རྐང་ཚས“གད་སྙིགས་མེད་པའི་མཁར་གྲོང”འཛུགས་སྐྲུན་ལ་གོམ་པ་བརྟན་པོའི་ངང་སྐུལ་འདེད་བཏང་།
发布时间:2025年09月22日 消息来源:

རྩོམ་སྒྲིག་པ།ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

 ཉེ་བའི་ལོ་ཤས་རིང་ལ།མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་རྒྱལ་ཁབ་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་དཔེ་སྟོན་ཁུལ་གསར་དུ་འཛུགས་པ་གཞིར་བཟུང་སྟེ ཧུར་ཐག་གིསགད་སྙིགསམེད་པའི་མཁར་གྲོངགསར་འཛུགས་བྱས་ས་ལྗང་མདོག་ཕྱོགས་སྒྱུར་ལ་དུས་རིམ་རང་བཞིན་གྱི་ཚད་བརྒལ་བྱུང་ཡོད། 

 གད་སྙིགས་རིགས་དབྱེ་མ་ལག་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ།ཕྱོགས་ཡོངས་ནས་མཁར་གྲོང་གད་སྙིགས་རིགས་དབྱེལས་དོན་ལསྐུལ་འདེད་བཏང་བ་དང་།སྲིད་འཛིན་ཁེ་ལས་དང་བྱ་གཞག་སྡེ་ཁག་དང་སྡོད་ཁུལ་དུ་གད་སྙིགས་རིགས་དབྱེ་སྒྲིག་བཀོད་སྒྲིག་ཆས་ཆ་ཚང་སྒྲིག་སྦྱོར་བྱས་ཏེ།འཚོ་བའི་གད་སྙིགས་བསྐྱར་དབྱེ་ལྟེ་གནས་དང་ཐབ་ཚང་གི་གད་སྙིགས་ཐག་གཅོད་བཟོ་གྲྭ། ཨར་སྐྲུན་གད་སྙིགས་ཐག་གཅོད་བཟོ་གྲྭ།བེད་མེད་སྨན་རྗས་གནས་སྐབས་ཉར་ཚགས་ཁང་བཅས་སོ་སོ1རེ་བསྐྲུན་ཏེ་མཚོ་སྐོར་ས་ཁུལ་གྱི་མགོ་ཁུངས་རིགས་དབྱེ་བསྡུ་རུབ་དང་གོ་རིམ་རིགས་དབྱེ་སྐྱེལ་འདྲེན།མཇུག་སྣེ་རིགས་དབྱེ་ཐག་གཅོད་ནུས་པ་བཅས་འཛོམས་པའི་ཕྱུགས་ལས་རྫོང་ཐོག་མ་རུ་གྱུར་ནས་གད་སྙིགས་རིགས་དབྱེ་ཤེས་ཚད96%ཟིན་ཡོད།གདོད་མའི་གད་སྙིགས་འཕྲོད་བསྟེན་སྦས་འི་རྣམ་པ་བསྒྱུར་ཏེགྲོང་གསེབ་ཏུ་ངེས་གཏན་འཕེན་གནས་དང་ཡུལ་ཚོ་དང་གྲོང་རྡལ་གྱིས་གཅིག་བསྡུས་གཙང་འདྲེན་བྱེད་པ།རྫོང་རིམ་པའི་ས་མཚམས་བརྒལ་ནས་སྤོ་སྒྱུར་ཐག་གཅོད་བྱེད་པའིམཁར་གྲོང་འཚོ་བའི་གད་སྙིགས་ཐག་གཅོད་བྱེད་སྟངས་གསར་པ་གསར་གཏོད་བྱས་ཏེ།རྫོང་ཡོངས་ཀྱི་འཚོ་བའི་གད་སྙིགས་གཅིག་གྱུར་བསྡུ་རུབ་བྱས་ཏེ་ཟི་ལིང་གྲོང་ཁྱེར་གྱི་འཚོ་བའི་གད་སྙིགས་སྲེག་གཏོང་གློག་འདོན་ས་ཚིགས་སུ་གཅིག་བསྡུས་ངང་བརྒྱུད་འདྲེན་བྱས་ནས་ཐག་གཅོད་བྱས་པ་དང་།ཉིན་རེར་འཚོ་བའི་གད་སྙིགས་ཏུན40ལྷག་ཙམ་ཐག་གཅོད་བྱས་ནས་གད་སྙིགས་གཅིག་སྡུད་བསྡུ་རུབ་ཐག་གཅོད་བྱེད་ཚད100%ཟིན་ཡོད། 

 ལྗང་མདོག་འཁོར་སྐྱོད་འཕེལ་རྒྱས་ལ་སྐུལ་འདེད་བྱེད་པ་ཇེ་མགྱོགས་སུ་བཏང་བ།ས་ཁོངས་ཡོངས་སུ་ལྗང་མདོག་ཨར་ལས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་ནས་ལྗང་མདོག་ཨར་ལས་འཛུགས་སྐྲུན་གྱི་ཚད་གཞི་བཟོ་སྐྲུན་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པ་དང་།བཟོ་སྐྲུན་ཁང་ངོས་དྲོད་སྲུང་དང་ཆུ་འགོག་རྒྱུ་ཆ།གྱང་ངོསདྲོད་སྲུང་།འཛུགས་སྐྲུན་བྱུག་རྫས་སོགས་ལྗང་མདོག་འཛུགས་སྐྲུན་རྒྱུ་ཆ་སྤྱོད་པའི་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་པ་དང་།མིག་སྔར་ལྗང་མདོག་སྤྱི་པའི་འཛུགས་སྐྲུན་རྣམ་གྲངས6ལག་བསྟར་བྱས་པ་དང་ལྗང་མདོག་འཛུགས་སྐྲུན་གྱི་རྒྱ་ཁྱོན་སྨི་གྲུ་བཞི་མ་ཁྲི0.76གསར་དུ་བསྣན་པས།ལྗང་མདོག་འཛུགས་སྐྲུན་གྱིས་གསར་དུ་བསྐྲུན་པའི་འཛུགས་སྐྲུན་གྱི97.8%ཟིན་ཡོད། ཞི་ཕྱུགས་ལས་མངའ་ཁོངས་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་བཏང་ནས་སྐྱེ་ལྡན་ལུད་ཐོན་སྐྱེད་ལས་སྣོན་ཁེ་ལས3བསྐྲུན་པ་དང་གཞི་ཁྱོན་ཅན་གྱི་གསོ་སྤེལ་ར་བའི་བཙོག་ལུད་ཐོན་ཁུངས་ཅན་སྤྱོད་ཚད88%དུ་འཕར།ཞིང་ཕྱུགས་སྨན་རྫས་ཀྱི་ཐུམ་སྒྲིལ་དངོས་པོ་གཅིག་སྡུད་བསྡུ་རུབ་བྱེད་ས5བསྐྲུན་ནས་ཕྱིར་བསྡུ་ཚད་95%ཡན་ཟིན་ཡོད།ནད་ཤི་ཕྱུགས་རིགས་གནོད་མེད་ཅན་གྱི་བསྡུ་རུབ་ས་ཚིགས5བསྐྲུན་ནས་གནོད་མེད་ཅན་གྱི་ཐག་གཅོད་བྱེད་ཚད100%རུ་སླེབས་ཡོད། 

 ཁོར་ཡུག་འཕྲོད་བསྟེན་གཅིག་བསྡུས་བཅོས་སྐྱོང་བྱེད་འགོ་ཚུགས་པ།མང་ཚོགས་ཀྱི་ཉེ་འཁོར་གྱི་འབུར་དུ་ཐོན་པའི་ཁོར་ཡུག་གནད་དོན་ལ་དམིགས་ནས།2025ལོ་ནས2027ལོའི་བར་ཞིབ་བཤེར་བཅོས་སྐྱོང་དང་གཅིག་སྡུད་འགག་སྒྲོལ།སྲ་བརྟན་མཐོར་འདེགས་བཅས་དུས་རིམ་གསུམ་དུ་དབྱེ་ནས་མཁར་ཁུལ་དང་ཞིང་སྡེ།ཁྲོམ་ར། གཙང་བོ་དང་མཚེའུ་འགྲམ་ངོགས། ཨར་ལས་བཟོ་སྐྲུན་ས་གནས། སློབ་གྲྭ་དང་སྨན་ཁང་།ལྕགས་ལམ་བཤུལ་རྒྱུདསོགས་ཁྱབ་ཁོངས་ཆེན་པོ་བརྒྱད་ཀྱི་ཁོར་ཡུག་འཕྲོད་བསྟེན་གནད་དོན་ལོ་གསུམ་གཅིག་སྡུད་བཅོས་སྐྱོང་བྱས་ཏེ།གད་སྙིགས་དང་ཕྱི་རོལ་བརྡ་ཁྱབ། ནད་ཀྱིས་ཤི་བས་ཕྱུགས་རིགས་བེམ་རོ། ས་རྐོ་རྡོ་སློགཞིང་ལས་ཐོན་སྐྱེད་ཀྱི་བེད་མེད་དངོས་པོ་སོགས་བཅོས་སྐྱོང་ནང་དོན་ཁག་36ཚུད་ཡོད་པ་དང་།ས་ཁོངས་ཡོངས་ལ་ཞིབ་བཤེར་དང་ཕྱོགས་ཡོངས་ནས་གཙང་སེལ།ཁྱོན་ཡོངས་ཐག་གཅོདབརྒྱུད་རིམ་ཧྲིལ་པོར་ལྟ་སྐུལ་དོ་དམཁྱོན་ཡོངས་ནས་མཐོར་འདེགས་བཅས་ཀྱི་ཁོར་ཡུག་ལྟ་སྐུལ་དོ་དམ་མ་ལག་བཙུགས་ཏེ།ཤེས་རྟོགས་དང་བཅོས་སྐྱོང་དང་ཕྱིར་ལྟབཅས་ཀྱི་དོ་དམ་བྱེད་སྟངས་ལྟར་ཁོར་ཡུག་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བྱས་ནས།ཁོར་ཡུག་འཕྲོད་བསྟེན་ལྷག་ལུས་ཙམ་མེད་པར་བཅོས་སྐྱོང་བྱས་ཏེ།ཏན་ཏིག་གིས་མང་ཚོགས་ཉེ་འཁོར་གྱི་འབུར་དུ་ཐོན་པའི་ཁོར་ཡུག་གནད་དོན་ཐག་གཅོད་བྱ་རྒྱུ།