རྐང་ཚ་རྫོང་གིས་ཞིང་འབྲོག་ལས་གཙོ་ཁྲིད་ཐོན་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་ཤུགས་ཡོད་རྒུས་རོགས་འདེགས་བྱེད་པར་སྐུལ་འདེད་བཏང་།
发布时间:2025年09月26日 消息来源:

རྩོམ་སྒྲིག་པ།ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

   ཉེ་བའི་ལོ་འགའི་རིང་ལ།རྐང་ཚ་རྫོང་གིས་ཕྱོགས་ཡོངས་ནསམཚོ་སྔོན་གྱི་ཁྱད་ཆོས་དང་དགེ་མཚན་ལྡན་པའི་དེང་རབས་ཅན་གྱི་ཐོན་ལས་མ་ལག་འཛུགས་སྐྲུནབྱེད་པའི་བླང་བྱ་ལག་བསྟར་དོན་འཁྱོལ་བྱས་ཏེ།སྐྱེ་ཁམས་སྔོན་ལ་འཇོག་པའི་འཐབ་ཇུས་ལག་བསྟར་བྱེད་པ་དང་།སྔར་ལས་ལྷག་པའི་སྒོ་ནས་ཞིང་འབྲོགས་ཁུལ་གྱིལྔ་ཅནགྱི་བསྒྱུར་བཅོས་གཏིང་ཟབ་ཏུ་གཏོང་ མགྱོགས་མྱུར་སྒོས་ཞིང་འབྲོག་ལས་རིགས་འཕེལ་རྒྱས་ཀྱི་སྤུས་ཚད་མཐོར་འདེགས་སུ་གཏོང་བ།ཞིང་འབྲོག་ལས་རིགས་དེང་རབས་ཅན་དུ་འགྱུར་བར་སྐུལ་འདེད་གཏིང་ཟབ་ཏུ་བཏང་ནས་ཞིང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བར་རོགས་འདེགས་བྱེད་དགོས། 

   ཞིང་འབྲོག་ལས་ལེགས་བསྡུས་ཞིབ་གཉེར་ཅན་དུ་འགྱུར་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ།ཁྱིམ་ཚང་འབྱོར་ལྡན་གྱིས་སྐུལ་ཁྲིད་དང་ཁྱིམ་ཚང་མཉམ་སྦྲེལ་གྱིས་གཉེར་སྐྱོང་བྱེད་པ།ཚབ་གཉེར་ཞབས་ཞུ་དང་མ་རྐང་མཉམ་ལས་བྱེད་པསྡེ་བས་རྩ་འཛུགས་སྣེ་ཁྲིད་བྱེད་པ་བཅས་ཀྱིསགཉེར་སྐྱོང་བྱེད་སྟངས་རིགས་ལྔགསོ་སྐྱོང་བྱས་ནས།དཔེ་སྟོན་ཚོད་ལྟ་བྱེད་གནས་འཛུགས་སྐྲུན་ལ་ཧུར་ཐག་གིས་སྐུལ་འདེད་གཏོང་བ་དང་། ས་ཞིང་དང་རྩྭ་རཕྱུགས་རིགས་གཉེར་སྐྱོང་ཁྱིམ་ཚང་།སྐྱེ་ཁམས་ཕྱུགས་ར། སྐྱེ་ཁམས་མཉམ་ལས་ཁང་བཅས་ལ་གོ་རིམ་ལྡན་པའི་ངང་འཁོར་རྒྱུག་བྱེད་པར་སྐུལ་འདེད་བཏང་།རིམ་རྩིས་བྱས་ན་རྨིད་ཁྲི་ཅན7དང་རྨིད5000ཅན24ཡི་འཁོར་རྒྱུག་རྩྭ་རའི་དཔེ་སྟོན་ས་ཚིགས་བཙུགས་པ་དང་།  ལེགས་བསྡུས་གཉེར་སྐྱོང་རྩྭ་ར་རྨིད་ཁྲི 51.3ཟིན་ལཕྱུགས་རིགས་ཁྲི10.81ཡིས་ཞིང་འབྲོག་ཁྱིམ་ཚང1623དང་མཉམ་དུ་ཞིང་འབྲོག་ཁྱིམ་ཚང་གིས་འབྲོག་ལས་སྣེ་ཁྲིད་པའི་འབྲེལ་ལམ་བཙུགས་ནས་ཞིང་འབྲོག་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་སྔར་བས་མཐོ་རུ་ཕྱིན་ཡོད།

   ཞིང་འབྲོག་ལས་ཐོན་ལས་ཅན་དུ་འགྱུར་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། ཐོན་སྐྱེད་དང་ལས་སྣོན།ཕྱིར་འཚོང་གཞི་གཅིག་ཅནགྱི་ཕན་ནུས་ཆེ་བའི་ཞིང་འབྲོག་གི་ཐོན་ལས་མ་ལག་ལྟེ་བ་བྱས་ནས།སྐྱེ་ཁམས་ཞིང་འབྲོག་ལསགཅིག་ཅན་དགུཡི་མ་ལག་ཆ་ཚང་གི་ལས་གྲྭ་གཏིང་ཟབ་ཏུ་སྤེལཏེ།མ་རྩ་སྒོར་ཁྲི7160ཡི་གཞི་ཁྱོན་ཅན་གྱི་གསོ་སྤེལ་རྟེན་གཞི6གསར་སྐྲུན་བྱས་པ་དང་།ཕྱུགས་རིགས་གསོན་པོའི་ཉོ་ཚོང་ཁྲོམ་ར་དང་འཁྱག་མཛོད་ཁང་རྟེན་གཞི་ལ་སོ་སོར1རེ་གསར་སྐྲུན་བྱས་ཏེ གཞི་རྩའི་ཐོག་འདེབས་གསོ་ཐོན་སྐྱེད་སྣོན་ཚོང་གསོག་ཉར་དང་སྐྱེལ་འདྲེན་གྱི་འབྲེལ་ཐག་ཧྲིལ་པོ་འཕེལ་རྒྱས་བྱུང་ཡོད།སློབ་གྲྭ་དང་ཁེ་ལས་མཉམ་ལས་གཏིང་ཟབ་ཏུ་བཏང་སྟེ། ལྕ་བ་དང་འབྲོག་ལུག་ཤའི་ཐང་དང་ལུག་པགས་མུའུ་སྦྱིན་དང་མུའུ་སྦྱིན་བག་ལེབ།སྙིང་མཆིན་གློ་བའི་འགུལ་སྐྱོད་འཚོ་བཅུད་ཐའེ་གཤེར་ཁུ་སོགས་ཀྱི་ཐོན་རྫས་གསར་རྐྱང10ལྷག་ཙམ་སྔ་རྗེས་སུ་ཞིབ་འཇུག་གསར་སྤེལ་བྱས་ནས།ནོར་ལུགགི་པགས་པ་ནས་ནང་ཁྲོལ་བར་ལས་སྣོན་དང་བེད་སྤྱོད་བྱས་ཏེ་ཞིང་ཆེན་ནང་ཁུལ་དང་ཐ་ན་རྒྱལ་ཡོངས་སུ་ཐོན་སྐྱེད་སྔོན་ཐོན་གྱི་ལམ་བུ་བཏོད་ཡོད  

   ཞིང་འབྲོག་ལས་སྐྱེ་ཁམས་ཅན་དུ་འགྱུར་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ།ནན་ཏན་སྒོས་རྩྭ་་བཀག་སྡོམ་དང་རྩྭ་ཕྱུགས་དོ་མཉམ་ལམ་ལུགས་ལག་བསྟར་བྱས་ནས།རྣམ་གྲངས་མ་དངུལ་གཅིག་བསྡུས་ཁྲིད་སྟོན་བྱེད་པ་དང་སྡེ་བའི་ཐུན་མོང་དཔལ་འབྱོར་མ་དངུལ་ཆ་ཚང་གཏོང་བ ཞིང་འབྲོག་ཁྱིམ་ཚང་གིས་རང་གྲབས་བྱས་པའི་རྩྭ་ཐང་སྐྱེ་ཁམས་བཅོས་སྐྱོང་གཏོང་འཇོག་ལམ་སྲོལ་འཚོལ་ཞིབ་འཛུགས་སྐྲུན་བྱེད་པ།རྨིད་ཁྲི100ཡི་ས་ངོས་ཀྱི་བྱི་བ་དང་རྨིད་ཁྲི20ཡི་ས་འོག་གི་བྱི་བ་འགོག་བཅོས་བྱས།རྨིད་ཁྲི1.42སུ་སྤུས་ལེགས་ཕྱུགས་རྩྭ་བཏབ་པ་དང་། རྨིད0.1ཏུ་འབྲུ་རིགས་གཟན་ཆས་སུ་བསྒྱུར།རྨིད་ཁྲི0.25རུ་སྲན་རྩྭ་བསྲེས་འདེབས་ཀྱི་ལག་རྩལ་དཔེ་སྟོན་བཙུགས།གཟན་རྩྭ་གསོག་འཇོག་སྤྱི་འབོར་ཏུན་ཁྲི43.88ཟིན་པ་ཡོད་པ་དང་སྐྱེ་ཁམས་ཕྱུགས་ར་རིགས་དང་པོ་གཉིས་པ་དང་གསུམ་པ43ངོས་འཛིན་གཏན་འཁེལ་བྱས།འབྲོག་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་དུ་སྐུལ་འདེད་བཏང་བས། རྫོང་ཡོངས་ཀྱི་ཞིང་འབྲོག་ཁྱིམ་ཚང70%ཙམ་དངཕྱུགས་ཟོག85%ལ་ཁ་གསབ་གཟན་ཆས་དང་གསོ་སྤེལ་མངོན་འགྱུར་བྱས་ཡོད།   

   ཞིང་འབྲོག་ལས་བློ་ལྡན་ཅན་དུ་འགྱུར་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། རྒྱལ་ཁབ་ཀྱི་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་གཏན་འཇགས་ཚོད་ལྟའི་ས་ཚིགས་ཀྱི་རྣམ་གྲངས་ལག་བསྟར་བྱེད་པ་དང་ བློ་ལྡན་ཅན་ཕྱུགས་ལས་ཀྱི་གཞི་གྲངས་ཆེན་མོའི་སྟེགས་བུ་འཛུགས་སྐྲུན་བྱེད་འགོ་བརྩམ་པ། ཁྱིམ་ཚང་ཕྱུགས་ར་ཚབ་རྟགས་གཅིག་གི་དོ་དམ་ཞབས་ཞུ་ཁྱབ་གདལ་ཤུགས་ཆེར་བཏང་ལ། སྔ་རྗེས་སུ་མི་མེད་གནམ་གྲུའི་རྩྭ་སྲུང་དང་། མི་མེད་འཕྲུལ་འཁོར་གྱིས་ཕྱུགས་འཚོ་བ་སོགས་བློ་ལྡན་ཅན་གྱི་ཞིང་འབྲོག་ལས་སྤྱད། སྲོག་ཆགས་ཀྱི་རིམས་ནད་ཞིབ་བཤེར་དང་བཟའ་བྱའི་ཞིང་ལས་ཐོན་རྫས་ཀྱི་ཁས་ལེན་ཚད་ལོན་དཔང་ཡིག་སྔོན་གྱི་ཤོག་བུ་ཅན་ནས་གློག་རྡུལ་ཅན་དུ་གཏོང་བར་ཧུར་ཐག་གིས་སྐུལ་སྤེལ་བཏང་སྟེ། ལོ་འདིའི་ནང་གློག་རྡུལ་ཅན་གྱི་འགོས་ནད་ཞིབ་བཤེར་དཔང་ཡིག་ཁྲི0.4དང་བཟའ་བྱའི་ཞིང་ལས་ཐོན་རྫས་ཀྱི་ཁས་ལེན་ཚད་ལོན་དཔང་ཡིག་ཁྲི1.22བཏོན་ཞིང་།   དཔང་ཡིག་ཡོད་པའི་སྒོ་ནས་ཁྲོམ་རར་ཞུགས་པའི་ཞིང་ཕྱུགས་ཐོན་རྫས་ཏུན59.7 ཡོད། 

   ཞིང་འབྲོག་ལས་སྤུས་རྟགས་ཅན་དུ་འགྱུར་བའི་ཆུ་ཚད་མཐོར་འདེགས་སུ་གཏོང་བ། “རབ་མཛེས་མཚོ་སྔོན། མཐོ་སྒང་རྐང་རྩེད་སྤོ་ལོ”རིམ་འདས་མཉམ་འགྲན་དང་དགུན་ཤའི་འདུ་ཚོགས་སོགས་བྱེད་སྒོ་སྣ་ཚོགས་ལ་བརྟེན་ནས། ཀྲུང་དབྱང་ཁེ་ལས་ཀྱི་འཛད་སྤྱོད་རོགས་སྐྱོར་དང་ཧྲན་ཏུང་གིས་མཚོ་སྔོན་ལ་རོགས་སྐྱོར་བྱེད་པའི་འཛད་སྤྱོད་རོགསའདེགས་སོགས་གོ་སྐབས་གལ་ཆེན་དམ་འཛིན་བྱས་ཏེ། ཞིང་འབྲོག་ཐོན་རྫས་འགྲེམ་འཚོང་དང་དྲིལ་བསྒྲགས་ངོ་སྤྲོད་བྱེད་ཤུགས་ཆེ་རུ་གཏོང་དགོས། རྐང་ཚ་རྫོང་རྫོང་ཁོངས་ཕྱི་རོལ་དུ་ནོར་ལུག་ཐད་གཉེར་ཁང་འཛུགས་པ་དང་བྱ་དགའ་སྤྲོད་ཐབསབཟོ་བཅོས་བྱས་ཏེ་འཐུས་སྒོ་ཇེ་ཚང་དུ་བཏང་ནས། ནོར་ལུག་བཤའ་རར་འཇོག་པའི་བྱ་དགར་ཁ་གསབ་མ་དངུལ་སྒོར་ཁྲི517བཀོད་སྒྲིག་བྱས་ཏེ་མང་ཚོགས་ལ་ནོར་ལུག་མྱུར་དུ་ཕྱིར་གཏོང་བྱ་རྒྱུར་ཁྲིད་སྟོན་བྱས་པ་དང་། རྒྱལ་ཡོངས་ཀྱི་ཞིང་ཆེན་དང་གྲོང་ཁྱེར།ས་ཁུལ་སོགས་སུ་གཉེར་ཚོང་ཁང18བཙུགས་ཤིང་། ཕྱིར་འཚོང་གྲོས་མཐུན་ཁག10ལ་མིང་རྟགས་བཀོད་ནས། ལོ་ཧྲིལ་པོར་ནོར་ལུག་ཁྱོན་བསྡོམས་ཁྲི43.07ཕྱིར་འཚོང་བྱས་ཡོད།