རྐང་ཚས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་བརྟེན་ནས་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བཏང་།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ད་ལོ་ནས་བཟུང་།རྐང་ཚ་རྫོང་གིས་དམ་པོ་རྣམ་པའི་སྨན་བཅོས་ཐུན་མོང་སྒྲིག་གཞི་འཛུགས་སྐྲུན་གཞི་རྟེན་དུ་འཛིན་པ་རྒྱུན་འཁྱོངས་བྱས་ཏེ། རྫོང་ཁོངས་ཀྱི་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་དང་གསར་གཏོད་ལ་འབད་བརྩོན་བྱས་པ་དང་།མང་ཚོགས་ཀྱི་སྨན་བཅོས་ཀྱི་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་དམིགས་ཏེ། ཁག་ས་སེལ་བ་དང་གཟེར་ས་གཞོམ་པ། དཀའ་ངལ་སེལ་བ་བཅས་ཀྱི་ཐད་ལ་འབད་ནས། “ཞིབ་སར”གདེང་འཇོག་དང“ཆུང་ས”ནས་འགོ་རྩོམ། “དངོས་དོན”ལ་ནུས་ཤུགས་བཏོན་པ་དང་།སྤྱོད་ཚུལ་ལེགས་པོ་དང་ནུས་པ་མཐོར་འདེགས།སྤུས་ལེགས་ཞབས་ཞུ།དམངས་ཚིས་ཕན་སྒྲུབ་བཅས་བྱས་ཏེ།མང་ཚོགས་ལ་སྨན་བཅོས་ཐད་ནས་བདེ་སྐྱིད་དང་བདེ་འཇགས་ཀྱི་ཚོར་སྣང་སྦྱིན་ཡོད།
ཏང་འཛུགས་སྐྱོང་ལ་བརྟེན་ནས་སྤྱོད་ཚུལ་གྱི་བླ་སྲོག་བསྐྲུན།ཏང་འཛུགས་སྐྱོང་གིས་སྣེ་ཁྲིད་པ་རྒྱུན་འཁྱོངས་དང་།གཏིང་ཟབ་སྒོས་སྨན་པའི་ཀུན་སྤྱོད་དང་སྤྱོད་ཚུལ་འཛུགས་སྐྱོང་བྱས་ཏེ།མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྐྱོང་དང་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་སློབ་སྦྱོང་སློབ་གསོ་ལག་བསྟར་གཏིང་ཟབ་བྱེད་པ་བཅས་ཟུང་དུ་འབྲེལ་ཏེ།གཅིག་སྡུད་སློབ་སྦྱོང་ཐེངས20དང་ཉེན་བརྡའི་སློབ་གསོ་ཐེངས20སྤེལ་ནས་སྨན་དོན་མི་སྣ་མི་ཐེངས500ལྷག་ལ་ཁྱབ་པར་བྱས་པ་དང་།གནད་འགག་ལས་རྐང་གི་མི་སྣར་སེམས་གཏམ་གླེང་མོལ་མི་ཐེངས30སྤེལ།《སྨན་པའི་ཀུན་སྤྱོད་དང་སྤྱོད་ཚུལ་དཔྱད་ཞིབ་བྱེད་ཐབས》འཐུས་ཚང་དུ་བཏང་ནས་སྨན་པའི་ཀུན་སྤྱོད་དང་སྤྱོད་ཚུལ་དེ་སྨན་དོན་མི་སྣའི་བྱས་འབྲས་དཔྱད་ཞིབ་དང་བསྐོས་ཐང་འཕར་བ། སྔོན་དཔྱད་ལེགས་འདེམས་ཀྱི་ནང་དུ་བཅུག མུ་མཐུད་དུ“སྨན་ཐོ་ཆེན་པོ་དང་གང་འདོད་དུ་ཞིབ་བཤེར་བྱེད་པ། ཚད་ལས་བརྒལ་བའི་སྨན་བཅོས”བཅས་ཡོ་བསྲང་བྱས་ཏེ། ཞུ་གཏུག་གྱོད་དོན2བདག་སྤྲོད་བྱས་པ་དང་ཐག་གཅོད་མཇུག་སྒྲིལ་ཚད100%ཡིན་ལ།སྨན་དོན་མི་སྣའི་སྨན་བཅོས་ཞབས་ཞུའི་བྱ་སྤྱོད་ཚད་ལྡན་ནན་མོ་བྱས་ཡོད།བཞུགས་མོལ་ཚོགས་འདུ་འཚོགས་ཏེ་མང་ཚོགས་ཀྱི་གྲོས་གཞིར་ཉན་པ་མ་ཟད།སྨན་བཅོས་བྱེད་པའི་གོ་རིམ་དང་མི་མཐུན་ལ་སྟབས་བདེ་ཡང་མིན་པའི་གནད་དོན4ཐག་གཅོད་བྱས།
སྒྲིག་སྲོལ་གསར་གཏོད་ལ་བརྟེན་ནས་ཞབས་ཞུ་ལེགས་པོ་སྒྲུབ་པ།དམ་པོ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་སྒྲིག་གཞི་འཛུགས་སྐྲུན་བྱེད་པར་སྐུལ་འདེད་དང་།ཕྱོགས་བསྡུས་སྨན་བཅོས་སྒྱུར་བཅོས་གཏིང་ཟབ་ངང་འཕེལ་རྒྱས་ཀྱི“སྒྲིག་སྲོལ་ཁག་བརྒྱད”སྐུལ་འདེད་བྱེད་པ་འཐུས་ཚང་དུ་བཏང་སྟེ།གཞི་རིམ་འཕྲོད་བསྟེན་བདེ་ཐང་ཕྱོགས་བསྡུས་ཚོད་ལྟའི་ཁུལ་འཛུགས་སྐྲུན་བྱས་ཏེ།མུ་མཐུད་དུ་སྒོ་བསྟེན་སྨན་ཁང་གི“རིན་མེད་བཞི”དང་ཞག་སྡོད་ཀྱི“འཕྲི་གཅོག་དྲུག”“ཁྱབ་པ་བཅུ”དོན་ཐོག་ཏུ་འཁྱོལ་བ།བྱ་བའི་ལས་རིམ་གསར་གཏོད་དང་ཞབས་ཞུའི་རྣམ་འགྱུར་དང་ནུས་པ་མཐོར་འདེགས་བཏང་སྟེ།ཞིབ་བཤེར་མཇུག་འབྲས་ཕན་ཚུན་ཁས་ལེན་པའི་རྣམ་གྲངས73ལག་བསྟར་བྱས་པ་དང་། “གཅིག་འཐུས་རྣམ་པའི”ཞབས་ཞུ་སྐུལ་སྤེལ་བྱས་ཏེ་བོད་རྒྱ་སྐད་གཉིས་ཀྱི་སྨན་བཅོས་སྣེ་ཁྲིད་མཛུབ་སྟོན་ལས་སྟེགས་བུ་བཙུགས་ནས་དྲ་ཐོག་ཏུ་ནད་ཀྱི་སྦྱིན་ཤེལ་ལ་བལྟ་བ་དང་ཨང་འགོད་གྲོན་དངུལ་སྤྲོད་པ།མཇུག་འབྲས་འདྲི་རྩད་སོགས་དམངས་ལ་སྟབས་བདེ་བསྐྲུན་པ་དང་།ནད་པར་སྟབས་བདེའི་སྨན་བཅོས་ཁོར་ཡུག་མཁོ་འདོན་བྱས་པས་མང་ཚོགས་ཀྱི་སྨན་བཅོས་ཉམས་ལེན་ཇེ་ལེགས་སུ་བཏང་ཡོད། “དབྱར་ས་རུ་སྐོར་སྐྱོད་སྨན་བཅོས”དང“བདེ་ཐང་སྒོ་ཉུལ་ལས་དོན”“བདེ་ཐང་སྲུང་སྐྱེལ་བག་དྲོའི་ལས་དོན”སོགས་བྱེད་སྒོ་ཐེངས100ལྷག་སྤེལ་ནས་དབྱར་ས་དང་མཐའ་འཁོབ་ཀྱི་རུ་སྡེར་ཁྱབ་པ་དང་།མང་ཚོགས་མི་ཐེངས་ཁྲི2.8ལ་ཕན་པ་ཐོབ་པས།སྨན་བཅོས་ཞབས་ཞུའི“མས་མཐའི་སྤྱི་ལེ་གཅིག”ནས“མས་མཐའི་སྨི་གཅིག”ཏུ་མངོན་འགྱུར་བྱུང་།
རྣམ་གྲངས་ཀྱི་ནུས་པར་བརྟེན་ནས་ཞན་ཆར་གསབ་པ། རིམ་པ་སོ་སོའི་མ་དངུལ་སྒོར་ཁྲི2788བརྩོན་ལེན་བྱས་ནས་རྨང་གཞིའི་འཛུགས་སྐྲུན་རྣམ་གྲངས5དང་སྒྲིག་ཆས་ཉོ་སྒྲུབ་རྣམ་གྲངས4ལག་བསྟར་བྱས་པ་དང་།མིག་སྔར་གཞི་རིམ་སྨན་བཅོས་སྒྲིག་གཞི་འཐུས་ཚང་བཟོ་སྐྲུན་ཡོངས་སུ་འགྲུབ་པ་མ་ཟད་བཀོལ་སྤྱོད་བྱེད་མགོ་ཚུགས་ཤིང་།འཛུགས་སྐྲུན་བྱེད་བཞིན་པའི་བཟོ་སྐྲུན་དང་སྒྲིག་ཆས་ཉོ་སྒྲུབ་རིགས་ཀྱི་རྣམ་གྲངས་ཡོངས་ལ་སྔོན་དཔག་གི་ཕན་འབྲས་ཐོན་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲོད་བསྟེན་ཁང་དང་སྡེ་བ་རིམ་པའི་འཕྲོད་བསྟེན་ཁང་གི་སྨན་བཅོས་ཁོར་ཡུག་མངོན་གསལ་དོད་པོའི་ཇེ་ལེགས་སུ་སོང་བ་དང་།སྨན་བཅོས་སྒྲིག་ཆས་བཀོད་སྒྲིག་གི་ཆུ་ཚད་མངོན་གསལ་གྱིས་ཇེ་མཐོར་ཕྱིན་ནས་མང་ཚོགས་ལ་སྔར་ལས་བདེ་འཇགས་དང་བདེ་སྣང་།སྟབས་བདེ་བཅས་ཀྱི་སྨན་བཅོས་ཁོར་ཡུག་མཁོ་འདོན་བྱས་ནས་སྨན་བཅོས་ཉམས་ལེན་ཐད་མཆོང་སྐྱོད་གསར་པ་མངོན་ཡོད།
འཇོན་མིར་བརྟེན་ནས་རྨང་གཞི་སྲ་བརྟན་དང་ནུས་པ་མཐོར་འདེགས་བཏང་བ། ཕྱོགས་ཡོངས་ནས་དམ་པོ་རྣམ་པའི་རྫོང་ཁོངས་ཀྱི་སྨན་བཅོས་ཐུན་མོང་སྒྲིག་གཞིའི “ཚན་ཁག་གིས་སྨན་ཁང་འགན་གཙང་ལེན་བྱེད་པའི”རྣམ་པ་འཁོར་སྐྱོད་བྱས་ཏེ། རྫོང་རིམ་པའི་ལས་སྒོ་རྐང་འཛིན་དང་ཆེད་མཁས་ཚོགས་ཁག20ལྷག་ཙམ་རྩ་འཛུགས་བྱས་ནས་གཞི་རིམ་དུ་བསྐྱོད་དེ“ཚན་ཁག་གཅིག་གིས་སྨན་ཁང་གཅིག་འགན་གཙང་ལེན་བྱེད་པའི”མཛུབ་ཁྲིད་གསོ་སྦྱོང་དང་སྨན་བཅོས་བྱེད་པའི་འོས་འགན་སྒྲུབ། ཧྲན་ཏུང་གི་མཚོ་སྔོན་རོགས་སྐྱོར་ཚོགས་པའི་ཆེད་མཁས་པ་7གྱི་ལག་རྩལ་ལེགས་ཆར་བརྟེན་ནས་དགེ་རྒན་དང་འགྲོགས་ནས་སློབ་སྦྱོང་དང་། རང་ས་གནས་ཀྱི་སྨན་པ་དང་ནད་གཡོག་པའི་མི་སྣ་གསོ་སྦྱོང་བྱས། བོད་ལྗོངས་སུ་དགེ་རྒན་དང་འགྲོགས་ནས་སློབ་སྦྱོང་ལེགས་འགྲུབ་བྱུང་བའི་བོད་སྨན་རྐང་འཛིན་སྨན་པ4རྩ་འཛུགས་བྱས་ནས། “སྨན་པ་གྲགས་ཅན་ལས་སྒྲུབ་ཁང”བསྐྲུན་ཏེ་བོད་སྨན་ཞབས་ཞུའི་ཆུ་ཚད་མཐོར་འདེགས་སུ་བཏང་།རྐང་ཚ་རྫོང་ཀྲུང(བོད)ལུགས་སྨན་རྫས་རིག་གནས་ཞབས་ཞུའི་གཟའ་འཁོར་གྱི་བྱེད་སྒོ་དང་བོད་ཀྱི་གསོ་རིག་ལས་སྒོའི་གསོ་སྦྱོང་གཉེར་བས་རིགས་གཞུང་གི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ་དང་ལག་ལེན་གྱི་ནུས་རྩལ་ཇེ་མཐོར་ཕྱིན་ཡོད།