“ལོ་ལྔའི་འཆར་གཞི་བཅུ་བཞི་པར”མཚོ་བྱང་རྐང་ཚས་མ་དངུལ་དུང་ཕྱུར5.49བཏང་ནས་སྨན་བཅོས་ཞབས་ཞུའི་ཆུ་ཚད་མཐོར་འདེགས་བྱས།
发布时间:2025年10月10日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

    ཟླ9པའི་ཚེས30ཉིནགསར་འགོད་པས་མཚོ་བྱང་ཁུལ་རྐང་ཚ་རྫོང་ཨུའི་དྲིལ་བསྒྲགས་པུའུ་ནས་ཤེས་རྟོགས་བྱུང་བ་ལྟར་ན།ལོ་ལྔའི་འཆར་གཞི་བཅུ་བཞི་པརྫོང་འདིསཁྱོན་བསྡོམས་སྨན་བཅོས་འཕྲོད་བསྟེན་མ་དངུལ་སྒོར་དུང་ཕྱུར5.49བཏང་སྟེ།གཙོ་བོ་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་དང་སྒྲིག་ཆས་གསར་སྒྱུར་ཐད་སྤྱད་དེ་ཡུལ་ཚོ་དང་སྡེ་བ་རིམ་པའི་སྨན་བཅོས་སྒྲིག་གཞིའི་ལས་སྒོའི་ཁང་པ་དང་གཞི་རྩའི་སྒྲིག་ཆས100%ཚད་གཞིར་སླེབས་ཡོད

       “ལོ་ལྔའི་འཆར་གཞི་བཅུ་བཞི་པའིཚུན་ལ་རྐང་ཚ་རྫོང་གིས“རྫོང་ཨུས་གཅིག་གྱུར་འཆར་འགོད་དང་སྲིད་གཞུང་གིས་གཙོར་འཛིན།སྡེ་ཁག་གིས་མཐུན་སྦྱོར།ལས་ཁུངས་ཀྱིས་དོན་འཁྱོལ་བཅས་ཀྱི་འགན་འཁྲིའི་སྦྲེལ་ཐག་བཙུགས་ནས་སྨན་བཅོས་སྒྱུར་བཅོས་ཀྱི་ཇུས་གཞི་མང་པོ་སྔ་རྗེས་སུ་བཏོན་ཏེ།སྲིད་གཞུང་གིས་འཆར་འགོད་དང་མ་འཇོག འཇོན་མི་གསོ་སྐྱོང་སོགས་ཐད་ཀྱི་འགན་འཁྲི་གསལ་བོར་བཟོས་ནས་སྨན་བཅོས་སྒྱུར་བཅོས་ལས་དོན་ལ་ཁ་ཕྱོགས་གསལ་སྟོན་དང་འགན་སྲུང་ནུས་ལྡན་མཁོ་འདོན་བྱས་ཡོད།གཞན་ཡང་གཞུང་གཉེར་སྨན་བཅོས་སྒྲིག་གཞིའི་འབྲེལ་ཡོད་གྲོན་དངུལ་ཡོད་ཚད་ནོར་སྲིད་སྔོན་རྩིས་སུ་བཅུག་ནས་སྨན་བཅོས་སྒྲིག་གཞིའི་འགན་འཁུར་ནུས་ལྡན་ངང་ཇེ་ཡང་དུ་བཏང་ཡོད། 

      སྨན་བཅོས་ཐོན་ཁུངས་བཀོད་སྒྲིག་ཇེ་ལེགས་སུ་གཏོང་བའི་ཐད་རྐང་ཚརྫོང་གིས་རྫོང་མི་དམངས་སྨན་ཁང་གིས་སྣེ་ཁྲིད་པའི་ཞིབ་ཚགས་རྣམ་པའི་སྨན་བཅོས་ཐུན་མོང་སྒྲིག་གཞི་དང་རྫོང་བོད་སྨན་ཁང་གིས་སྣེ་ཁྲིད་པའི་ཀྲུངབོདལུགས་སྨན་བཅོས་དང་སྨན་བཅོས་མཉམ་འབྲེལ་སྒྲིག་གཞི་བཙུགས་ནས་ཕན་ཚུན་གསབ་རེས་འཕེལ་རྒྱས་གཏོང་བའི་རྣམ་པ་བཟང་པོ་ཞིག་ཆགས་ཡོདཆབས་ཅིག་རིམས་ནད་སྔོན་འགོག་དང་མ་བུ་བདེ་སྲུང་སོགས་སྒྲིག་གཞིའི་སྤྱིའི་འཕྲོད་བསྟེན་འགན་ནུས་འབུར་དུ་བཏོད་ནས་སྔོན་འགོག་དང་བཅོས་སྐྱོང་།བདེ་ཐང་བཅས་གཞི་གཅིག་ཅན་གྱི་སྨན་བཅོས་འཕྲོད་བསྟེན་ཞབས་ཞུའི་མ་ལག་བཙུགས་ཡོད།

       འཇོན་མིའི་དཔུང་ཁག་གསོ་སྐྱོང་ཐད་རྐང་ཚ་རྫོང་གིས་ཕྱོགས་ངེས་གསོ་རིག་སློབ་མ43བཀོད་སྒྲིག་བྱས་པ་བརྒྱུད་དེ་སྐབས་ཞུའི་མི་སྣ103ལ་གྲུབ་འབྲས་ཁ་གསབ་སྤྲད་པ་དང་། སྡེ་བའི་སྨན་པར་རྒན་གསོ་དང་འཚོ་བའི་ཁ་གསབ་སོགས་ཀྱི་བྱེད་ཐབས་དོན་འཁྱོལ་བྱས་ནས་འཇོན་མིའི་དཔུང་ཁག་བརྟན་པོ་ཡོང་བ་བྱས་ཡོད། 2024ལོར་རྐང་ཚ་རྫོང་གིས་ཆེད་དོན་སྒྲིག་ཁོངས་ཀྱི་སློབ་ཆེན་སློབ་མ་སྡེ་བའི་སྨན་པ25བསྡུ་ལེན་བྱས་པ་མ་ཟད། ཞིང་ཆེན་ཕྱི་ནང་དུ་སྨན་བཅོས་མི་སྣ་ཟབ་སྦྱོང་བྱེད་པར་མངགས་ནས་འཇོན་མིའི“སྒུལ་ཤུགས་ཀྱི་མགོ་ཁུངས”ལ་སྐུལ་སྤེལ་གང་ལེགས་བྱས་ཡོད།

       སྨན་བཅོས་སྒྱུར་བཅོས་ཀྱི་གནད་འགག་ལས་རིམ་ཐོག་རྐང་ཚ་རྫོང་གིས་སྨན་བཅོས་ཞབས་ཞུའི་རིན་གོང་འགུལ་རྣམ་ལེགས་སྒྲིག་དང་གྲུབ་འབྲས་དཔྱད་ཞིབ་མ་ལག་འཐུས་ཚང་དུ་བཏང་སྟེདཔྱད་ཞིབ་འབྲས་བུ་ནོར་སྲིད་ཀྱི་ཁ་གསབ་དང་གླ་ཕོགས་དང་དམ་པོར་སྦྲེལ་ཏེ་སྨན་ཁང་གི“གཞི་ཁྱོན་རྒྱ་སྐྱེད”ནས“སྤུས་ཚད་མཐོར་འདེགས”ཕྱོགས་སུ་བསྒྱུར་ར་སྐུལ་འདེད་བཏང་ཡོད།གཞི་གྲངས་ལས་མངོན་པར། 2024ལོར་རྫོང་ཁོངས་ཀྱི་སྨན་བཅོས་མི་ཐེངས་དང་སྨན་ཁང་དུ་ཞག་སྡོད་བྱས་པའི་མི་ཐེངས་བསྡོམས་འབོར2022ལོ་ལསསོ་སོ19.74%དང40.01%འཕར་བ་དང་རྫོང་རིམ་པའི་གཞུང་གཉེར་སྨན་ཁང་གི་སྨན་བཅོས་ཞབས་ཞུའི་རང་བཞིན་གྱི་ཡོང་འབབ་ཀྱིས་བཟུང་ཚད45%ལས་བརྒལ་ཡོད

         རྐང་ཚ་རྫོང་གིས་ཐོག་མཐའ་བར་གསུམ་དུ་སྨན་བཅོས་སྒྱུར་བཅོས་ཀྱི་སྤྱི་ཕན་ངོ་བོ་བརྟན་པོར་སྲུང་ནས་ཧུར་ཐག་གིས་དམངས་ཕན་ལས་འགུལ་སྤེལ་ཡོད།2021ལོ་ནས2024ལོ་བར་རིམ་བཞིན་སྒོར་ཁྲི2000བཏང་ནས་མང་ཚོགས་ལ་རིན་མེད་ཀྱི་བདེ་ཐང་བརྟག་དཔྱད་བྱས་པ་དང་།བརྟག་དཔྱད་བྱ་ཚད94%ལས་བརྒལ་ཏེ་མང་ཚོགས་ལ་དལ་འཕར་ནད་འབྱུང་ཚད་མངོན་གསལ་སྒོས་མར་ཆག་ཡོད། 2024ལོར་རྐང་ཚ་རྫོང་གིས་ད་དུང་ལྷན་སྐྱེས་སྙིང་ནད་ཕོག་པའི་བྱིས་པ7དང་སྐྱ་འགྲིབ་ཕོག་པའི་ནད་པ58ལ་རིན་མེད་གཤགས་བཅོས་བྱས་ནས་མང་ཚོགས་ལ་སྨན་བཅོས་སྒྱུར་བཅོས་ཀྱི་ཁེ་ཕན་དངོས་སུ་ལོངས་སུ་སྤྱོད་ཐུབ་པ་བྱས་ཡོད།