རྐང་ཚ་རྫོང་གིས་གྲོང་སྡེའི་ཐུན་མོང་གི“མ་དངུལ་གསུམ”གྱི་དོ་དམ་དང་གྲོང་སྡེ་དར་སྤེལ་མ་དངུལ་བེད་སྤྱོད་ལྟ་སྐུལ་དོ་དམ་ཐད་ཀྱི་འབུར་ཐོན་གནད་དོན་ལ་ཆེད་དམིགས་བཅོས་སྒྲིག་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་བསྡུས།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ7པའི་ཚེས28ཉིན།རྐང་ཚ་རྫོང་གིས་གྲོང་སྡེའི་ཐུན་མོང་གི“མ་དངུལ་གསུམ”གྱི་དོ་དམ་དང་གྲོང་སྡེ་དར་སྤེལ་མ་དངུལ་བེད་སྤྱོད་ལྟ་སྐུལ་དོ་དམ་ཐད་ཀྱི་འབུར་ཐོན་གནད་དོན་ལ་ཆེད་དམིགས་བཅོས་སྒྲིག་ལས་དོན་གྱི་སྐུལ་འདེད་ཚོགས་འདུ་བསྡུས། རྫོང་ཨུའི་རྒྱུན་ལས་ཨུ་ཡོན་དང་སྒྲིག་ཨུའི་ཧྲུའུ་ཅི། ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་ཁུང་ཧྥན་ཅེ་ཚོགས་འདུར་ཞུགས་ཏེ་འབྲེལ་ཡོད་ཀྱི་གསུང་བཤད་གནང་། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་རིན་ཆེན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་ཞིང་སྐབས་རྗེས་མའི་འབྲེལ་ཡོད་ལས་དོན་ཁག་བཀོད་སྒྲིག་བྱས།ཞང་དང་གྲོང་རྡལ་ཁག་གི་འགན་འཁུར་བློ་མཐུན་གཙོ་བོ་དང་ལས་བགོས་འགན་འཛིན་བློ་མཐུན།ལས་སྒོའི་ལས་སྒྲུབ་པ། དེ་བཞིན་འབྲེལ་ཡོད་སྡེ་ཁག་གི་འགན་འཁུར་བློ་མཐུན་བཅས་ཚོགས་འདུར་ཞུགས།


ཚོགས་ཐོག་ཏུ《ཞིང་ཆེན་ཡོངས་ཀྱི་གྲོང་སྡེའི་ཐུན་མོང་གི“མ་དངུལ་གསུམ”གྱི་དོ་དམ་དང་གྲོང་སྡེ་དར་རྒྱས་མ་དངུལ་བེད་སྤྱོད་ལྟ་སྐུལ་དོ་དམ་ཐད་ཀྱི་འབུར་ཐོན་གནད་དོན་ལ་ཆེད་དམིགས་བཅོས་སྒྲིག་ལས་དོན་བཀོད་གཏོང་ཚོགས་འདུའི་བརྡ་ཁྱབ་ཁྱབ་བསྒྲགས》ཀྱི་ཡིག་ཆའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ཏེ། རྫོང་ཡོངས་ཀྱི་གྲོང་སྡེའི་ཐུན་མོང་གི“མ་དངུལ་གསུམ”གྱི་དོ་དམ་དང་གྲོང་གསེབ་དར་རྒྱས་མ་དངུལ་བེད་སྤྱོད་ལྟ་སྐུལ་དོ་དམ་ཐད་ཀྱི་འབུར་ཐོན་གནད་དོན་ཆེད་དམིགས་བཅོས་སྒྲིག་བྱས་ཚུལ་གྱི་བརྡ་ཁྱབ་སྤེལ།ཞང་དང་གྲོང་རྡལ་ཁག་ལ་ཐུན་མོང་དུས་གཅིག་ཏུ་གྲོས་མོལ་བཏབ་ཏེ་གྲོང་སྡེའི་ཐུན་མོང་གི“མ་དངུལ་གསུམ”གྱི་དོ་དམ་དང་གྲོང་སྡེ་དར་རྒྱས་མ་དངུལ་བེད་སྤྱོད་ལྟ་སྐུལ་དོ་དམ་ཐད་ཀྱི་འབུར་ཐོན་གནད་དོན་ཆེད་དམིགས་བཅོས་སྒྲིག་གི་སྐབས་རྗེས་མའི་གཙོ་གནད་ལས་དོན་དག་བཀོད་སྒྲིག་བྱས།


ཚོགས་འདུའི་སྟེང་ནན་གྱིས་བསྟན་དོན། གཅིག་ནི་ཆབ་སྲིད་ཀྱི་ལངས་ཕྱོགས་བརྟན་པོར་གནས་པ་མཐོར་འདེགས་སུ་གཏོང་བ། ཆེད་དམིགས་བཅོས་སྒྲིག་ལས་དོན་གྱི་གལ་ཆེན་རང་བཞིན་ལ་ངོས་འཛིན་གཏིང་ཟབ་ཏུ་བྱས་ཏེ།ཆེད་དམིགས་བཅོས་སྒྲིག་བྱ་རྒྱུ་ནི་མིག་སྔའི་གལ་འགངས་ཆེ་བའི་ཆབ་སྲིད་ལས་འགན་དུ་བརྩིས་ནས་ལག་ལེན་དམ་འཛིན་བྱེད་པ།ལས་དོན་ཆེད་སྒྲུབ་ཚོ་ཆུང་དང་སྟོབས་ཤུགས་མཉམ་སྡེབ་བྱས་ནས་ཁྱོན་ཡོངས་ནས་གནད་དོན་ཞིབ་བཤེར་བྱེད་པ་གཏིང་ཟབ་ཏུ་སྤེལ་དགོས། གཉིས་ནི་གཙོ་གནད་བཅོས་སྒྲིག་བྱེད་ཡུལ་ལ་དམིགས་འཛིན་བྱེད་པ། ཞིང་ལས་འཕྲུལ་ཆས་ཀྱི་ཉོ་སྒྲུབ་ཁ་གསབ་དང་། གྲོང་སྡེའི་ཐུན་མོང་གི“མ་དངུལ་གསུམ”གྱི་དོ་དམ། ཚད་ཐོན་གྱི་ཞིང་ལས་འཛུགས་སྐྲུན་དང་རྨོ་འདེབས་སྐབས་ཀྱི་སའི་གཤིན་ཚད་སྲུང་སྐྱོང་ཁ་གསབ་སོགས་གཙོ་གནད་ཁྱབ་ཁོངས་ཀྱི་འབུར་ཐོན་གནད་དོན་དམིགས་སུ་བཟུང་སྟེ། ཆེད་དམིགས་བཅོས་སྒྲིག་དང་དམངས་ཚིས་ལེགས་སྒྲུབ་ཟུང་འབྲེལ་དམ་ཟབ་བྱས་ནས་སྟོབས་ཤུགས་གཅིག་སྡུད་ཀྱིས་འགག་སྒྲོལ་ཐུབ་པ་བྱེད་དགོས།གསུམ་ནི་གྲོས་གཞིར་བརྟེན་ནས་བསྒྱུར་བཅོས་བྱེད་པ།གཙོ་གནད་ཁྱབ་ཁོངས་རྗེས་ཀྱི་རུལ་སུངས་དང་སྤྱོད་ཚུལ་གྱི་གནད་དོན་ལ་སྔོག་འདོན་གཏིང་ཟབ་བྱས་ནས། དུས་ཐོག་ཏུ་རྩིས་སྤྲོད་གནད་དོན་གྱི་ཁུངས་སྣེ་ཚད་ལྡན་དུ་གཏོང་པ་དང་། གྲོས་གཞིར་བརྟེན་ནས་ཕྱི་ནང་ཟུང་འབྲེལ་གྱིས་བསྒྱུར་བཅོས་བྱེད་དགོས། བཞི་ནི་མཐུན་སྦྱོར་གཞོགས་འདེགས་ཐད་ཤུགས་སྣོན་རྒྱག་པ། ཞིང་ཕྱུགས་སྡེ་ཁག་གིས་རང་འགུལ་དང་བླངས་ཀྱིས་མཐུན་སྦྱོར་དང་མཛུབ་ཁྲིད་ལྟ་སྐུལ་སོགས་གཅིག་གྱུར་འཆར་འགོད་བྱེད་དགོས།འབྲེལ་ཡོད་སྡེ་ཁག་གིས་གཞོགས་འདེགས་དམ་ཟབ་བྱས་ནས་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ། “མིག་མངས་རིས་གང”གི་བསམ་བློ་བཟུང་སྟེ། གཅིག་འདུས་ཀྱིས་ལས་ཀར་འབད་དགོས་ཤིང་། ངེས་དོན་གྱིས་སྟོབས་ཤུགས་གཅིག་སྒྲིལ་གྱི་གོམ་སྟབས་མཉམ་ལེན་གྱིས་གཅིག་སྡུད་བཅོས་སྒྲིག་གི་ལས་དོན་ཡག་པོ་བསྒྲུབ་དགོས།ལྔ།ལྟ་སྐུལ་འདྲི་རྩད་བྱེད་ཤུགས་ཆེ་རུ་གཏོང་བ། རྫོང་སྒྲིག་ཁྲིམས་ཞིབ་བཤེར་ལྟ་ཞིབ་ཚོ་ཆུང་གིས་དུས་ཐོག་ཏུ་ཆེད་དམིགས་ཞིབ་བཤེར་དང་གཙོ་གནད་ཟུར་བཤེར།མངོན་རྩད་ལྐོག་བཤེར་སོགས་ཀྱི་བྱེད་ཐབས་སྤྱད་དེ“ཆེད་དམིགས་གཉིས་ཀྱི་བཅོས་སྒྲིག”གི་ལས་དོན་སྤེལ་བའི་གནས་ཚུལ་ལ་སྐུལ་འདེད་ཞིབ་བཤེར་བྱས་ཏེ་གནས་པའི་གནད་དོན་དུས་ཐོག་ཏུ་མཐོང་བ་དང་བཅོས་སྒྲིག་བྱས་ཏེ།ཆེད་དོན་བཅོས་སྒྲིག་ལ་ངེས་དོན་གྱི་ཕན་འབྲས་ཐོན་རྒྱུར་འགན་ལེན་བྱེད་དགོས།