2025ལོའི་མཚོ་སྔོན་པོ་རྐང་ཚའི་སྐྱེ་ཁམས་སྤྲོ་སྣང་རྒྱུག་འགྲན(ལྷ་ཆབ་ཁུགས་རྟགས་མ)སྐབས་དང་པོ།
发布时间:2025年08月13日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

    ཟླ8པའི་ཚེས10ཉིན མཚོ་སྔོན་པོའི་ནུབ་འགྲམ་གྱི་ཆེས་མཛེས་པའི་གཞུང་ལམ་དུ2025ལོའི་མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་སྐབས་དང་པོའོས་འདེམས་ས་ཁུལ)རྐང་ཚའི་སྐྱེ་ཁམས་སྤྲོ་སྣང་རྒྱུག་འགྲནལྷ་ཆབ་ཁུགས་རྟགས་མབདེ་ལེགས་ངང་འཚོགས། སྐབས་འདིའི་སྤྲོ་སྣང་རྒྱུག་འགྲན་ནང་རྒྱལ་ཡོངས་ཀྱི་ས་གནས་སོ་སོའི་ལུས་རྩལ་པ་དང་རྐང་རྒྱུག་ལ་མོས་མཁན1000ལྷག་ཙམ་ཞུགས་ནས་རྐང་ཚ་རུ་མཉམ་འཛོམས་བྱུང་སྟེ།ཁོ་ཚོས་སྤྲོ་སེམས་དང་རྔུལ་ཆུ་ལ་བརྟེན་ནས་དམངས་ཡོངས་ཀྱིས་ལུས་རྩལ་སྦྱོང་བའི་རྣམ་པ་ཞིག་འཁྲབ་སྟོན་བྱས།ལམ་བར་དུ་ཁོ་ཚོས་གོམ་སྟབས་ལ་བརྟེན་ནས་མཚོ་སྔོན་པོའི་ནུབ་འགྲམ་གྱི་མཛེས་སྡུག་དེ་ཚད་འཇལ་བྱས་ཏེ།སྔོ་བསངས་ཀྱི་མཚོ་ངོས་དང་ཁོད་སྙོམས་ཀྱི་ལམ་ཐིག་ལ་རོལ་མྱོང་བྱེད་བཞིནརླུང་གིས་བསྐྱོད་པའི་དར་ལྕོག་དང་བག་ཡངས་ཀྱིས་རྒྱུ་བའི་ནོར་ཁྱུ་ལ་རོལ་མྱོང་བྱེད་བཞིན དྭངས་ཤིང་གཙང་བའི་ལྷ་ཆབ་དང་འདབ་བརྒྱ་བཞད་པའི་མེ་ཏོག་ལ་རོལ་མྱོང་བྱེད་བཞིན་དུ་བརྗེད་པར་དཀའ་བའི་ཕྱིར་དྲན་ཞིག་བསྩལ་བྱུང་།

རྒྱུག་འགྲན་གྱི་མགོ་རྩོམ་པ།

སྐྱ་རྩལ་པས་རྒྱུག་འགྲན་ལ་རམ་འདེགས་བྱེད་པ།

རིག་རྩལ་འཁྲབ་སྟོན།

བྱ་དགའ་སྤྲོད་པའི་མཛད་སྒོ།