རྐང་ཚ་རྫོང་ཨུས་དམག་དོན་གྲོས་མོལ་ཚོགས་འདུ་འཚོགས།
发布时间:2025年09月05日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

   ཟླ9པའི་ཚེས2ཉིནརྐང་ཚ་རྫོང་ཨུས་དམག་དོན་གྲོས་མོལ་ཚོགས་འདུ་འཚོགས་ཤིང་། ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱས་ཏེ། ཕྱོགས་ཡོངས་ནས་ཞིང་ཆེན་ཏང་ཨུ་དང་ཁུལ་ཨུའི་དམག་དོན་གྲོས་མོལ་ཚོགས་འདུའི་དགོངས་དོན་དོན་ཐོག་ཏུ་འཁྱོལ་ནས། རྫོང་ཡོངས་ཀྱི་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་བྱས་ཚུལ་ལ་ཉན་པ་དང་།རྒྱལ་སྲུང་དང་དམག་དཔུང་འཛུགས་སྐྱོང་ལས་དོན་ལ་ཞིབ་འཇུག་དང་རྒྱབ་སྐྱོར་བྱ་རྒྱུ། རྫོང་ཨུའི་ཧྲུའུ་ཅི། རྫོང་མི་དམངས་དྲག་ཆས་པུཏང་ཨུའི་ཧྲུའུ་ཅི་དང་པོ་ལི་ཝུན་ལིན་གྱིས་ཚོགས་འདུ་གཙོ་སྐྱོང་བྱས་པ་མ་ཟད་གསུང་བཤད་གནང་བ་དང་རྫོང་དཔོནརྫོང་རྒྱལ་སྲུང་སྐུལ་སློང་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་ཀྲང་ཆི་ཧྥེང་ཚོགས་འདུར་ཞུགས་ཡོད།

    ཚོགས་འདུར་བསྟན་དོན།ན་ནིང་ནས་བཟུང་།རྐང་ཚ་རྫོང་གིས་ཞི་ཅིན་ཕིང་གི་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་ཁྲིད་སྟོན་དུ་འཛིན་པ་རྒྱུན་བསྐྱངས་ནས།ཏང་གིས་དུས་རབས་གསར་པའི་དམག་དཔུང་སྟོབས་ཆེར་གཏོང་བའི་དམིགས་འབེན་ལ་དམ་པོར་གཞིགས་ཏེ་ཕྱོགས་ཡོངས་ནས་ཏང་གིས་དྲག་ཆས་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་ལག་བསྟར་དང་།སེམས་ཤུགས་གཅིག་སྒྲིལ་གྱིས་ལས་དོན་ཏན་ཏིག་སྒྲུབ་ནས་ལས་དོན་ཁག་ལ་གྲུབ་འབྲས་གསར་པ་ཐོབ་པར་སྐུལ་འདེད་བཏང་ཡོད།ལྷག་པར་བཅའ་སྡོད་དམག་དཔུང(ཉེན་རྟོག་པ)ས་གནས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཛུགས་སྐྲུན་ནང་ཞུགས་ཏེ་ས་གནས་ཀྱི་བརྟན་འཇགས་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་པ་སོགས་ཀྱི་ལས་དོན་ཁྲོད་བློ་གྲོས་དང་ནུས་ཤུགས་འབུལ་བ་དང་།རྫོང་ཡོངས་ཀྱི་གོང་འོག་ཚང་མར་སྤྱི་ཚོགས་འཆམ་མཐུན་བརྟན་འཇགས་དང་དམག་སྲིད་དམག་དམངས་བར་མཐུན་སྒྲིལ།མི་དམངས་བདེ་སྡོད་ལས་བརྩོན།དཔལ་འབྱོར་རྒྱུན་མཐུད་འཕེལ་རྒྱས་འགྲོ་བ་བཅས་ཀྱི་རྣམ་པ་བཟང་པོ་མངོན་ཡོད།  

     ཚོགས་འདུར་ནན་གྱིས་བསྟན་དོན།ད་ལོའི་ཏང་གིས་དྲག་ཆས་དོ་དམ་བྱེད་པའི་ལས་དོན་ཡག་པོ་སྒྲུབ་རྒྱུ་ནི་འགན་འཁྲི་ལྕི་ལ་དཀའ་ཚེགས་ཆེ་བ།དོན་སྙིང་ལྡན་པ་ཞིག་ཡིན།དམག་ས་རིམ་པ་ཁག་གིས་ཞི་ཅིན་ཕིང་གིས་དམག་དཔུང་སྟོབས་ཆེར་གཏོང་བའི་བསམ་བློ་གཞི་རྩར་འཛིན་པ་རྒྱུན་འཁྱོངས་དང་ཆབ་སྲིད་ཀྱི་སྣེ་ཁྲིད་ལ་ཤུགས་སྣོན་པ།ཏང་གིས་དྲག་ཆས་དོ་དམ་བྱེད་པའི་ཆབ་སྲིད་ཁ་ཕྱོགས་དམ་འཛིན་བཅས་བྱས་ཏེ། ཕྱོགས་ཡོངས་ནས་དུས་རབས་གསར་པའི་ཏང་གིས་དྲག་ཆས་དོ་དམ་བྱེད་པའི་ལས་དོན་ཡག་པོ་བསྒྲུབ་དགོས། གཙོ་ལས་གཙོ་བོར་འཛིན་པ་རྒྱུན་འཁྱོངས་བྱས་ཏེ་མུ་མཐུད་དུ་རྒྱལ་སྲུང་སྐུལ་སློང་དང་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་གི་རྨང་གཞི་སྲ་བརྟན་དུ་བཏང་སྟེ།ཏང་གིས་དྲག་ཆས་དོ་དམ་བྱེད་པའི་གོ་ཆོད་ཡུན་ཚད་ནུས་ལྡན་ངང་ཇེ་མཐོར་གཏོང་དགོས།རྒྱལ་སྲུང་སྐུལ་སློང་མ་ལག་འཐུས་ཚང་དུ་བཏང་སྟེ་འབྱུང་འགྱུར་གྱི་ཉེན་ཁ་དང་འགྲན་སློང་ལ་ཁ་གཏད་དགོས།  སྟོབས་ཤུགས་འཛུགས་སྐྱོང་ལ་གྲ་སྒྲིག་ཞིབ་ཚགས་བྱས་ཏེ་ཆེད་དམིགས་དྲག་ཆས་ལས་བྱེད་པ་གདམ་བསྐོ་བྱས་ནས་དྲག་ཆས་ལས་དོན་ཡག་པོ་བསྒྲུབ་དགོས།གཉིས་བཀུར་མཉམ་འཛུགས་བྱེད་ཤུགས་ཇེ་ཆེར་བཏང་ནས་དམག་དམངས་ཀྱི་མཉམ་འདྲེས་གཏིང་ཟབ་ལ་སྐུལ་འདེད་བྱས་ཏེ།རྐང་ཚའི་ལས་དོན་སྣ་ཚོགས་སྤུས་ཚད་མཐོ་བའི་ངང་ནས་འཕེལ་རྒྱས་འགྲོ་བར་རོགས་འདེགས་བྱ་དགོས། 

  ཚོགས་འདུར་བླང་བྱ་བཏོན་པ།རྫོང་ཡོངས་ཀྱི་རིམ་པ་སོ་སོའི་ཏང་ཨུ་དང་སྲིད་གཞུང་གིས་ཏང་གིས་དྲག་ཆས་དོ་དམ་བྱེད་པའི་ཆབ་སྲིད་ཀྱི་འགན་འཁྲི་འཁུར་ཏེ། དམག་དོན་གྲོས་མོལ་ཚོགས་འདུས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་བྱེ་བྲག་ཏུ་བྱེད་ཐབས་དང་དོན་དངོས་ཀྱི་ལག་བསྟར་ལ་བསྒྱུར་ནས།མགོ་ཁྲིད་གཙོ་བོས་ཏང་གིས་དྲག་ཆས་དོ་དམ་བྱེད་པའི་ལས་དོན་སེམས་ལ་བཟུང་ནས་ལག་ཏུ་བསྟར་ཏེ་དོན་ཐོག་ཏུ་འཁྱོལ་དགོས།འབྲེལ་ཡོད་སྡེ་ཁག་སོ་སོས་གཞོགས་འདེགས་དམ་ཟབ་དང་མཐུན་སྦྱོར་ནུས་ཤུགས་ཀྱིས་ལས་འགན་སྣ་ཚོགས་ཕན་ནུས་ལྡན་པའི་སྒོ་ནས་ལག་ལེན་བསྟར་བརཁག་ཐེག་བྱས་ཏེ་རང་རེའི་རྫོང་གི་ཏང་གིས་དྲག་ཆས་དོ་དམ་བྱེད་པའི་ལས་དོན་དང་རྒྱལ་སྲུང་གི་རྗེས་གྲབས་སྟོབས་ཤུགས་འཛུགས་སྐྱོང་བྱེད་པའི་རྣམ་པ་གསར་པ་རྒྱུན་ཆད་མེད་པར་བསྐྲུན་དགོས།   

  ཚོགས་འདུར་ད་དུང2024ལོའི་རྫོང་སྡོད་དམག་དཔུང་ཉེན་རྟོག་དཔུང་སྡེས་རེ་འདུན་ཞུས་པའི་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་ཐག་གཅོད་བྱས་པའི་དཀའ་ངལ་དང་གནད་དོན་སྒྲུབ་པའི་འཕེལ་རིམ་གནས་ཚུལ་ཞིབ་འཇུག་དང2025ལོའི་རྫོང་སྡོད་དམག་དཔུང་ཉེན་རྟོག་དཔུང་སྡེས་བཏོན་པའི་གནད་དོན་དང་དེ་བཞིན་ཐག་གཅོད་བསམ་འཆར་གྲོས་ཞིབ་བཅས་ཁྱབ་བསྒྲགས་བྱས།ཡུལ་ཚོ་དང་གྲོང་རྡལ་སོ་སོའི་ཏང་ཨུས་ལས་སྒྲུབ་སྙན་ཞུ་ཕུལ།

   མེང་ཡུང་ཁྲའོ་དང་སྐལ་བཟང་། ཧོན་མེན། ཧན་ཞུག་ཧྭ། ལེན་ཞན་པོ། ཁུང་ཧྥན་ཅེ། ཧུང་མེན་མུན་བཅས་ཚོགས་འདུར་ཞུགས།