རྐང་ཚས“ལུས་རྩལ་དང་རིག་གནས་གནས་སྐོར”གཏིང་ཟབ་སྤེལ་ནས་ས་ཁོངས་འཕེལ་རྒྱས་ལ་སྒུལ་ཤུགས་གསར་པ་བསྣན།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་བའི་ལོ་ཤས་རིང་ལ།རྐང་ཚ་རྫོང་གིས་སྐྱེ་ཁམས་རང་ངོས་ཀྱི་སྐྱེས་སྟོབས་དང་མི་རིགས་རིག་གནས་ཀྱི་དགེ་མཚན་ལ་རྐང་ཚུགས་ཏེ།“ལུས་རྩལ”དེ་རིག་གནས་གནས་སྐོར་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གཞི་རྩ་གལ་ཆེན་དུ་བརྩིས་ནས།འགྲན་བསྡུར་སྣ་མང་སྤེལ་བ་དང་ཐོན་ལས་མཉམ་འདྲེས་གཏིང་ཟབ་ཏུ་གཏོང་བ། ཞབས་ཞུའི་འགན་སྲུང་ལ་ཤུགས་སྣོན་པ་བཅས་བརྒྱུད་དེ། ལུས་རྩལ་དང་རིག་གནས་གནས་སྐོར་མཐུན་སྦྱོར་འཕེལ་རྒྱས་གཏོང་བའི་རྣམ་པ་གསར་པ་བསྐྲུན་ནས་ས་ཁོངས་འཕེལ་རྒྱས་ལ་ཕན་ནུས་ལྡན་པའི་གསོན་ཤུགས་བསྩལ་ཡོད།
ལུས་རྩལ་འགྲན་བསྡུར་སྣ་མང་སྤེལ་ནས་རིག་གནས་གནས་སྐོར་འཕེལ་རྒྱས་ཡོང་བར་སྒུལ་ཤུགས་བསྩལ་བ།མཚོ་སྔོན་པོའི་སྐྱེ་ཁམས་དང་བོད་ཁུལ་གྱི་རིག་གནས་ལ་བརྟེན་ནས།“འགྲན་བསྡུར་གྱི་གར་སྟེགས་བསྐྲུན་པ་དང་རིག་གནས་གནས་སྐོར་དགའ་སྟོན་མངོན་པའི”ཁྱད་ལྡན་གྱི་ལུས་རྩལ་བྱེད་སྒོ་གསར་དུ་བསྐྲུན་ཏེ།སྔ་རྗེས་སུ་མཚོ་སྐོར་ཐག་ཉེའི་ལྕགས་རྟ་འགྲན་བསྡུར་གྱི་བྱེད་སྒོ་དང“ཁུ་ནུ་རི་བོར་འགོ།ཁྲི་གཤོག་རྒྱལ་མོར་གཟིགས”ཞེས་པའི་རི་འཛེག་བྱེད་སྒོ།“ལྷ་ཆབ་ཁུགས་རྟགས་མའི”མཐོ་སྒང་རྟ་རྒྱུག་འགྲན་ཚོགས།མཚོ་སྔོན་པོ་རྒྱལ་ཁབ་སྤྱི་གླིང་གི་སྐྱེ་ཁམས་དགའ་སྤྲོའི་རྐང་རྒྱུགབྱ་གཟིགས་དུས་ཚིགས་ཀྱི་རྐང་བགྲོད་བྱེད་སྒོ།ཀྲུང་གོའི་མཚོ་སྔོན་རྒྱལ་སྤྱིའི་མི་རིགས་སྲོལ་རྒྱུན་སྐྱེན་པོའི་མདའ་རྩལ་འགྲན་སྡུར།ནུབ་བྱང་ཞིང་ཆེན་ལྔའི“ལྷ་ཆབ་ཁུགས་རྟགས་མའི”སླེ་གྲུག་གདན་འདྲེན་འགྲན་བསྡུར་སོགས་ལུས་རྩལ་འགྲན་བསྡུར་ཐེངས12ལ་སྤེལ་བ་དང་།རྟ་རྒྱུག་དང་མདའ་འཕེན།རྐང་བགྲོད།རྐང་རྒྱུག རི་འཛེགསླེ་གྲུགལྕགས་རྟ་ཞོན་པ་བཅས་འགྲན་བསྡུར་གྱི་སྒར་གཞི་ཆགས་ཡོད་པ་དང་།ཕྱོགས་ཡོངས་ནས་རིག་གནས་གནས་སྐོར་བའི་འཛད་སྤྱོད་ཀྱི་སྤྲོ་སེམས་འཕེལ་བ་དང་།“འགྲན་བསྡུར་གྱིས་གནས་སྐོར་ལ་སྐུལ་སྤེལ་གཏོང་བ་དང་འགྲན་བསྡུར་ལས་གནས་སྐོར་དར་རྒྱས་ཡོང་བ”དེ་རྐང་ཚའི་རིག་གནས་གནས་སྐོར་འཕེལ་རྒྱས་ཀྱི་མངོན་གསལ་དོད་པའི་འབྲས་རྟགས་ཤིག་ཏུ་གྱུར་ཡོད།
“ལུས་རྩལ”གཏིང་འདྲེས་སུ་བཏང་ནས་རིག་གནས་གནས་སྐོར་ཐོན་རྫས་ཕུན་སུམ་ཚོགས་པ་མཁོ་སྤྲོད་བྱས་པ།ལུས་རྩལ་འགྲན་བསྡུར་འབྲེལ་ཐག་བྱས་ཏེ“ལུས་རྩལ་དང་རིག་གནས།སྐྱེ་ཁམས།ཚོང་དོན”གྱི་ཕྱོགས་མང་པོའི་མཉམ་འདྲེས་ལ་སྐུལ་འདེད་བཏང་།མདའ་རྩལ་འགྲན་བསྡུར་དང་རྟ་རྒྱུག་འགྲན་བསྡུར་སོགས་འགྲན་བསྡུར་ཁྲོད་བོད་ཀྱི་རིག་གནས་གྲུབ་ཆ་བསྲེས་ཏེ། མི་རིགས་ཀྱི་གླུ་གར་འཁྲབ་སྟོན་དང་སྲོལ་རྒྱུན་ལག་རྩལ་འགྲེམས་སྟོན་བརྒྱུད་ནས་ཐུན་མོང་མ་ཡིན་པའི་རྟ་ཐོག་རིག་གནས་དང་མདའ་རྩལ་རིག་གནས་ཀྱིས་གནས་སྐོར་བའི་ཡིད་དབང་ཅིག་ཅར་འཕྲོགམཚོ་སྔོན་པོའི་སྐྱེ་ཁམས་ཐོན་ཁུངས་དང་ཟུང་དུ་འབྲེལ་ནས།“སྐྱེ་ཁམས་དགའ་སྤྲོའི་རྐང་རྒྱུགགཟི་འོད་འབར་བའི་མཚེའུ་ལྗོངས”དང་“རྐང་བགྲོད་རི་འཛེགརང་བྱུང་ཞིབ་འཇུག་སློབ་སྦྱོང”སོགས་ཁྱད་ཆོས་ལྡན་པའི་ལམ་ཐིག་ཇུས་འགོད་བྱས་ཏེ།འགྲན་བསྡུར་གྱི་ལམ་ཐིག་དེ་གནས་སྐོར་ལམ་ཐིག་ཡག་པོར་བསྒྱུར།འགྲན་བསྡུར་བྱེད་སྐབས་ཞིང་ཕྱུགས་ཐོན་རྫས་འགྲེམས་ཚོང་ཚོགས་རྩ་འཛུགས་བྱས་ཏེ་བོད་ལུགས་ཀྱི་ཟ་མ་དང་སྐམས་ཤའི་ཐོན་རྫས།མི་རིགས་ལག་ཤེས་ཐོན་རྫས།རིག་གནས་གསར་གཏོད་ཐོན་རྫས་སོགས་ཁྱད་ཆོས་ལྡན་པའི་ཐོན་རྫས་ཕྱིར་འཚོང་བྱེད་པར་སྣེ་ཁྲིད་བྱས་ཤིང་།“འགྲན་བསྡུར་ལ་གཟིགས་པ་དང་རིག་གནས་ལ་རོལ་མྱོང་།སྐྱེ་ཁམས་ལ་གནས་སྐོར།ཁྱད་ལྡན་ཐོན་རྫས་ཉོ་སྒྲུབ”བཅས་ཀྱི་རིག་གནས་གནས་སྐོར་འཛད་སྤྱོད་ཀྱི་འབྲེལ་ཐག་ཆ་ཚང་ཞིག་ཆགས་ཏེ།“འགྲན་བསྡུར་ནང་འདྲེན་དང་མགྲོན་པའི་འཛད་སྤྱོད”ཀྱི་འཁོར་སྐྱོད་བཟང་པོ་མངོན་འགྱུར་བྱུང་།
ཞབས་ཞུའི་འགན་སྲུང་སྲ་བརྟན་དུ་བཏང་སྟེ་རིག་གནས་གནས་སྐོར་འཕེལ་རྒྱས་སྤུས་ཚད་དང་ཕན་འབྲས་མཐོར་འདེགས་བཏང་བ།འགྲན་བསྡུར་དང་རིག་གནས་གནས་སྐོར་ཞབས་ཞུ་མཐུན་སྦྱོར་གྱིས་སྐུལ་འདེད་གཏོང་བར་ཁག་ཐེག་བྱ་ཆེད།ལྷ་ཆབ་ཁུགས་སྐྱེ་ཁམས་ཉམས་ལེན་ཁུལ་དང་དགོ་དམར་ཚན་རིག་ཁྱབ་གདལ་སློབ་གསོ་ཞིབ་འཇུག་སློབ་སྦྱོང་རྟེན་གཞི་སོགས་མཛེས་ལྗོངས་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་དང་ཞབས་ཞུའི་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་།རིག་གནས་གནས་སྐོར་ལས་རིགས་ཀྱི་བདེ་འཇགས་ཐོན་སྐྱེད་དང་གནས་སྐོར་ཁྲོམ་རའི་ཟང་ཟིང་བཅོས་སྒྲིག་ལས་དོན་ལ་དམིགས་ནས།མུ་མཐུད་དུ་རིག་གནས་གནས་སྐོར་ལས་རིགས་ཀྱི་དཔང་རྟགས་མེད་པའི་ལས་གཉེར་དང་།སྒྲིག་འགལ་ལས་གཉེར།དྲིལ་སྒྲོག་རྫུན་བཟོ། བཙན་ཤེད་ཀྱིས་འཛད་སྤྱོད་སོགས་ཀྱི་གནད་དོན་ཆེད་དོན་བཅོས་སྒྲིག་སྤེལ་བ་དང་།མཚོ་སྐོར་བྱང་འགྲམ་གྱི་མཛེས་ལྗོངས་ཁུལ“སྒེར་བཙུགས”བྱ་སྤྱོད་ལ་དོ་སྣང་ཆེན་པོ་བྱས་ཏེ།ཟས་རིགས་བདེ་འཇགས་དང་ཞག་སྡོད་འཕྲོད་བསྟེན་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། གནས་སྐོར་བའི་འཛད་སྤྱོད་བདེ་འཇགས་འགན་ལེན་བྱས།འགྲན་བསྡུར་གྱི་ཚ་རླབས་ལ་བརྟེན་ནས་དྲ་ཐོག་དྲིལ་སྒྲོག་བྱེད་པ་དང་བརྙན་ཐུང་ལས་སྟེགས་བརྒྱུད་ནས་འགྲན་བསྡུར་གྱི་གཟབ་རྒྱས་རྣམ་པ་དང་རྐང་ཚའི་ཡུལ་ལྗོངས་འགྲེམས་སྟོན་བྱས་པས་གནས་སྐོར་བ་སྔར་ལས་ཀྱང་མང་བོ་ཞིག་གི་ཡིད་དབང་བཀུག་པ་དང“གཡུ་མདོག་གི་བླ་མཚོ་དང་།ཉ་དང་བྱ་ཡི་ཞིང་ཁམས།བོད་མཁར་རྐང་ཚ།མི་ཡུལ་གྱི་དག་ཞིང”བཅས་ཀྱི་གནས་སྐོར་མཚན་སྙན་སེམས་སུ་ཟུག་ཡོད།