རྐང་ཚས“སྐར་ལྔ་རིམ་པའི”སྤྱི་ཆབ་གསར་དུ་བསྐྲུན་ནས་གནས་སྐོར་ཞབས་ཞུའི་སྤུས་འདེགས་དང་རིམ་སྤོར་ལ་གཞོགས་འདེགས་བྱས།
发布时间:2025年10月16日 消息来源:

རྩོམ་སྒྲིག་པ།ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 


   མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས“ཆབ་ཁང་གསར་བརྗེ”མཚོ་སྔོན་པོའི་དཔེ་སྟོན་ཁུལ་གསར་འཛུགས་དང་གྲོང་གསེབ་དར་སྤེལམཐོ་སྒང་གི་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་བཅས་ཀྱི་ཁྲོད་དུ་མཉམ་འདྲེས་བྱས་ཏེ།སྐར་ལྔ་རིམ་པའིཚད་གཞིར་གཞིགས་ནས་ཁྱད་ཆོས་ལྡན་པའི་སྤྱི་ཆབ་གསར་དུ་བསྐྲུན་ཏེ་སྤྱིཔའི་ཞབས་ཞུརམཛེས་མདངསལྡན་ལདྲོད་ཁོལཡང་འཛོམས་པར་བྱས་ཡོད།མིག་སྔར་རྫོང་ཡོངས་སུ་ཁྱོན་བསྡོམས་མཁར་གྲོང་དང་དེ་བཞིན་གནས་སྐོར་སྤྱི་ཆབ34གསར་སྐྲུན་དང་བཅོས་སྐྲུན་བྱས་ནས་གནས་སྐོར་བ་དང་ས་གནས་མང་ཚོགས་ཀྱི་དགོས་མཁོ་སྐང་ཡོད། 

རྐང་ཚ་རྫོང་གིས་སྤྱི་ཆབའཛུགས་སྐྲུན་དེ་གནས་སྐོར་གྱི་སྣང་བརྙན་མངོན་པའི་ཞབས་ཞུའི་ལས་སྟེགས་སུ་བརྩིས་ནས“རྒྱལ་ཁབ་ཀྱི་སྤྱི་ཆབ་རིགས་གཉིས་པའི་ཚད་གཞི”ལྟར་ཇུས་འགོད་དང་འཛུགས་སྐྲུན་བྱས་ཡོད་པ་དང་ཡུལ་བབདང་ཁོར་ཡུག་གི་ཁྱད་ཆོས་ལ་གཞིགས་ནས“ཆབ་ཁང་རེརཁྱད་གཤིས་རེ་དང་ཆབ་ཁང་རེར་ཁྱད་ཆོས་རེ། ཆབ་ཁང་རེར་བརྗོད་དོན་རེ།ཆབ་ཁང་རེར་བཟོ་དབྱིབས་རེ”རྒྱུན་འཁྱོངས་བྱས་ཏེ། ཕྱི་ངོས་ཀྱི་ཚོན་རིས་ནས་ནང་གི་མཛེས་སྤྲས་ལ་མི་རིགས་ཀྱི་ཁྱད་ཆོས་བླ་ལྷག་ཏུ་མངོན་ཡོད། དུས་ཚོད་ཐུང་ངུའི་ནང་ཆབ་ཁང་འཚོལ་བདེ་བརདམིགས་ནས། སྤྱི་ཆབའཛུགས་གནས་ནི་མི་ཚོགས་འདུ་ས་དང་གནས་སྐོར་ལམ་ཐིག སྤྱི་པའི་ཞབས་ཞུའི་སྒྲིག་གཞི་བཅས་དང་གནད་ལ་འཁེལ་བའི་སྒོ་ནས་སྙོམ་སྒྲིག་བྱས་ཏེ། “ཆབ་ཁང་འཚོལ་སླབ་དང་ཆབ་ཁང་བཀོལ་བདེ་བ”དེ་མཁར་གྲོང་ཚད་ལྡན་སྒྲིག་སྦྱོར་ཞིག་ཏུ་འགྱུར་བར་བྱས། མིག་སྔརརྫོང་མཁར་དུ་སྟོང་སྨི་གྲུ་བཞི་མ་རེརཆབ་ཁང5རེ་འཛུགས་སྐྲུན་བྱས་ནས་མཁར་གྲོང་ནང་ཁུལ་དང་མཁར་ཁུལ་ནས་ལྗོངས་ཁུལ་དུ་བསྐྱོད་པའི་བགྲོད་ལམ་བར་གྱི་གནས་སྐོར་ཆབ་ཁངགྲངས་འབོར་འདང་ངེས་བྱས་ཡོད

སྤྱི་ཆབརེ་རེའི་འཛུགས་སྐྲུན་རྒྱ་ཁྱོན་དང་ཞབས་ཞུའི་ཁྱབ་ཁོངས་ནང་གི་མི་ཚོགས་ཀྱི་དགོས་མཁོར་གཞིགས་ནས་འགོག་རྐྱེན་མེད་པའི་སྒྲིག་བཀོད་དང་མ་བུ་རློན་ནུཁང་དུག་སེལ་གཤེར་ཁུཆུ་ཚོད24ཡི་ཆུ་ཁོལ་སོགས་སྒྲིག་སྦྱོར་བྱས་ཡོད་པ་དང་།ལྷམ་ཕྱིས་འཕྲུལ་འཁོར་དང་ཁ་པར་གློག་གསོག་ས་ཚིགས་སོགས“དམངས་ལ་སྟབས་བདེ་ཕྲན་བུའི”སྒྲིག་བཀོད་ཇེ་མང་དུ་བཏང་ནས་ཆབ་ཁང་ཞབས་ཞུའི་ས་ཚིགས་རིམ་སྤོར་བྱས་ཡོད། དེ་དང་ཆབས་ཅིག“ཚད་ལྡན་ཅན་དང་རིག་ནུས་ཅན”གྱི་དོ་དམ་བྱེད་སྟངས་སྤེལ་ནས“བཅུ་མེད་བཅུ་གཙང”གཙང་སྦྲ་དམིགས་འབེན་དུ་བྱས་ཏེ་ཆེད་ལས་ཚོགས་པ་བཀོད་སྒྲིག་བྱས་ནས་ཉིན་རེ་ས་ཁོངས་ཡོངས་སུ་ཐེངས་དྲུག་ལ་དུག་སེལ་དང་རེག་ས་མང་སར་དུས་དང་རྣམ་པ་ཀུན་ཏུ་གཙང་སྦྲ་བྱས་ནས་ཉིན་ཧྲིལ་བོའི་ཞབས་ཞུ་མངོན་འགྱུར་བྱས་ཡོདཚོང་ལས་ལ་བརྟེན་ནས་ཆབ་ཁང་སྐྱོང་བའིརྣམ་པ་འཚོལ་ཞིབ་བྱས་ཏེ།མི་ཚོགས་མང་བའི་སྤྱི་ཆབ4རུ་ཞིང་ཕྱུགས་ཐོན་རྫས་དང་རིག་གནས་གསར་གཏོད་འགྲེམས་སྟོན་ཁང་བཙུགས་ཏེ།ཉིན་རེའི་ཆ་སྙོམས་གནས་སྐོར་བ་མི་ཐེངས2000ལྷག་ཙམ་སྣེ་ལེན་བྱས་ནས་ས་གནས་ཀྱི་ཁྱད་ཆོས་མངོན་པའི་ལས་སྟེགས་ཤིག་ཏུ་གྱུར་ཏེ།དམངས་ལ་སྟབས་བདེ་དང་རིག་གནས་གནས་སྐོརཁྱབ་གདལ་གཏོང་བའི“རང་གཞན་གཉིས་ཕནམངོན་འགྱུར་བྱུང་ཡོད།