རྐང་ཚ་རྫོང་གི་གཟུགས་མེད་རིག་གནས་ཤུལ་བཞག“འཇགས་རྣམ་རྒྱུན་འཛིན”ནས“དབྱིངས་ཞུགས་ཉམས་ལེན”གྱི་ལམ་བུ་གསར་བུར་སླེབས།
发布时间:2025年09月17日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

  རྐང་ཚ་རྫོང་ནི་མཚོ་སྔོན་པོའི་འགྲམ་ངོགས་སུ་ཆགསཤིང་།  ལོ་ངོ་སྟོང་གི་གཟུགས་མེད་རིག་གནས་ཤུལ་བཞག་སྟེ“མཚོ་སྔོན་པོའི་མཚོ་མཆོད”ཐེག་པས་མཐོ་སྒང་གི་རིག་གནས་རྒྱུན་འཛིན་གྱི་གནས་ཡུལ་གལ་ཆེན་ཞིག་ཏུ་གྱུར་ཡོད།ཉེ་བའི་ལོ་ཤས་རིང་།མ་ལག་རང་བཞིན་གྱི་སྲུང་སྐྱོ་དང་གསར་གཏོད་རང་བཞིན་གྱི་འཕེལ་རྒྱས་དཀྱིལ་སྙིང་དུ་བཟུང་ནས།ལོ་རྒྱུས་རིག་གནས་ཐོན་ཁུངས་སྔོག་འདོན་དང་བེད་སྤྱོད་བྱེད་ཤུགས་རྒྱུན་ཆད་མེད་པར་མཐོར་འདེག་བཏང་སྟེགནའ་བོའི་དམངས་སྲོལ་འདི་དེང་དུས་དབྱར་མཚོ་བཞིན་རྒྱས་ཏེ། གཉིད་དུ་ཡུར་བའི་ཤུལ་བཞགནསགསོན་ཤུགས་རྒྱས་པའི་རིག་གནསསུ་མཆོང་སྐྱོད་བྱས་ཏེ་དངོས་སུ་མངོན་འགྱུར་བྱུང་ཡོད།

   “མཚོ་སྔོན་པོའི་མཚོ་མཆོདཅེས་པ་ནི་ཐང་རྒྱལ་རབས་ཀྱི་ཐེན་པའོ་ལོར(742ལོ་ནས756ལོའི་བར)ཐང་ཞོན་ཙུང་གིས་ནུབ་ཀྱི་རྒྱ་མཚོའི་ལྷ་མོར(ཨ་ནེ་གོང་སྨན་རྒྱལ་མོ)སྔར་ཀོང་རུན་ཀུང་གི་མཚན་སྙན་གནང་བ་དང་། ཕོ་ཉ་མངགས་ནས་མཆོད་འབུལ་གྱི་མཛད་སྒོ་སྤེལ་བ་ནས་མགོ་བརྩམས་པ་ཡིན། རྐང་ཚ་རྫོང་ཁོ་ནར་མངའ་བའིགཟུགས་མེད་རིག་གནས་ཤུལ་བཞག་ཆ་ནས། མཚོ་མཆོད་རིག་གནས་ནི་མཐོ་སྒང་མི་རིགས་ཀྱིས་རང་བྱུང་ཁམས་ལ་བརྩི་མཐོང་བྱེད་པའི་མཚོན་ཚུལ་ཞིག་ཡིན་ལ དེ་བས་ཀྱང་གཏིང་ཟབ་པའི་ལོ་རྒྱུས་ཀྱི་རིན་ཐང་དང་སྒྱུ་རྩལ་གྱི་རིན་ཐང་། སྐྱེ་ཁམས་ཀྱི་རིན་ཐང་བཅས་བླ་ན་མེད་པ་ལྡན། ལོ་ངོ་སྟོང་གི་ཤུལ་བཞག་ལ་སྲུང་སྐྱོབ་བྱ་ཆེད། ཉེ་བའི་ལོ་འགར་རྐང་ཚ་རྫོང་གིས“མ་ལག་རང་བཞིན་གྱི་ཟིན་འགོད་དང་ཨང་ཀི་ཅན་ཉར་ཚགས། གནད་ལ་འཁེལ་བའི་རྒྱུན་འཛིན་བཅས་ཀྱི་སྲུང་སྐྱོ་མ་ལག་བཙུགས་ནས་མཚོ་མཆོད་ལོ་རྒྱུས་ཀྱི་ཡིག་ཚགས་དང་མཛད་སྒོའི་གོ་རིམ།སྲོལ་རྒྱུན་ལག་རྩལ་བཅས་གསེད་བཀྲོལ་དང་ཟིན་འགོད།ལེགས་སྒྲིག་དང་ཞིབ་འཇུག་བཅས་བྱས་པ་བརྒྱུད། གཟུགས་མེད་རིག་གནས་ཤུལ་བཞག་གི་གཞི་གྲངས་མཛོད་དང་རྣམ་གྲངས་རྒྱུན་འཛིན་པའི“མི་རེར་ཡིག་ཚགས་རེའི”དངོས་དོན་ཡིག་དེབ་འཛུགས་པ་སོགས་ཀྱི་བྱ་ཐབས་སྤྱད་དེ་གཉིད་དུ་ཡུར་བའི་རིག་གནས་ཐོན་ཁུངས་ལགསོན་ཤུགསདངསྒུལ་ཤུགསབསྩལ་ཏེ།ལོ་ངོ་སྟོང་གི་མཚོ་མཆོད་རིག་གནས་ལ་བླ་སྲོག་གསར་བ་བསྐྲུན་ཡོད། 

    ད་ལྟའི་མཚོ་སྔོན་པོའི་མཚོ་མཆོད་སྔ་ནས་སྲོལ་རྒྱུན་ཆོས་ལུགས་དང་དམངས་སྲོལ་བྱེད་སྒོའི་ཁྱབ་ཁོངས་ལས་བརྒལ་ཏེ“རིག་གནས་རྒྱུན་འཛིན་དང་སྐྱེ་ཁམས་སྲུང་སྐྱོབ། གནས་སྐོར་ཉམས་ལེན་བཅས་གཏིང་འདྲེས་སུ་གྱུར་བའི་ཕྱོགས་བསྡུས་གཞི་རྟེན་དུ་འཕེལ་རྒྱས་སུ་ཕྱིན་ནས་སྲོལ་རྒྱུན་གྱི་ང་སྙིང་སྲུང་སྐྱོང་བྱེད་པ་དང་ ཆབས་ཅིག་ཏུ་གསར་གཏོད་ཀྱི་རྣམ་་དུས་རབས་ཀྱི་དགོས་མཁོ་འཚམ་པ་ཡིན། མཚོ་མཆོད་བྱེད་སྒོར་ཞུགས་པའི་གཞི་ཁྱོན་ལ་གཞིགས་ན། མི་གྲངས3000ཡས་མས་བརྟན་འཇགས་ཡིན་པ་དང་། རང་ས་གནས་ཀྱི་དད་ལྡན་མང་ཚོགས་དང་། ས་གནས་སོ་སོའིགནས་སྐོར་པ། རིག་གནས་ཞིབ་འཇུག་པ་སོགས་མི་སྣ་མང་པོ་འདུས་ཡོད་པས“དད་ལྡན་མང་ཚོགས་ཉུང་ངུལས་ཚད་བརྒལ་བྱུང་ཡོད།  དཔལ་འབྱོར་གྱི་རིན་ཐང་ཐད་བལྟས་ན། མཚོ་མཆོད་དང་འབྲེལ་ཡོད་ཚོང་གཉེར་ཡོང་འབབ་སྒོར་ཁྲི16ཙམ་ཡོད་ལ། དེས་ས་གནས་དེ་གའི་མང་ཚོགས་ལ་དོན་དངོས་ཀྱིས་དཔལ་འབྱོར་ཕན་འབྲས་ཐོབ་ཡོད་ལ། མི་སྔར་ལས་མང་པོཞིག“འཛད་སྤྱོད་རྣམ་པའི་ཉམས་ལེན”དང“མཛད་སྒོར་ཞུགས་པའི་མྱོང་ཚོར”བརྒྱུད་དེ་མཚོ་མཆོད་རིག་གནས་ཀྱི་གམ་དུ་བཅར་ཡོད། 

    སྐྱེ་ཁམས་སྲུང་སྐྱོ་དང་སྲོལ་རྒྱུན་གསར་གཏོད་ཟུང་འབྲེལ་བྱེད་པའི་ཐད་སྲོལ་རྒྱུན་གྱི་མཆོད་རྫས“ལྗང་མདོག་རིམ་སྤོར་”བྱས་ཏེ“རང་བྱུང་ཁམས་ལ་བརྩི་མཐོང་བྱེད་པའི་གནའ་བོའི་འདུ་ཤེས་དང“རང་བྱུང་ཁམས་སྲུང་སྐྱོཀྱི་དེང་རབས་དགོས་མཁོ་གཅིག་གྱུར་ཡོང་བར་བྱས་པ་དང་ ལྷན་ཅིག་ཏུ་སྲོལ་རྒྱུན་གྱི་མཆོད་རྫས་ཁྲོད་སྐྱེ་ཁམས་ལ་ཤུགས་རྐྱེན་ཐེབས་སྲིད་པའི་གྲུབ་ཆ་ཉུང་དུ་བཏང་བས། མཛད་སྒོ་དང་སྐྱེ་ཁམས་འཆམ་མཐུན་མཉམ་གནས་མངོན་འགྱུར་བྱུང་ཡོད། རིག་གནས་ཁྱབ་སྤེལ་དང་གསོན་ཤུགས་བསྩལ་བའི་ཐད“དམངས་ཁྲོད་ཀྱི་མཚོ་མཆོད་བྱེད་སྒོ”སྤེལ་བ་དང་ མཚོ་མཆོད་ཀྱི་བརྗོད་དོན་གཙོ་བོ་སློབ་སྦྱོང་ཞིབ་འཇུག་བྱེད་པའི་ལམ་བུ་འདོན་པ་སོགས་ཀྱིཐབས་ལམ་བརྒྱུད་ནས་མཚོ་མཆོད་དེ“བཀག་སྡོམ་གྱི་མཛད་སྒོ”ནས“སྒོ་འབྱེད་ཀྱི་ཉམས་ལེན”དུ་བསྐྱོད་ཡོད། གནས་སྐོར་བ་རྣམས་ཀྱིས་ཆེད་ལས་ཀྱི་ཁྲིད་སྟོན་འོག་མཛད་སྒོའི་ལས་རིམ་དུ་ཞུགས་ནས་ཆོས་ལུགས་དམངས་སྲོལ་གྱི་བརྗིད་ཉམས་ལྡན་པའི་ཚོར་བ་མྱོང་ཐུབ་པ་དང་ཆབས་ཅིག་ཏུ་གོ་རིམ་རེ་རེའི་རིག་གནས་ཀྱི་ཡང་སྙིང་ཟབ་མོ་རྟོགས་ཡོད།

    ལོ་ངོ་སྟོང་གི་ལོ་རྒྱུས་ཀྱི་ཡང་སྙིང་གཞི་རྩ་དང་ཆ་ཚང་བའི་མཛད་སྒོའི་རྣམ་པ་འགག་རྩ་དང་རིན་ཐང་སྣ་མང་བླ་སྲོག་དུ་འཛིན་པ་བཅས་བྱས་ཏེམཚོ་སྔོན་པོའི་མཚོ་མཆོད་རྐང་ཚ་རྫོང་གི་རྒྱུན་འཛིན་དང་འཕེལ་རྒྱས་ཁྲོད།“རང་བྱུང་ལ་བརྩི་མཐོང་དང་བདེ་སྐྱིད་ལ་སྨོན་ལམ”གནའ་བོའི་དད་མོས་ལ་སྲུང་སྐྱོབཅས་བྱས་ཡོད་པ་དང་ཨང་ཀི་ཅན་གྱི་སྲུང་སྐྱོ་དང་འཚོ་བ་ཅན་དུ་འགྱུར་བའི་རྒྱུན་འཛིན།ཐོན་ལས་ཅན་གྱི་སྣུར་སྲིང”བཅས་ཀྱི་དུས་རབས་ཀྱི་སྒྲུབ་སྟངས་ལ་བརྟེན་ནས།གཟུགས་མེད་རིག་གནས་ཤུལ་བཞག་འདི“འཇགས་རྣམ་ཉར་ཚགས”ལས་ཐར་ཏེ།“གསོན་ཤུགས”དང་“སྒུལ་ཤུགས”དངོས་སུ་མངོན་པར་བྱས་ཡོད།