐུལ་སྤེལ།མང་ཚོགས་ཀྱིས་རང་འགུལབཅས་ཀྱི་གཞི་རིམ་བཅོས་སྐྱོང་གི་བགྲོད་ལམ་གསར་བ་གྲུབ་པ་དང་ཡ་རབས་སྲོལ་བཟང་ཇེ་རྒྱས་སུ་གཏོང་རྒྱུ།

   གཡི་དཀར་འོམ་ལུང་ཡུལ་ཚོ་ཏང་ཨུས་མུ་མཐུད་དུཏང་འཛུགས་སྐྱོང་དང་རིག་གནསཀྱི་རྣམ་པ་བརྒྱུད་དེ་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་གསོན་ཤུགས་གསར་བ་བསྩལ་ནས་གཡི་དཀར་འོམ་ལུང་ཡུལ་ཚོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་བར་འགན་སྲུང་འདོན་སྤྲོད་བྱ་རྒྱུ།