རིག་གནས་ལུས་རྩལ་གྱིས་མི་རིགས་མཐུན་སྒྲིལ་ལ་སྒུལ་ཤུགས་བསྩལ།
发布时间:2025年09月08日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

    ཟླ9བའི་ཚེས5ཉིན་གྱི་སྔ་དྲོར།མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་གྱི“སྲོལ་རྒྱུན་རིག་གནས་ལ་རོལ་མྱོང་དང་ལུས་རྩལ་གྱི་སྤྲོ་སྣང་ལོངས་སྤྱོད། མི་རིགས་མཐུན་སྒྲིལ་ལ་སྐུལ་འདེད”ཅེས་པའི་མུ་འབྲེལ་རིག་གནས་བྱེད་སྒོ་སྟེ་རོང་འབྲོག་པའི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་དཔོན་ཚང་ཞོལ་མ་སྡེ་བར་དངོས་སུ་མགོ་བརྩམས། ཐེངས་འདིའི་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་དུས་ཡུན་ཉིན་གསུམ་ཡིན་ལ།རིག་གནས་འགྲེམས་སྟོན་དང་སྲོལ་རྒྱུན་ལུས་རྩལ་འགྲན་སྡུར་ཟུང་དུ་འབྲེལ་ནས་མང་ཚོགས་ལ་འགྲེམས་སྟོན་གྱི་གར་སྟེགས་འདོན་སྤྲོད་དང་རིག་གནས་སྦྲེལ་ཐག་ཏུ་བྱས་ནས་མི་རིགས་ཀྱི་འགྲོ་འོང་མཉམ་འདྲེས་ལ་སྐུལ་འདེད་བཏང་ཡོད། 

     མཛད་སྒོའི་ཡུལ་དངོས་སུ་ཚོན་མདོག་གི་དར་ཆ་ལྷབ་ལྷུབ་དུ་བསྐྱོད་པ་དང་སྡེ་བསྡེ་ཁུལསོ་སོའི་རོང་འབྲོག་པས་མི་རིགས་ཀྱི་གྱོན་གོས་ལུས་སུ་བརྒྱན་ཏེ་དགའ་བ་འབུམ་གྱིས་མྱོས་ཡོད།ཚ་ལ་སྡེ་བའི་ཞབས་བྲོསྤྲོ་བས་ཁེངས་པ་དང་།ཆོས་ཚ་སྡེ་བའིཨ་ལ་ཆང་གསོལཞེས་པའི་ཞབས་བྲོས་འབྲོག་དམངས་བདེ་སྐྱིད་ཀྱི་འཚོ་བ་རབ་ཏུ་མངོན།དཔོན་ཚང་ཞོལ་མ་སྡེ་བའིབཀྲ་ཤིས་པའི་དབྱངས་རྟཞེས་པའི་ཞབས་བྲོ་མཐུན་སྒྲིལ་གྱི་དཔུང་བ་མཉམ་དུ་གཤིབ་པའི་སྨོན་འདུན་མཚོན་ཡོད་ལ།དཀོན་ལོ་ཚང་ཞོལ་མ་སྡེ་བའིམཛེས་པའི་ཕ་ཡུལཞེས་པའི་ཞབས་བྲོ་ཕ་ཡུལ་གྱི་དུངས་བ་ལྷུག་པོར་བརྗོད་ཡོད།དགོན་གོང་མ་སྡེ་བའིགར་གྱི་སྟངས་སྟབསཞེས་པ་ལས་ཡུལ་འདིའི་གསོན་ཤུགས་མངོན་ཡོད།གཉའ་ཞོལ་མ་སྡེ་བབཀྲ་ཤིས་པའི་དབྱངས་རྟཞེས་པབསྐྱར་དུ་འཁྲབ་པ་དང་།ཐང་ཆུ་སྡེ་བའིརྒན་པའི་དེང་རབས་ཞབས་བྲོཞེས་པ་འཁྲབ་པས་སྡེ་བ་སོ་སོའི་འཁྲབ་སྟོན་ལ་དམིགས་བསལ་གྱི་ཁྱད་ཆོས་ལྡན་པ་དང་དགའ་བདེའི་དཔལ་ལ་རོལ་དུ་བཅུག

    དཔལ་དགེ་གྲོང་རྡལ་ནི་མཚོ་སྔོན་པོའི་བྱང་འགྲམ་དུ་ཆགས་ཤིང་། རྒྱབ་རི་གཉན་ཆེན་ཞལ་དཀར་གྱི་དཔངས་མཐོ་ལ། “མཛེས་པའི་རྩྭ་ཐང་ནོར་ལུག་གི་བརྒྱན་པའི”རང་བྱུང་ཁམས་ཀྱི་ཡུལ་ལྗོངས་དང“དགོ་དམར་གྱི་ཕ་ས། སྙན་ངག་གི་ཕ་ཁྱིམ”ཞེས་པའི་མི་ཆོས་རིག་གནས་ཀྱི་དབྱངས་རྟ་དང་། དགོ་དམར་དང་ཁྲུང་ཁྲུང་གིས་སྐྱེ་ཁམས་ཀྱི་མཛེས་སྡུག་གསལ་ལེར་མངོན་ཡོད་ལ། འབྲོག་ལས་རིག་གནས་དང་དུས་རབས་གསར་པའི་དར་སྲོལ་མཉམ་དུ་འདྲེས་ཡོད། 

    རིག་རྩལ་འཁྲབ་སྟོན་མཇུག་སྒྲིལ་རྗེས་མི་རིགས་ཀྱི་ཤོམ་འགྲན་བྱས་པ་དང་།འགྲན་ཞུགས་པ་ཡི་མཛེས་སྡུག་གིས་ཡོངས་སུ་སྤྲས་པའི་རྒྱན་གོས་ཀྱིཁྱད་ཆོས་དང་ཚོན་མདངས་རྣམ་པར་བཀྲ་བས་མི་རིགས་ཀྱི་གཏམ་རྒྱུད་གསལ་བོར་བྲིས་ཡོད་པ་དང་།སྲོལ་རྒྱུན་རིག་གནས་ཀྱིས་ལྟད་མོ་བའི་ཡིད་དབང་ཅིག་ཅར་དུ་འཕྲོག དེ་དང་ཆབས་ཅིག་ལག་ཤེས་བཟོ་རྩལ་ཐོན་རྫས་འགྲེམས་སྟོན་དང་སྲོལ་རྒྱུན་ཟས་མཆོག་འགྲན་བསྡུར་གོ་རིམ་ལྡན་པའི་སྒོ་ནས་སྤེལ་བ་དང་སྡེ་བ་སོ་སོས་འགྲེམ་སྟེགས་བསྐྲུན་པ་དང་འགྲེམ་རྗས་བཤམ་པ་དང་། སྦྲ་གུར་ལས་མངར་མོ་ཟས་ཀྱི་དྲི་ཞིམ་གང་སར་ཁྱབ་པ་དང་ཀུན་ལ་ཟས་མཆོག་གི་བྲོ་བ་མྱོང་དུ་བཅུག 

    ཤེས་རྟོགས་བྱུང་བར་གཞིགས་ན། ལུས་རྩལ་འགྲན་སྡུར་དེ་ཟླ9བའི་ཚེས7ཉིན་བར་སྤེལ་རྒྱུ་ཡིན་པ་དང་།ད་དུང་འབྲི་མོ་བཞོ་འགྲན་དང་རྟ་རྒྱུག ཁལ་འགེལ་བ་སོགས་རོང་འབྲོག་པའི་འཚོ་བར་ཁ་ཐག་ཉེ་བའི་འགྲན་སྡུར་རྣམ་གྲངས་མང་པོ་སྤེལ་ནས་ཚོགས་པ་དང་མི་སྒེར་ཀུན་ལ་ཁྱབ་ཡོད།གྲོང་རྡལ་དུ་ལས་སྒྲུབ་ཚོ་ཆུང་མང་པོ་རྩ་འཛུགས་བྱས་ནས་དྲིལ་བསྒྲགས་དང་བྱེད་སྒོ་སྤེལ་གནས།བདེ་སྲུང་དང་སྨན་བཅོས་སོགས་ཀྱི་ལས་དོན་འཁུར་དུ་བཞེས་ནས་བདེ་འཇགས་དང་གོ་རིམ་ལྡན་པའི་སྒོ་ནས་བྱེད་སྒོ་སྤེལ་བར་འགན་སྲུང་བྱས་ཡོད།