རྐང་ཚའི་གཞི་ཁྱོན་ཡན་གྱི་བཟོ་ལས་ཐང་འཕར་ཁུལ་ཡོངས་ཀྱི་སྔོན་གྲས་སུ་སླེབས།
རྩོམ་སྒྲིག ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་གསོ་སྐྱོང་དང་འཕེལ་རྒྱས་གཏོང་བའི་འབུར་དུ་ཐོན་པའི་གོ་གནས་སུ་བཞག་སྟེ། རྣམ་གྲངས་འཛུགས་སྐྲུན་དང་ཐོན་ལས་རིམ་སྤར།ཁེ་ལས་ཞབས་ཞུ་སོགས་ལ་དམིགས་ནས། ཐབས་བརྒྱ་ཇུས་སྟོང་གིས་ཁེ་ལས་དང་བཟོ་ལས་བརྟན་པོ་ཡོང་བ་བྱས་ཏེ་ནུས་ཤུགས་ཡོད་རྒུས་ལོ་སྟོད་ཀྱི་བཟོ་ལས་དཔལ་འབྱོར་མགྱོགས་མྱུར་ངང་འཕེལ་རྒྱས་འགྲོ་བར་སྐུལ་འདེད་བཏང་ཡོད། ལོ་སྟོད་དུ་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་བཅུ་ཡིས་རིམ་རྩིས་བྱས་ན་གློག་འདོན་སྟོང་ཝ་དུང་ཕྱུར7.24ཟིན་སྐབས་གཟན་ཆས་ཏུན1222 ཐོན་སྐྱེད་བྱས་ཤིང་།བཟོ་ལས་ཀྱི་སྤྱིའི་ཐོན་ཐང་སྒོར་དུང་ཕྱུར1.43མངོན་འགྱུར་བྱུང་ལ་མཚུངས་སྡུར་ལས48.9%འཕར་བ་དང་།གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཐང་འཕར་མཚུངས་སྡུར་ལས80.2%འཕར་བ་དང་། འཕར་ཚད་ལོ་སྔོན་མའི་དུས་མཚུངས་ལས་བརྒྱ་ཆའི་ཆ89.6འཕར་བས་ཁུལ་ཡོངས་ཀྱི་ཨང་དང་པོར་སླེབས་ནས། ཁུལ་ཡོངས་ཀྱི་བཟོ་ལས་དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན་ཡོད།
འཁོར་སྐྱོད་བཀོད་གཏོང་བྱེད་ཤུགས་ཇེ་ཆེར་གཏོང་དགོས། “3+6”(རྫོང་དཔོན་གཞོན་པ3+ལས་རིགས་སྡེ་ཁག6)གི་ལས་དོན་ལམ་སྲོལ་མ་ལག་གཏིང་ཟབ་ཏུ་བཏང་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་ཉིན་རེར་རྟོག་འཇལ་དང་གཟའ་རེར་བཀོད་གཏོང་བྱ་རྒྱུ་རྒྱུན་འཁྱོངས་བྱས་ཏེ། “ཁེ་ལས་གཅིག་ལ་ཐབས་ཇུས་གཅིག གནད་ལ་འཁེལ་བའི་ཞབས་ཞུ”ལྟར་དུ། རྒྱལ་ཁབ་ནུས་ཁུངས(མཚོ་བྱང་རྐང་ཚ)ནུས་ཁུངས་གསར་པ་གསར་སྤེལ་ཚད་ཡོད་ཀུང་སི་སོགས་གནས་ཐང་འཕར་ཚད་ཅུང་མཐོ་བའི་ནུས་ཁུངས་གསར་པའི་ཁེ་ལས་ལ་རྟོག་འཇལ་དང་འཁོར་སྐྱོད་བཀོད་གཏོང་བྱེད་པར་ཤུགས་བསྣན་ཏེ། ་ཧྲན་ཏུང་རོགས་སྐྱོར་སྐྱེ་ཁམས་གཟན་ཆས་ཚད་ཡོད་ཀུང་སི་སོགས་ལས་སྣོན་ཁེ་ལས་ཀྱི་དྲ་ཐོག་དང་དྲ་འོག་དུས་མཉམ་ཚོང་གཉེར་ལ་རྒྱབ་སྐྱོར་བྱས་ཏེ།དུས་ཐོག་ཏུ་རྣམ་གྲངས་འཛུགས་སྐྲུན་དང་རྒྱུ་ཆ་ཉོ་སྒྲུབ།ཁྲོམ་རའི་ཕྱིར་འཚོང་སོགས་ཐད་འཕྲད་པའི་དཀའ་ངལ་གྱི་གནད་དོན་དང་ཐོན་སྐྱེད་ཀྱི་དཀའ་གནད་མཐུན་སྦྱོར་ངང་ཐག་གཅོད་བྱས་ཏེ། ཐོན་སྐྱེད་རྒྱ་བསྐྱེད་དང་ཕན་འབྲས་འཕར་སྣོན་ལ་ཁག་ཐེག་བྱ་དགོས།
ཁེ་ལས་གསོ་སྐྱོང་བྱེད་ཤུགས་ཇེ་ཆེར་གཏོང་དགོས། རྒྱུན་ཚད་བརྟན་པོ་དང་གསོག་ཚད་དང་འཕར་ཚད། སྤྱི་འབོར་སྔོག་འདོན་བྱེད་པ་བཅས་རྒྱུན་བསྐྱངས་ཏེ། ཕྱོགས་ཡོངས་ནས་རྫོང་གི་འཆར་འགོད་ཆ་རྐྱེན་དང་ལྡན་པའི་ཁེ་ལས་གསལ་སྟོན་བྱས་ཏེ། གསར་དུ་བསྣན་པའི་གཞི་ཁྱོན་ཡན་གྱི་བཟོ་ལས་ཁེ་ལས་གསོ་སྐྱོང་བྱེད་ཤུགས་ཇེ་ཆེར་བཏང་ནས་རྗེས་འདེད་ཞབས་ཞུའི་ལས་དོན་ཡག་པོ་བསྒྲུབ་སྟེ། བསྡོམས་རྩིས་ཀྱི་ཁོངས་སུ་ཚུད་པར་བརྩོན་ལེན་བྱེད་པ་དང་། གཞི་ཁྱོན་ཡན་གྱི་ཁེ་ལས་ཀྱི་གཏོས་ཚད་གསོ་སྐྱོང་དང་འདེགས་སྐྱོར་ཇེ་ཆེར་བཏང་སྟེ་འཕར་ཚད་སྔར་ལས་མང་པོ་ཆགས་ནས་གཞི་ཁྱོན་ཡན་གྱི་བཟོ་ལས་དཔལ་འབྱོར་འཕར་སྣོན་ཡོང་བར་སྐུལ་ཁྲིད་བྱེད་དགོས། ལོ་སྟོད་དུ་ཆིང་ཐའེ་བཟོ་སྐྲུན་རྒྱུ་ཆ་ཚད་ཡོད་ཀུང་སི་སོགས་ཁེ་ལས་ཀྱིས་ཐོན་རྫས་ཀྱི་རིན་གོང་མཐོ་བའི་དུས་རིམ་དམ་འཛིན་བྱས་ཏེ་ཐེག་ནུས་འདང་བའི་ཐོན་སྐྱེད་བྱེད་པ་དང་།ཁེ་ལས་ཀྱི་ཕྱོགས་བསྡུས་སྟོབས་ཤུགས་ཇེ་མཐོར་བཏང་ནས་གཞི་ཁྱོན་ཡན་གྱི་ཁེ་ལས་གསོ་སྐྱོང་བྱེད་པར་བརྩོན་ལེན་བྱ་དགོས།
རྒྱུ་རྐྱེན་འགན་སྲུང་ཇེ་ཟབ་ཏུ་གཏོང་དགོས། གཙོ་གནད་ཁེ་ལས་ཀྱི་ཞབས་ཞུའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་སྟེ། གཏིང་ཟབ་སྒོས་མགོ་ཁྲིད་ལས་བྱེད་པས་ཁེ་ལས་ལ་འབྲེལ་གཏུག་བྱེད་པའི་ལམ་ལུགས་ལག་བསྟར་བྱས་ནས་བཅར་འདྲི་རོགས་སྐྱོར་སྤེལ་ཏེ། ཧུར་ཐག་གིས་ཁེ་ལས་པས་ལས་དོན་སྒྲུབ་པའི་ཁྲོད་འཕྲད་པའི་དཀའ་གནད་ཐག་བཅད་དེ། ཁེ་ལས་ཀྱིས་ཁེ་ལས་ལ་ཕན་པའི་སྲིད་ཇུས་རབ་དང་རིམ་པ་བེད་སྤྱོད་གང་ལེགས་བྱ་རྒྱུར་མཛུབ་ཁྲིད་བྱས་ཏེ་ཁེ་ལས་ལ་ཕན་པའི་སྲིད་ཇུས་སྣ་ཚོགས་ཞིབ་ཕྲའི་སྒོ་ནས་དོན་འཁྱོལ་ཡོང་བར་ཁག་ཐེག་བྱ་དགོས།ལོ་སྟོད་དུ་རྫོང་ཡོངས་ཀྱི་སྲིད་གཞུང་དང་དངུལ་རྩ། ཁེ་ལས་ཀྱི་འབྲེལ་མཐུད་ཚོགས་འདུ་རྩ་འཛུགས་བྱས་ནས་འཚོགས་ཏེ། དངུལ་ཁང3དང་ཁེ་ལས12བར་ཡིད་ཆེས་ཀྱི་གྲོས་ཆིངས་བཞག་པ་དང་ཡུལ་དངོས་སུ་ཆིངས་ཡིག་འགོད་པའི་དངུལ་གྲངས་སྒོར་ཁྲི1950དང་བསྡུ་དངུལ་བསམ་ཕྱོགས་སྒོར་ཁྲི1780དང་།རིམ་རྩིས་བྱས་ན་རྣམ་པ་གསར་པའི་ཞིང་ཕྱུགས་ལས་ཚོང་གཉེར་སྐྱོང་བྱེད་པོ1337ལ་སྐྱེད་ཀ་གསབ་དངུལ་སྒོར་ཁྲི1566.37སྤྲད་པ་དང་། ཁེ་ལས་ཆུང་བའི་ཀུན་ཕན་དངུལ་རྩ་བུན་གཏོང་ཁག262ལ་སྒོར་དུང་ཕྱུར0.74བྱིན་ནས་ཁེ་ལས་ཆུང་འབྲིང་གི་འཕེལ་རྒྱས་ལ་རོགས་འདེགས་བྱས།