རྐང་ཚ་རྫོང་གི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་སོ་གཅིག་པ་འཚོགས།
རྩོམ་སྒྲིག་པ། ཚེ་གཟུངས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཟླ8པའི་ཚེས27ཉིན།རྐང་ཚ་རྫོང་གི་མི་དམངས་འཐུས་མི་ཚོགས་ཆེན་སྐབས་བཅུ་བདུན་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གིས་ཚོགས་འདུ་ཐེངས་སོ་གཅིག་པ་འཚོགས་ཤིང་།རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཚང་ཚོན་ཧྥི་དང་།ཀྲུའུ་རེན་གཞོན་པ་བུན་ཞོན་དང་ཁོ་ཚེ་བློ་བཟང་བཟོད་པ་རྒྱ་མཚོ།དེ་བཞིན་ཨུ་ཡོན་བཅས་ཁྱོན་མི16ཚོགས་འདུར་ཞུགས་པ་དེ་ཁྲིམས་བཅད་མི་གྲངས་དང་མཐུན་ཡོད།ཚང་ཚོན་ཧྥི་ཡིས་ཚོགས་འདུར་གཙོ་སྐྱོང་གནང་།

ཚོགས་འདུར་རྫོང་མི་དམངས་སྲིད་གཞུང་གི་རྫོང་ཡོངས་ཀྱི་སྤྱི་ཚོགས་རོགས་སྐྱོབ་མ་ལག་འཛུགས་སྐྱོང་བྱས་ཚུལ་གྲོས་ཞིབ་བསམ་འཆར་སྒྲུབ་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ་དང་རྫོང་མི་དམངས་སྲིད་གཞུང་གི་གྲོང་གསེབ་དར་སྤེལ་སྡེ་བའི་ཐུན་མོང་དཔལ་འབྱོར“སྡེ་བ་སྟོབས་ཆེར་གཏོང་བའི”གནས་ཚུལ་གྲོས་ཞིབ་བསམ་འཆར་སྒྲུབ་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ།རྫོང་མི་དམངས་སྲིད་གཞུང་གི་རྫོང་ཡོངས་ཀྱི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྗས་ཕྱིར་གཏོང་བྱ་ཡུལ་འཛུགས་སྐྲུན་གནས་ཚུལ་གྲོས་ཞིབ་བསམ་འཆར་སྒྲུབ་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ།རྫོང་སྤྱི་བདེ་ཅུའི་སྤྱི་བདེ་མངགས་གཏོང་ཁང་གི་རྨང་གཞིའི་འཛུགས་སྐྲུན་དང་ཁྲིམས་བསྟར་གྱོད་སྒྲུབ་དོ་དམ་ལྟེ་གནས་ཀྱི“ལས་སྟེགས་གཅིག་གི་རྣམ་པའི”ཁྲིམས་བསྟར་གནས་ཚུལ་གྲོས་ཞིབ་བསམ་འཆར་སྒྲུབ་པའི་མཇུག་འབྲས་སྐོར་གྱི་སྙན་ཞུ།རྫོང་སྤྱི་བདེ་ཅུའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་བདེ་འཇགས་དོ་དམ་བཅའ་ཁྲིམས》ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ། རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་འགྲིམ་འགྲུལ་བདེ་འཇགས་དོ་དམ་བཅའ་ཁྲིམས》ལག་བསྟར་བྱས་ཚུལ་སྐོར་གྱི་ཁྲིམས་བསྟར་ཞིབ་བཤེར་སྙན་ཞུ།རྫོང་མི་དམངས་ཞིབ་དཔྱོད་ཁང་གི་སྲིད་འཛིན་ཞིབ་དཔྱོད་ལས་དོན་སྐོར་གྱི་སྙན་ཞུ།རྫོང་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་རྫོང་མི་དམངས་ཞིབ་དཔྱོད་ཁང་གི་སྲིད་འཛིན་ཞིབ་དཔྱོད་ལས་དོན་སྐོར་གྱི་ལྟ་ཞིབ་བརྟག་ཞིབ་སྙན་ཞུ།རྫོང་མི་དམངས་སྲིད་གཞུང་གི2024ལོའི་རྐང་ཚ་རྫོང་གི་སྲིད་གཞུང་ངོ་བོའི་བུ་ལོན་དོ་དམ་བྱས་ཚུལ་སྐོར་གྱི་ཆེད་དོན་སྙན་ཞུ། རྫོང་མི་དམངས་སྲིད་གཞུང་གི2025ལོའི་ལོ་སྟོད་ཀྱི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་འཆར་གཞི་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ།རྫོང་མི་དམངས་སྲིད་གཞུང་གི2025ལོའི་ལོ་སྟོད་ཀྱི་ནོར་སྲིད་སྔོན་རྩིས་ལག་བསྟར་བྱས་ཚུལ་སྐོར་གྱི་སྙན་ཞུ།རྫོང་མི་དམངས་སྲིད་གཞུང་གི2024ལོའི་རྒྱལ་ཁབ་ལ་དབང་བའི་རྒྱུ་ནོར་དོ་དམ་བྱས་ཚུལ་སྐོར་གྱི་ཕྱོགས་བསྡུས་སྙན་ཞུ་བཅས་ཉན་ནས་གྲོས་ཞིབ་གནང་།ཚོགས་འདུར་འབྲེལ་ཡོད་མི་དོན་བསྐོ་འཐེན་གྱི་དོན་ཚན་ལ་འདེམ་ཐག་བཅད་དེ་གྲོས་འཆམ་བྱུང་བ་དང་གསར་དུ་བསྐོ་བཞག་བྱས་པའི་ལས་སྒྲུབ་མི་སྣར་བསྐོ་བཞག་དཔང་ཡིག་སྤྲད་པ་མ་ཟད་རྩ་ཁྲིམས་དམ་བཅའ་མཛད་སྒོ་འཚོགས།

ཚོགས་འདུར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》ཀྱི་ལེའུ་གསུམ་པ་དང་གསར་དུ་བཟོ་བཅོས་བརྒྱབ་པའི《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྒྱལ་ཡོངས་མི་དམངས་འཐུས་མི་ཚོགས་ཆེན་དང་ས་གནས་རིམ་པ་ཁག་གི་མི་དམངས་འཐུས་མི་ཚོགས་ཆེན་གྱི་འཐུས་མིའི་བཅའ་ཁྲིམས》ཀྱི་ལེའུ་བཞི་པ་གཅིག་བསྡུས་ཀྱིས་སློབ་སྦྱོང་བྱས།
རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཁྲིན་ཡུང་ཕིང་དང་རྫོང་མི་དམངས་ཁྲིམས་ཁང་གི་མགོ་གཙོ་གཞོན་པ་ཡེས་ཧྥ་ཧུང་།རྫོང་མི་དམངས་ཞིབ་དཔྱོད་ཁང་གི་ལས་ཚབ་ཞིབ་དཔྱོད་དཔོན་སུའུ་ཞའོ་ཧྥིན།རྫོང་ལྟ་ཞིབ་ཨུ་ཡོན་ལྷན་ཁང་གི་མངགས་སྡོད་སྒྲིག་བཤེར་ལྟ་ཞིབ་ཚན་ཆུང་དང་པོ།རྫོང་དམངས་ཆེན་ལྟ་ཞིབ་དང་བཅའ་ཁྲིམས་ཨུ་ཡོན་ལྷན་ཁང་།འོམ་ཆུ་གྲོང་རྡལ་དམངས་ཆེན་དང་དེ་བཞིན་རྫོང་ཨུའི་རྩ་འཛུགས་པུ།རྫོང་འཕེལ་རྒྱས་བཅོས་བསྒྱུར་བཟོ་ལས་ཆ་འཕྲིན་ཅན་དང་ཚོང་དོན་ཅུ།རྫོང་ཞིང་ཕྱུགས་ཆུ་བེད་དང་ཚན་རྩལ་ཅུ།རྫོང་སྤྱི་བདེ་ཅུ།རྫོང་དམངས་སྲིད་ཅུ།རྫོང་ནོར་སྲིད་ཅུ་བཅས་ཀྱི་འབྲེལ་ཡོད་འགན་འཁུར་བློ་མཐུན་དང་རྫོང་རིམ་པའི་རོང་འབྲོག་མང་ཚོགས་ཀྱི་དམངས་ཆེན་འཐུས་མི་ཁག་ཅིག་ཚོགས་འདུར་ཟུར་ཞུགས་བྱས་ཡོད།