རྐང་ཚ་རྫོང་གི་སློབ་གྲྭ་ཆུང་འབྲིང་གིས་ཕྱོགས་ཡོངས་ནས་འཚོ་བཅུད་འཆར་གཞིའི་གུང་ཟས་མངོན་འགྱུར་བྱུང་།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

“འཚོ་བཅུད་ལེགས་བཅོས་འཆར་གཞིའི་འཕྲལ་རྒོལ་དམག་འཐབ”ཡག་པོ་རྒྱག་ཆེད། རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གི་མགོ་ཁྲིད་གཙོ་བོས་དངོས་སུ་བཀོད་སྒྲིག་དང་ལས་བགོས་འགན་གཉེར་རྫོང་དཔོན་གཞོན་པས་དངོས་སུ་ལྟ་སྐུལ་མཛུབ་ཁྲིད།རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་བརྒྱུད་རིམ་ཧྲིལ་པོར་སྒྲུབ་སྐུལ་བཅས་བྱས་ཏེ།སློབ་གྲྭ་གཅིག་ལ་ཐབས་ཇུས་གཅིག་སྤྱད་དེ་གནད་ལ་འཁེལ་བའི་སྒོ་ནས་ཞིབ་གཅོད་དང་ལུགས་མཐུན་གྱིས་ལག་བསྟར་བྱ་དགོས།


གཅིག་ནི་གཅིག་གྱུར་འཆར་འགོད་བྱས་ཏེ།རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུས་རྫོང་ཡོངས་ཀྱི་ཁྱབ་ཁོངས་ཀྱི་ལས་བྱེད་མི་སྣ17སྙོམས་སྒྲིག་བྱས་ཏེ།སློབ་གྲྭའི་ཟ་ཁང་གི་ལས་བྱེད་མི་སྣར་ཁ་གསབ་བྱས་པ་དང་།སློབ་གསོ་ཅུས་སློབ་གྲྭ་ཆུང་འབྲིང་དང་བྱིས་སྐྱོང་ཁང15ཡིས་གཅིག་གྱུར་གྱིས་སྒྲིག་བཀོད་བྱས་པའི་སྒྲིག་ཆས་དེ་རྐང་ཚ་རྫོང་གི་བཅའ་སྡོད་སློབ་ཆུང་དང་འོམ་ཆུ་གྲོང་རྡལ་བཅའ་སྡོད་སློབ་ཆུང་དུ་ཁ་གསབ་བྱས་པ་ཞིབ་བཤེར་བཟོ་བཅོས་བྱས་རྗེས་བེད་སྤྱོད་བྱེད་པ། གཉིས་ནི་ལུགས་མཐུན་ངང་དུས་སྣོལ་སྐབས་གཡོལ་གྱིས་རྐང་ཚ་རྫོང་བཅའ་སྡོད་སློབ་ཆུང་དང་འོམ་ཆུ་གྲོང་རྡལ་མི་རིགས་སློབ་ཆུང་གི་སྒྲིག་ཆས་འཕར་སྣོན་བྱས་པའི་དབང་གིས་གློག་སྤྱོད་ཚད་ལས་བརྒལ་བའི་གནས་ཚུལ་ལ་དམིགས་ཏེ་དུས་སྣོལ་གྱིས་གློག་བྱེད་སྤྱོད་བྱེད་པ། དེ་དང་ཆབས་ཅིག ད་ཡོད་ཀྱི་ཟ་ཁང་གི་ཆ་རྐྱེན་དང་ཟུང་འབྲེལ་བྱས་ནས་དུས་གཡོལ་གྱིས་ཟ་མ་ཟ་བར་ལག་བསྟར་བྱེད་རྒྱུ།གསུམ་ནི་རྫོང་སྲིད་གཞུང་དང་རྫོང་སློབ་གསོ་ཅུས2025ལོའི་ཟླ8པའི་ཚེས12ཉིན། དུས་ལྟར་འཚོ་བཅུད་ཇེ་ལེགས་སུ་གཏོང་བའི་མ་དངུལ་སྒོར་ཁྲི207.88དུས་ཐོག་ཏུ་སློབ་གྲྭ་སོ་སོར་གཏོང་སྤྲོད་བྱེད་པར་སྐུལ་འདེད་གཏོང་བ་དང་།ཟླ8པའི་ཚེས28ཉིན་རྫོང་སློབ་གསོ་ཅུ་དང་། རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུ།རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ།རྫོང་འཕྲོད་བསྟེན་བདེ་ཐང་ཅུ་བཅས་ཀྱིས་རྒྱབ་ཕྱོགས་མཁོ་སྒྲུབ་ལས་དོན་མི་སྣ160ལྷག་ཙམ་ལ་ཟས་རིགས་བདེ་འཇགས་དང་ནོར་སྲིད་དོ་དམ། སྒྲིག་ཆས་བཀོལ་སྤྱོད་དང་གཡོས་སྦྱོར་རྩལ་ནུས་སོགས་དམིགས་པ་རང་བཞིན་གྱི་གསོ་སྦྱོང་སྤེལ།འཕྲལ་རྒོལ་དམག་འཐབ་ཚུན་ལ། སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གིས་བརྒྱུད་རིམ་ཧྲིལ་པོར་རྗེས་འདེད་ལྟ་སྐུལ་བྱས་པ་དང་སྡེ་ཁག་སོ་སོར་མཉམ་འགུལ་མཐུན་སྦྱོར་བྱས་ནས་ནུས་ལྡན་གྱི་མཉམ་ཤུགས་ཆགས་ཡོད།བཞི་ནི་ལུགས་མཐུན་གྱིས་འཆར་འགོད་བྱེད་པ།ཧྲན་ཏུང་གི་འཛུགས་སྐྲུན་རོགས་སྐྱོར་མ་དངུལ་སྒོར་ཁྲི122དང་རྫོང་རིམ་པའི་གྲ་སྒྲིག་མ་དངུལ་སྒོར་ཁྲི85བརྩོན་ལེན་བྱས་པ་དང་།སློབ་གྲྭའི་བདེ་འཇགས་བཟོ་སྐྲུན་མ་དངུལ་སྒོར་ཁྲི31གཅིག་གྱུར་འཆར་འགོད་བྱས་ཏེ།ཁྱོན་བསྡོམས་སྒོར་ཁྲི238དེ་ཟ་ཁང་གི་སྒྲིག་ཆས་སྒྲིག་བཀོད་ཉོ་སྒྲུབ་བྱེད་པ་དང་ཟ་ཁང་གི་གློག་ཤུགས་བསྒྱུར་བཅོས་དང་ཟ་ཁང་བསྒྱུར་བཀོད་བྱེད་པ་བཅས་ལ་སྤྱད་པ་མ་ཟད་རྣམ་གྲངས་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ།ཟླ10པའི་རྒྱལ་སྟོན་དུ་ཡོངས་རྫོགས་ལག་བསྟར་བྱས་ཚགས་ནས་སློབ་གྲྭའི་ཟ་ཁང་གི་གནད་དོན་ཚང་མ་ཐག་གཅོད་བྱས་ཏེ་ཟ་མ་མཁོ་འདོན་ཞབས་ཞུ་སྔར་ལས་ཚད་ལྡན་དང་གོ་རིམ་ལྡན་པ་བྱ་རྩིས་ཡོད།

ཟླ9པའི་ཚེས1ཉིན།རྫོང་ཡོངས་ཀྱི་སློབ་གྲྭ་ཆུང་འབྲིང5ཡིས་ཐོག་མར་ཁུལ་ཡོངས་སུ་ཕྱོགས་ཡོངས་ནས“འཚོ་བཅུད་འཆར་གཞིའི”གུང་ཟས་མཁོ་འདོན་བྱེད་པ་མངོན་འགྱུར་བྱུང་བར་སློབ་མ4963གྱིས་བཅུད་ཟས་ལོངས་སུ་སྤྱད་ཡོད། སློབ་འགོ་ཚུགས་ཉིན། རྫོང་ཨུའི་ཧྲུའུ་ཅི་ལི་ཝུན་ལིན་དང་རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་དཔོན་ཀྲང་ཆི་ཧྥེང་།ལས་བགོས་འགན་གཉེར་རྫོང་དཔོན་གཞོན་པ་མཱ་ཧྲིན་ལེན་བཅས་ཀྱིས་འཚོ་བཅད་འཆར་གཞིའི་གུང་ཟས་མཁོ་འདོན་གྱི་ལག་བསྟར་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་བྱས་པ་མ་ཟད་མཉམ་དུ་ཟ་མ་ཟོས་ཤིང་། ཁུལ་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་གཞོན་པ་མྰ་ཧྲིན་ལེན་དང་རྫོང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ཡོན་ལྷན་ཁང་གི་ཧྲུའུ་ཅི་ཁུང་ཧྥན་ཅེ་བཅས་སློབ་གྲྭ་ཁག་ཏུ་བསྐྱོད་དེ་ཡུལ་དངོས་སུ་ལྟ་སྐུལ་ཞིབ་བཤེར་བྱས་པ་མ་ཟད་ཟས་རིགས་ཀྱི་བདེ་འཇགས་དང་བཟའ་ཆའི་སྤུས་ཚད།ལས་སྒྲུབ་མི་སྣའི་གསོ་སྦྱོང་། སློབ་མའི་སྤྱོད་ལམ་གོམས་གཤིས།ཚུལ་མཐུན་ངང་ཟས་གསོལ།ཟས་རིགས་ཆུད་ཟོས་སུ་མི་གཏོང་བ། ཁྱིམ་བདག་གི་བསམ་འཆར་བསྡུ་ལེན་བྱེད་པ་སོགས་ཀྱི་ཐད་ལ་བྱེ་བྲག་གི་བླང་བྱ་བཏོན་ཡོད།

རྗེས་མར་རང་རེའི་རྫོང་གིས་མུ་མཐུད་དུ“འཚོ་བཅུད་ལེགས་བཅོས་འཆར་གཞིའི”འཕྲལ་རྒོལ་དམག་འཐབ་ཀྱི་གྲུབ་འབྲས་སྲ་བརྟན་དུ་བཏང་སྟེ། སྤུས་ཚད་དང་མ་དངུལ།བདེ་འཇགས།ཞབས་ཞུ་བཅས་ཀྱི་འགག་སྒོ་ནན་མོ་སྲུང་ནས་བཟའ་བཏུང་གི་གྲོན་དངུལ་ཚང་མ་སློབ་མའི་ཟ་འཐུང་ཕྱོགས་ལ་བཀོལ་ཏེ།ནུས་ཤུགས་ཡོད་རྒུས་སློབ་མའི་ལྕེ་ཐོག་གི་བདེ་འཇགས་ཁག་ཐེག་བྱ་རྒྱུ།