རྐང་ཚས་ཕྱོགས་ཡོངས་ནས་གྲོང་གསེབ་དར་སྤེལ་ལ་གོམ་པ་བརྟན་པོའི་ངང་སྐུལ་འདེད་བཏང་།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ད་ལོའི་ཚུན་ལ།རྐང་ཚ་རྫོང་གིས་མཐའ་གཅིག་ཏུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི“ཞིང་གསུམ”ལས་དོན་སྐོར་གྱི་རྒྱས་བཤད་གལ་ཆེན་དང་།ཞིང་ཆེན་དང་ཁུལ་གྱི་ཏང་ཨུ་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་ལག་བསྟར་དོན་འཁྱོལ་བྱས་ཏེ།གནད་དོན་ཁྲིད་སྟོན་དང་དམིགས་འབེན་ཁྲིད་སྟོན་ཕན་ཚུན་ཟུང་འབྲེལ་རྒྱུན་བསྐྱངས་ནས།མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་བསྡུས་བཅོས་སྐྱོང་ལ་ཟུང་འབྲེལ་གང་ལེགས་བྱས་ཏེ།“ཧ་ལམ”ཞེས་པའི་ཚད་གཞིའི་བྱ་སྤྱོད་ཀྱི་གོམས་གཤིས་རྨེག་མེད་བཏང་སྟེ། “དམངས་ཆེད”མགོ་རྩོམ་ས་དང་དམིགས་ཡུལ་དུ་འཛིན་པ་ཡིད་ལ་བརྟན་པོར་བཅངས་ནས་དབུལ་སྐྱོར་འགག་སྒྲོལ་གྱི་གྲུབ་འབྲས་རྒྱུན་ཆད་མེད་པར་སྲ་བརྟན་དང་གྲོང་གསེབ་དར་སྤེལ་འཐབ་ཇུས་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད།
ལོ་ཏོག་སོན་འདེབས་རྨང་གཞི་སྲ་བརྟན་དུ་བཏང་སྟེ་འབྲུ་རིགས་བདེ་འཇགས་ལ་འགན་ལེན་གང་ལེགས་བྱས་ཡོད། ལོ་ཧྲིལ་བོའི་འབྲུ་རིགས་ལས་དོན་གྱི་དམིགས་ཚད་དང་ལས་འགན་ལ་དམ་པོར་དམིགས་ནས་མཐུན་སྦྱོར་མཉམ་འབྲེལ་ལ་ཤུགས་སྣོན་བརྒྱབ་སྟེ་རིམ་པ་སོ་སོས་འགན་འཁྲི་དམ་ཟབ་བྱས་ཏེ་འབྲུ་རིགས“རྨོ་ཞིང”གི་རྨང་གཞི་རྒྱུན་ཆད་མེད་པར་སྲ་བརྟན་དུ་བཏང་བ་དང་།ལོ་འདིའི་ནང་ཞིང་ལས་རྨོ་འདེབས་ཀྱི་སྤྱིའི་རྒྱ་ཁྱོན་མུའུ་ཁྲི 14.104ཡིན་ལ།དེའི་ནང་འབྲུ་རིགས་མུའུ་ཁྲི1.83དང་འབྲུ་སྣུམ་མུའུ་ཁྲི10.65བཏབ་པ་དང་།འབྲུ་རིགས་དང་འབྲུ་སྣུམ་གྱིས་རྫོང་ཡོངས་ཀྱི་ཞིང་ལས་རྨོ་འདེབས་ཀྱི་སྤྱིའི་རྒྱ་ཁྱོན་གྱི85%ཟིན་ལ། ཁུལ་གྱིས་གཏན་འཁེལ་བྱས་པའི་དམིགས་འབེན་ལས་འགན་ལེགས་གྲུབ་བྱུང་ཡོད།
རྣམ་གྲངས་འཛུགས་སྐྲུན་དམ་འཛིན་ནན་མོ་བྱས་ཏེ་མ་དངུལ་གྱི་དུས་རིམ་བཞིན་གཏོང་སྤྲོད་བྱེད་པར་སྦྲེལ་མཐུད་བྱས་པ།ལོ་འདིའི་ནང་མ་དངུལ་སྒོར་ཁྲི9571.45སྦྲེལ་མཐུད(དེའི་ནང་ཀྲུང་དབྱང་གི་མ་དངུལ་སྒོར་ཁྲི7065དང་ཞིང་ཆེན་རིམ་པའི་མ་དངུལ་སྒོར་ཁྲི1559དང་ཁུལ་རིམ་པའི་མ་དངུལ་སྒོར་ཁྲི125དང་རྫོང་རིམ་པའི་མ་དངུལ་སྒོར་ཁྲི725.25དང 2024ལོའི་ལྷག་དངུལ་སྒོར་ཁྲི97.2བཅས)དངོས་འབེབས་བྱས་པ་དང་། རྣམ་གྲངས34(དེའི་ནང་ཐོན་ལས་རིགས་ཀྱི་རྣམ་གྲངས16དང་། འབྲེལ་ཡོད་མ་དངུལ་སྒོར་ཁྲི5216དང་། ཀྲུང་དབྱང་གིས་མ་དངུལ་བཏང་བའི་བསྡུར་ཚད73.82%ཟིན་པ)ལག་བསྟར་བྱས་པ་དང་།ལས་མགོ་ཚུགས་ཚད100%ཟིན་ཡོད།ཟླ9པའི་ཟླ་སྟོད་བར་དུ་ཁྱོན་ཡོངས་ཀྱི་མ་དངུལ་གཏོང་སྤྲོད་སྒོར་ཁྲི6508.54(དེའི་ནང་ཀྲུང་དབྱང་གི་མ་དངུལ་གཏོང་སྤྲོད་སྒོར་ཁྲི4874.51ཡིན)དང་།མ་དངུལ་སྤྱིའི་གཏོང་ཚད67.82%(དེའི་ནང་ཀྲུང་དབྱང་གི་མ་དངུལ་གཏོང་ཚད69%)ཟིན་པས།དུས་ལྟར་ཀྲུང་དབྱང་གི་མ་དངུལ་གཏོང་ཚད66.7%ལ་སླེབས་པའི་དུས་རིམ་མྱུར་ཚད་དམིགས་འབེན་ལས་འགན་ལེགས་འགྲུབ་བྱུང་ཡོད།
ཆེད་དོན་བཅོས་སྒྲིག་གཏིང་ཟབ་ཏུ་བཏང་ནས་མ་དངུལ་སྤྱོད་པའི་ལྟ་སྐུལ་དོ་དམ་རིམ་བཞིན་ཚད་ལྡན་དུ་བཏང་ཡོད།ཕྱོགས་ཡོངས་ནས་2013ལོ་ནས་ད་ལྟའི་བར་གྱི་དབུལ་སྐྱོར་མ་དངུལ་དང་སྦྲེལ་མཐུད་མ་དངུལ་ལས་གྲུབ་པའི་རྒྱུ་ནོར་རྣམ་གྲངས་ཞིབ་བཤེར་ལེགས་བཅོས་བྱས་ཏེ།ཁྱོན་བསྡོམས་གནད་དོན39ཤེས་རྟོགས་བྱུང་ནས་ཞིབ་བཤེར་བྱས་ཤིང་།གནད་དོན27ལེགས་བཅོས་བྱས་པ་དང་གནད་དོན12ལེགས་བཅོས་བྱེད་བཞིན་ཡོད་པས་བཅོས་སྒྲིག་བྱེད་ཚད69.2%ཟིན་ཡོད། “ཁག་བཞིའི”བླང་བྱ་ནན་མོ་གཞིར་བཟུང་སྟེ་ནུས་ཤུགས་ཡོད་རྒུས་ཐོན་ལས་རྣམ་གྲངས་གསར་བཟོ་བྱས་པ་དང་།2013ལོ་ནས2024ལོ་བར་གྱི་དབུལ་སྐྱོར་དང་སྦྲེལ་མཐུད་མ་དངུལ་རོགས་སྐྱོར་ཐོན་ལས་རྣམ་གྲངས་ཀྱི་རྒྱུ་ནོར་ཁྱོན་བསྡོམས405ལེགས་སྒྲིག་ནང་དུ་བཅུག་པ་དང་། དེའི་ཁྲོད401གི་ཁག་ཅིག་སྲ་བརྟན་དུ་བཏང་བ་དང2ཀྱི་ཁག་ཅིག་སོས་པར་བྱེད།2གྱི་ཁག་ཅིག་ལེགས་སྒྲིག་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་རྒྱུ་ནོར་གྱི་བདག་དབང་གཏན་འཁེལ་གྱི་ལས་དོན་ལ་སྐུལ་འདེད་བཏང་སྟེ།སྔོན་དཔག་བྱས་ན་ལོ་མཇུག་བར་དུ་ཕྱོགས་ཡོངས་ནས2024ལོ་དང་དེའི་སྔོན་གྱི་ལོ་ཧྲིལ་བོའི་རྣམ་གྲངས་ཀྱི་རྒྱུ་ནོར་བདག་དབང་གཏན་འཁེལ་རྩིས་སྤྲོད་ལས་དོན་ལེགས་འགྲུབ་བྱ་རྒྱུ།