མཐོ་སྒང་རི་གྲོང་དུ་ཆགས་པའི་ཁམས་གསེང་གླིང་།
发布时间:2025年08月15日 消息来源:

རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

    མཚོ་སྔོན་པོའི་བྱང་འགྲམ་གྱི་མཛེས་སྡུག་ལྡན་པའི་རྩྭ་ཐང་དུ་རིག་གནས་ཡུལ་སྐོར་གྱི་ཚ་རླབས་འཕྱུར་པ་དང་གདོང་ཐུག་པ་ནས་བཟུང་། སྔོན་གྱི་སྲོལ་རྒྱུན་གྱི་ཡུལ་སྐོར་ལས་རིགས་ནས་ད་ལྟའི་རྣམ་པ་གསར་པའི་ཡུལ་སྐོར་ལས་རིགས་ཕྱོགས་སུ་འཕེལ་རྒྱས་སུ་གཏོང་བར་འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བ་ནས་རིམ་གྱིས་དངོས་སུ་ལག་ལེན་དུ་བསྟར།ཐུན་མོང་མ་ཡིན་པའི་རང་བྱུང་སྐྱེ་ཁམས་དང་རིག་གནས་ཀྱི་རྨང་གཞི་སྟུག་པོར་བརྟེན་ཞིང་།གྲངས་ཉུང་མི་རིགས་ཀྱི་འཕེལ་རྒྱས་མ་དངུལ་དང་ཧྲན་ཏུང་གི་རོགས་སྐྱོར་མ་དངུལ་སོགས་དང་ཟུང་འབྲེལ་བྱས་ཏེ། དཀོན་ལོ་གོང་མ་སྡེ་བས་སྲོལ་རྒྱུན་གྱི་ཐོན་ཁུངས་དེ་འཕེལ་རྒྱས་ཀྱི་སྒུལ་ཤུགས་སུ་བསྒྱུར་ནས།  ཀོང་དབྱི་ལན་ཅིན་ཁམས་གསེང་གླིང་དུས་ཐོག་ཏུ་སྒོ་འབྱེད་མཛད་སྒོ་ཚུགས་པ་དེསསྡེ་བའི་ཐུན་མོང་དཔལ་འབྱོར་རྒྱུན་མཐུད་དར་རྒྱས་སུ་འགྲོ་བ་དང་སྡེ་དམངས་ཀྱི་རྒྱུན་མཐུད་ཡོང་འབབ་འཕར་བའི་སྒུལ་ཤུགས་གསར་པ་ཞིག་ཏུ་གྱུར་ཡོད།   

图片
图片

    ཀོང་དབྱི་ལན་ཅིན་ཁམས་གསེང་གླིངདུ་བསྐྱོད་སྐབས་ཁྱད་ལྡན་གྱི་རས་གུར་དང་ཡངས་ཤིང་རྒྱ་ཆེ་བའི་མཐོ་སྒང་རྩྭ་ཐང་གཉིས་ཕན་ཚུན་སྣོལ་སྦྲེལ་ཞིང་། ཡུལ་སྐོར་བ་འདུ་སྡོད་ཀྱིས་བོད་ཟས་ལ་མྱོང་རོལ་དང་མེ་ཕུང་སྐོར་བྲོར་ཉམས་ལེན་བྱེད་ཞོར་སྐྱིད་སྣང་དོད་པའི་དུས་ཚོད་ལོངས་སྤྱོད་བྱེད་ཆོག ཁམས་གསེང་གླིང་དུ་མི100ཞག་སྡོད་བྱེད་ཐུབ་པ་དང་མི200ཡིས་མཉམ་དུ་ཟ་མ་་ཆོག་པའི་གུང་གསེང་སྒར་ཚིགས་ཤིག་ཡིན་ཞིང་། རྫོང་ཕྱི་ནང་གི་ཡུལ་སྐོར་བ་མང་པོ་ཁམས་གསེང་གཏོང་བར་གནས་འདིར་སླེབས་བཞིན་ཡོད། གནས་འདིས་རས་གུར་བོགས་གཏོང་ནས་རང་འདེམས་བསྲེག་ཟས། རྟ་ཞོན་མདའ་འཕེན་ནས་མེ་འབུད་ཇ་སྐོལ་སོགས་ལ་བརྟེན་སྡེ་བའི་ཐུན་མོང་དཔལ་འབྱོལ་འཕེལ་རྒྱས་ལ་བརྟན་འཇགས་བྱུང་།དེ་དང་ཆབས་ཅིག དཀོན་ལོ་གོང་མ་སྡེ་བས་རྐང་ཚ་རྫོང་གི་ཡུལ་སྐོར་གནས་བབ་ལེགས་པོ་དང་སྡེ་བ་རིམ་པའི་གློག་རྡུལ་ཚོང་དོན་ཐད་གཏོང་རྟེན་གཞི་འཛུགས་སྐྲུན་གྱི་ལེགས་ཆ་བཟང་པོ། སྡེ་བ་རིམ་པའི་འགྲིམ་འགྲུལ་འགྲོ་ལམ་ལེགས་བཅོས་སོགས་ལ་བརྟེན།སྡེ་བའི་སྐྱེ་ཁམས་ཡུལ་སྐོར་སྣ་མང་ལས་རིགས་མ་ལག་ནུས་ལྡན་ངང་བཙུགས་པ་དང་། རྒྱུག་ཚད”ནས“འཇོག་ཚད”དང་།ཐོན་ཁུངས་ནས་མ་རྩ། མ་རྩ་ནས་མ་དངུལ་རུ་མངོན་འགྱུར་བྱུང་ཡོད།  

图片

     དཀོན་ལོ་གོང་མ་སྡེ་བའི་ཏང་ཀྲི་པུ་ཧྲུའུ་ཅི་བསོད་ནམས་ཚེ་བརྟན་གྱིས་ངོ་སྤྲོད་བྱས་དོན། “ཀོང་དབྱི་ལན་ཅིན་ཁམས་གསེང་གླིང་དེ་དཀོན་ལོ་གོང་མ་སྡེ་བའི་རིག་གནས་ཡུལ་སྐོར་གཉེར་སྟངས་གསར་བ་ཞིག་ཡིན་པའི་ངོས་ནས། ཉེ་འཁོར་གྱི་སྡེ་མིའི་ལས་ཞུགས་ཐག་གཅོད་བྱས་ཡོད་པ་མ་ཟད། སྡེ་བ་རིམ་པའི་ཞིང་འབྲོག་ཐོན་རྫས་དང་ཁྱད་ལྡན་རིག་གནས་གསར་གཏོད་ཐོན་རྫས། མཐའ་འཁོར་གྱི་བཟའ་བཏུང་ཞག་སྡོད་སོགས་མཐུན་སྦྱོར་ངང་འཕེལ་རྒྱས་སུ་གཏོང་བར་སྐུལ་ཁྲིད་ནུས་ལྡན་བྱས་ཏེ། ཐུན་མོང་གྱི་ཡོང་འབབ་འཕར་བའི་ཐབས་ལམ་སྔར་བས་རྒྱ་ཆེར་བཏང་ཡོད།  

    འོམ་ཆུ་གྲོང་རྡལ་དཀོན་ལོ་གོང་མ་སྡེ་བས་མུ་མཐུད་དུ་སྒར་འདེབས་དང་འཕེལ་རྒྱས་གྱི་རྣམ་པ་འཚོལ་ཞིབ་བྱས་ཏེ། ཡུལ་སྐོར་ལས་གནས་ཆེད་དོན་གསོ་སྦྱོང་དང་ཁྱིམ་ཚང་མགྲོན་ཁངམུ་མཐུད་རྒྱ་སྤེལ་གཏོང་བ།ཁྱད་ལྡན་ཐོན་རྫས་རྒྱུན་ཆད་མེད་པར་གསར་སྐྲུན་བྱེད་པ་སོགས་ལ་བརྟེན།སྡེ་མིའི་ཡུལ་སྐོར་ལས་རིགས་འཕེལ་རྒྱས་གྱི་རྣམ་པ་ལེགས་པོ་ལ་བརྟེན་ཡོང་འབབ་ཇེ་ལེགས་སུ་འགྲོ་བར་ཁག་ཐེག་བྱེད་དགོས།