རྐང་ཚ་རྫོང་གི་ཞིང་ལས་ཐོན་རྫས་བཞི་ལ་རྒྱལ་ཡོངས་ཀྱི“མིང་གྲགས་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས་གསར་པའི”ངོས་འཛིན་དཔང་ཡིག་ཐོག་མ་ཐོབ།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར་ཞིང་ལས་ཞིང་སྡེ་པུ་ཞིང་ལས་ཐོན་རྫས་སྤུས་ཚད་བདེ་འཇགས་ལྟེ་གནས་ཀྱིས་སྤྱི་བསྒྲགས་བྱས་པའི2025ལོའི་རྒྱལ་ཡོངས་ཀྱི་མིང་གྲགས་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས་གསར་པ་ཁག་གཉིས་པའི་མིང་ཐོའི་ནང་རྐང་ཚའི་འབྲོག་ལུག་དང་རྐང་ཚའི་འོ་ཞོ།རྐང་ཚའི་འབྲུ་སྣུམ།རྐང་ཚའི་ནས་ཆང་བཅས་ཞིང་ལས་ཐོན་རྫས་བཞི“རྒྱལ་ཡོངས་ཀྱི་མིང་གྲགས་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས་གསར་པའི”མིང་ཐོའི་ནང་བདེ་བླག་ངང་བདམས་ཐོན་བྱུང་བ་དང་།འདི་ནི་རྐང་ཚ་རྫོང་གི་ཞིང་ལས་ཐོན་རྫས་ལ《རྒྱལ་ཡོངས་ཀྱི་མིང་གྲགས་ཁྱད་ཐོན་སྤུས་ལེགས་ཞིང་ལས་ཐོན་རྫས་གསར་པའི་དཔང་ཡིག》ངོས་བཟུང་གཟི་བརྗིད་ཐོག་མ་ཐོབ་པ་ཡིན་པས།རྐང་ཚ་རྫོང་གི་མིང་གྲགས་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས་གསར་པ་དཔང་སྤྲོད་ཁྱབ་ཁོངས་ཀྱི་སྟོང་ཆ་བསྐངས་པ་རེད།
ཉེ་བའི་ལོ་ཤས་རིང་ལ། རྐང་ཚ་རྫོང་གིས་ལྗང་མདོག་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་མཉམ་དུ་འཛུགས་པའི་བཀོད་སྒྲིག་གི་གོ་སྐབས་དམ་འཛིན་བྱས་ནས།རྫོང་ཁོངས་ཀྱི་ཁྱད་ལྡན་སྤུས་ལེགས་ཐོན་ལས་སྔོག་འདོན་དང་གསོ་སྐྱོང་གཏིང་ཟབ་བྱས་ཏེ།ཕྱོགས་ཡོངས་ནས་ཞིང་ལས་ཐོན་རྫས་ཟོང་རྟགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ།ཧུར་ཐག་སྒོས“ལྗང་མདོག་ཟས་རིགས”དང“སྐྱེ་ལྡན་ཐོན་རྫས”ཀྱི་དཔང་སྤྲོད་རེ་ཞུ་དོ་དམ་ལས་དོན་སྤེལ་བར་མ་ཟད། རྫོང་ཁོངས་ཀྱི་སྐྱེ་ལྡན་དཔང་སྤྲོད་གཙོ་གཞི་རྐང་ཚ་རྫོང་སྐྱེ་ཁམས་ཕྱུགས་ལས་གསོ་སྤེལ་མཐུན་ཚོགས་ད་ལོའི་རྒྱལ་ཡོངས་ཀྱི་སྐྱེ་ལྡན་ཞིང་ལས་ཐོན་རྫས་ཟོང་རྟགས་མིག་དཔེར་བདམས་ཐོན་བྱུང་བ་སོགས་རྫོང་ཁོངས་ཀྱིས《རྒྱལ་ཡོངས་ཀྱི་མིང་གྲགས་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས་གསར་པའི》དཔང་སྤྲོད་རེ་ཞུ་དོ་དམ་བྱེད་པར་རྨང་གཞི་བརྟན་པོ་བཏིང་ཡོད། ཐེངས་འདིའི་དཔང་སྤྲོད་ལེགས་གྲུབ་བྱུང་བ་ནི་རྐང་ཚ་རྫོང་གི་ཁྱད་ཆོས་ལྡན་པའི་ཞིང་ལས་ཐོན་རྫས་སྤུས་ཀ་ལེགས་པོར་རྒྱལ་ཁབ་རིམ་པའི་དབང་གྲགས་ཁས་ལེན་ཐོབ་པ་ཞིག་ཡིན་པས་ཞིང་ཕྱུགས་ལས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་སྣེ་ཁྲིད་ཀྱི་ནུས་པ་བླ་ལྷག་ཐོན་ཡོད།
རྗེས་མར་རྐང་ཚ་རྫོང་གིས《རྒྱལ་ཡོངས་ཀྱི་མིང་གྲགས་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས་གསར་པ་དོ་དམ་བྱ་ཐབས》གཞིར་བཟུང་སྟེ། མིང་གྲགས་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས་གསར་པའི་མཚོན་རྟགས་སྤྱོད་པའི་ཁེ་ལས་ཀྱིས་ལོ་རེའི་ངོས་འཛིན་ཐོ་འགོད་ཐོན་རྫས་དོ་དམ་ལམ་ལུགས་ལ་ཤུགས་སྣོན་པ་མ་ཟད། ཧུར་ཐག་གིས་རྒྱལ་ཡོངས་ཀྱི་མིང་གྲགས་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས་གསར་པའི་ཨང་ཀིའི་ཞབས་ཞུ་ལས་སྟེགས་ལ་འབྲེལ་མཐུད་བྱས་པ་བརྒྱུད་དེ། རྐང་ཚ་རྫོང་གི་མིང་གྲགས་ཁྱད་ལྡན་སྤུས་ལེགས་ཞིང་ལས་ཐོན་རྫས་གསར་པའི་གསར་པ་དྲ་ཐོག་དང་དྲ་ཕྱི་མཉམ་འདྲེས་ཀྱིས་ཁྱབ་གདལ་གཏོང་བ་དང་ཐོན་རྫས་ཕྱིར་འཚོང་སྦྲེལ་མཐུད་ལས་སྟེགས་འཛུགས་པ་སོགས་ཀྱི་བྱེད་ཐབས་སྤྱད་དེ། “ས་གནས་རང་གི་ཁྱད་ཆོས་ལྡན་པའི་ཐོན་རྫས”ཀྱི་ཐབས་ཤེས་ལེགས་པོར་བསྒྲུབས་ཏེ། ཏན་ཏིག་སྒོས་ཞིང་ཕྱུགས་ལས་ཀྱི་སྤུས་ཚད་མཐོར་འདེགས་དང་ཕན་འབྲས་ཆེར་གཏོང་ལ་གཞོགས་འདེགས་་བྱས་ནས་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་ཇེ་མང་དུ་གཏོང་རྒྱུ།


