རྐང་ཚ་རྫོང་གིས་སྡེ་བའི་ལས་བྱེད་པའི་གླ་ཕོགས་འགན་སྲུང་མ་ལག་འཐུས་ཚང་བྱས་ཏེ། ལམ་ལུགས་ལ་བརྟེན་ནས་གྲོང་གསེབ་དར་སྤེལ་གྱི“ཆེས་མཐའི་སྤྱི་ལེ་གཅིག”སྲ་བརྟན་དུ་བཏང་།
发布时间:2025年09月11日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

   ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལལ་སྐུལ་འདེད་གཏོང་བའི་དུས་རབས་ཀྱི་རླབས་རྒྱུན་ཁྲོད།འཇོན་མི་ནི་གནད་འགག་ཡིན་ལ།སྡེ་བའི་ལས་བྱེད་པར་མཚོན་ན་གྲོང་གསེབ་འཕེལ་རྒྱས་ཀྱི“སྣེ་ཁྲིད་”ཡིན་པས།ཧུར་བརྩོན་རང་བཞིན་དང་བརྟན་བརླིང་རང་བཞིན་ནི་འཐབ་ཇུས་ལག་ལེན་བྱེད་པའི་ཕན་འབྲས་དང་ཐད་ཀར་འབྲེལ་བ་ཡོདརྐང་ཚ་རྫོང་གིས་གྲོང་གསེབ་དར་སྤེལ་འཐབ་ཇུས་ཀྱི་དོན་སྙིང་ཁོང་དུ་ཆུད་པར་བྱས་ནས།ནོར་སྲིད་ཀྱི་འགན་ནུས་ལ་གཞི་ཚུགས་པ་དང“འགན་ལེན་གསུམ”གྱི་མཐའ་ཐིག་ལ་དམིགས་ཏེསྡེ་བའི་ལས་བྱེད་པའི་གླ་ཕོགས་འགན་སྲུངསྒྲིག་སྲོལ་འཐུས་ཚང་དུ་གཏོང་རྒྱུ་དེ་གནད་རྩར་འཛིན་པ་དང་མ་དངུལ་གཅིག་གྱུར་འཆར་འགོད་ལ་ཤུགས་སྣོན་དང་མ་དངུལ་གཏོང་ཤུགས་ཆེ་རུ་བསྐྱེད་པ།ཡུན་ཕན་མ་ལག་འཐུས་ཚང་དུ་གཏོང་བ་བཅས་བརྒྱུད་ནས།གླ་ཕོགས་གནད་འཁེལ་ཞིབ་རྩིས་དང་དུས་ལྟར་གྲངས་འབོར་འདང་ངེས་སྤྲོད་པར་ཁག་ཐེག་བྱས་ཏེ།ལམ་ལུགས་འགན་སྲུང་ལ་བརྟེན་ནས་སྡེ་བའི་ལས་བྱེད་པས་གཞི་རིམ་དུ་རྩ་བ་ཚུགས་ནས་གྲོང་གསེབ་ལ་ཞབས་འདེགས་ཞུ་བའི་ནང་སེམས་ལ་སྒུལ་ཤུགས་བསྩལ་ཏེ།གཞི་རིམ་འཇོན་མིར“སེམས”བརྟན་པོ་འཇོག་ཐུབ་པ་མ་ཟད།གྲོང་གསེབ་འཕེལ་རྒྱས་“སྟོབས”ཤུགས་གང་ལེགས་འདོན་ཐུབ་པས།ཏན་ཏིག་སྒོས་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་གྱིཆེས་མཐའི་སྤྱི་ལེ་གཅིག”ལ་སྐུལ་འདེད་གཏོང་བའི་མི་ཤུགས་དང་ནོར་ཤུགས་ཀྱི་རྨང་གཞི་བརྟན་པོ་ཚུགས་རྒྱུ།

    མ་དངུལ་གཅིག་གྱུར་འཆར་འགོད་བྱེད་ཤུགས་ཆེ་རུ་བཏང་ནས་གྲོང་གསེབ་དར་སྤེལ་གྱིམ་དངུལ་རྨང་གཞིབརྟན་པོ་འཛུགས་། ཞིང་ཆེན་དང་ཁུལ་གྱི་འབྲེལ་ཡོད་གཏན་འབེབས་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ།རྩེ་རིམ་ཇུས་འགོད་ནས་གོ་ཚུགས་ཏེ། གཞི་རྩ་འགན་ལེན་དང་སྐུལ་ལྕག་ནན་མོཕན་ཚུན་ཟུངའབྲེལ་གྱི་སྡེ་བའི“ཨུ་ལྷན་གཉིས”ཀྱི་ཁོངས་མིའི་ལོ་ཧྲིལ་བོའི་གླ་ཕོགས་མ་ལག་བཙུགས་པ་དང་།རྫོང་ཡོངས་ཀྱི་སྲིད་འཛིན་སྡེ་བ31གི་སྡེ་བའི་ལས་བྱེད་པ155ཚང་མ་ནོར་སྲིད་སྔོན་རྩིས་ནང་བཅུག་པ་མ་ཟད།ལོ་རེ་བཞིན་འཕར་སྣོན་ཡོང་བ་བྱས་ཡོད།དེ་ལས10%བྱས་འབྲས་ཀྱི་གླ་ཕོགས་སུ་བརྩིས་ནས་སྡེ་བའི་ལས་བྱེད་པས་འགན་འཁྲི་སྒྲུབ་པར་རྒྱུན་ཆད་མེད་པར་སྐུལ་་བྱས་ཡོད། མ་ལག་འདི་སྲིད་ཇུས་ཀྱི་ཚད་གཞིར་བརྩི་སྲུང་ནན་མོ་བྱ་པ་མ་ཟད།དེ་བས་ཀྱང་ས་གནས་འདིའི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གྲོང་གསེབ་འཕེལ་རྒྱས་ཀྱི་དགོས་མཁོ་དང་དཔལ་འབྱོར་གནས་ཚུལ་ལ་བསམ་གཞིག་གང་ལེགས་བཏང་སྟེ།སྡེ་བའི་ལས་བྱེད་པའི་གླ་ཕོགས་ཀྱི་ཚན་རིག་རང་བཞིན་དང་ལུགས་མཐུན་རང་བཞིན་ཁག་ཐེག་བྱས་ཡོད2025ལོའི་ལོ་སྟོད་དུསྡེ་བའིཨུ་ལྷན་གཉིསཀྱི་ཁོངས་མིའི་གླ་ཕོགས་སྒོར་ཁྲི645.16སྔོན་རྩིས་བཀོད་སྒྲིག་བྱས་པ་དེ་ལོ་སྔོན་མ་ལས10.8%འཕར་ཡོད་པ་དང་དེའི་ནང་རྨང་གཞིའི་གླ་ཕོགས་སྒོར་ཁྲི580.64དང་བྱས་འབྲས་གླ་ཕོགས་སྒོར་ཁྲི64.52དང་། སྡེ་བའི“ཨུ་ལྷན་གཉིས”ཀྱི་གཙོ་འགན་པའི་ལོ་རེའི་ཆ་སྙོམས་གླ་ཕོགས་སྒོར་ཁྲི6.17ཟིན་ཁོངས་མི་གཞན་པའི་ལོ་རེའི་ཆ་སྙོམས་གླ་ཕོགས་སྒོར་ཁྲི3.71ཟིན་ཡོད།དེའི་སྡེ་བའི་ལས་བྱེད་པའི་ལས་དོན་གྱི་རིན་ཐང་ཁས་ལེན་བྱས་པ་མཚོན་པ་མ་ཟད།སྡེ་བའི་ལས་བྱེད་པའི་ལས་དོན་གྱི་ཧུར་བརྩོན་རང་བཞིན་དང་གསར་གཏོད་རང་བཞིན་ལ་སྔར་ས་སྐུལ་སྤེལ་བཏང་སྟེ།ཕུལ་བྱུང་འཇོན་མི་འགུག་པ་དང་སྡོད་པར་རྨང་གཞི་བརྟན་པོ་བཏིང་ཡོད། 

    གཏོང་སྤྲོད་རྣམ་པ་གསར་གཏོད་བྱས་ཏེ།མ་དངུལ་དོ་དམ་གྱི“གསལ་མཐོང་ཕན་ནུས”མཐོར་འདེགས་བཏང་བཧུར་ཐག་གིས་མ་དངུལ་སྤྲོད་པའི་དུས་རིམ་གསར་གཏོད་བྱས་ཏེ།ཕྱོགས་ཡོངས་ནས་སྡེ་བའི་ལས་བྱེད་པའི་གླ་ཕོགས“གཅིག་ཆོད་བྱང་བུ”སྤྲོད་པའི་རྣམ་པ་ཁྱབ་སྤེལ་བཏང་།རྣམ་པ་འདིས་སྲོལ་རྒྱུན་གྱི་གཏོང་སྤྲོད་བྱེད་སྟངས་ཀྱི་རྙོག་འཛིང་ཆེ་བའི་བརྒྱུད་རིམ་བསྒྱུར་བ་དང་།བར་ཅིག་གི་ལས་རིམ་དུ་མ་དངུལ་བཀག་ཉར་དང་གཞན་སྤྱོད་སོགས་ཀྱི་ཉེན་ཁའབྱུང་སྲིད་པ་ཇེ་ཉུང་དུ་བཏང་སྟེ།མ་དངུལ་རྩིས་ཞིབ་དང་བདེ་འཇགས།དུས་ལྟར་མི་སྒེར་གྱི་དངུལ་བྱང་དུ་ཐད་ཀར་སྤྲོད་པ་མངོན་འགྱུར་བྱུང་ཡོད། “གཅིག་ཆོད་བྱང་བུར”སྤྲད་པ་བརྒྱུད་མ་དངུལ་སྤྲོད་པའི་དུས་ཡུན་ཆེས་ཆེར་ཇེ་ཐུང་དུ་ཕྱིན་པ་དང་། གླ་ཕོགས་སྤྲོད་པའི་གསལ་མཐོང་ཚད་དང་ཚད་ལྡན་རང་བཞིན་མངོན་གསལ་དོད་པོས་ཇེ་མཐོར་སོང་བས། སྡེ་བའི་ལས་བྱེད་པས་དུས་ཐོག་ཏུ་གྲངས་འབོར་འདང་ངེས་ཀྱི་གླ་ཕོགས་ལེན་ཐུབ་པ་དང་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་ཐུབ་པ་བྱས་ནས། ནོར་སྲིད་མ་དངུལ་གྱི་བེད་སྤྱོད་ལས་ཆོད་མཐོར་འདེགས་བཏང་བ་མ་ཟད། སྡེ་བའི་ལས་བྱེད་པས་ནོར་སྲིད་ལས་དོན་ལ་ཡིད་ཆེས་དང་རྒྱབ་སྐྱོར་བྱེད་ཤུགས་ཇེ་ཆེར་ཕྱིན་ནས་གྲོང་གསེབ་དར་སྤེལ་ཡོང་བར་མ་དངུལ་དོ་དམ་གྱི་ཁོར་ཡུག་བཟང་པོ་བསྐྲུན་ཡོད། 

    མ་དངུལ་ལ་ལྟ་སྐུལ་དོ་དམ་ནན་མོ་བྱས་ཏེ་གྲོང་གསེབ་བཅོས་སྐྱོང་གི“ཚད་ལྡན་མ་དཔེབསྐྲུན་པསྡེ་བའི་ལས་བྱེད་པའི་གླ་ཕོགས་དངུལ་ལོར་ཚང་མ་ནོར་སྲིད་ཀྱི“འགན་ལེན་གསུམ”གྱི་སྔོན་རྩིས་ཁྱབ་ཁོངས་སུ་བཅུག་ཏེ།རྫོང་དང་ཡུལ་ཚོ་མཉམ་འབྲེལ་དང་སྡེ་ཁག་མང་པོས་མཉམ་འབྲེལ་སྒོས་ཞིབ་དཔྱད་ནན་མོ་བྱེད་པའི་སྒྲིག་སྲོལ་བཙུགས་ཡོད།ཡུལ་ཚོ་དང་གྲོང་རྡལ་གྱིས་ཡར་ཞུ་བྱས་པའི་མི་སྣའི་བརྡ་འཕྲིན་་རྩ་འཛུགས་དང་དམངས་སྲིད་སྡེ་ག་གིས་གཏོང་སྤྲོད་བྱེད་པའི་མི་སྣའི་ཁྱབ་ཁོངས་སུ་ཡོད་མེད་ལ་ཞིབ་མཆན་འགོད་པ་དང་ནོར་སྲིད་སྡེ་ག་གིས་གླ་ཕོགས་ཀྱི་ཚད་གཞི་དང་དངུལ་གྲངས་ལ་ཞིབ་བཤེར་བྱས་ཏེ ལས་རིམ་སོ་སོའི་གཞོགས་འདེགས་ཞིབ་ཚགས་དང་རིམ་པ་རེ་རེའི་གནད་དུ་བཟུང་ནས་གླ་ཕོགས་གཏོང་སྤྲོད་ཡང་དག་དང་ནོར་འཁྲུལ་མེད་པཁག་ཐེག་བྱས་ཡོད། གཅིག་གྱུར་གྱི་གཏོང་སྤྲོད་དུས་ཚོད་དང་གཅིག་གྱུར་གྱི་གཏོང་སྤྲོད་རྣམ་པགཅིག་གྱུར་གྱི་བྱས་འབྲས་བརྗེ་གསབ གཅིག་གྱུར་གྱི་གཏོང་སྤྲོད་རེའུ་མིག གཅིག་གྱུར་གྱི་མཉམ་འབྲེལ་ཞིབ་མཆན་བཅས་བརྒྱུད་དེ།རྫོང་ཡོངས་ཀྱི་སྡེ་བའི་ལས་བྱེད་པའི་གླ་ཕོགས་ཁ་གསབ་གཅིག་གྱུར་དང་ཚད་ལྡནདང་ཕན་ནུས་ལྡན་པའི་སྒོ་ནསསྤྲོད་པ་མངོན་འགྱུར་བྱུང་བས།ནོར་སྲིད་མ་དངུལ་གྱི་བདེ་འཇགས་ལ་འགན་སྲུང་བྱས་པ་མ་ཟད།གྲོང་གསེབ་བཅོས་སྐྱོང་གི་ཚད་ལྡན་ཅན་གྱི་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་སྟེ་གྲོང་གསེབ་དར་སྤེལ་ལ་ཕན་ནུས་ལྡན་པའི་ལམ་ལུགས་འགན་སྲུང་འདོན་སྤྲོད་བྱས་ཡོད།