རྐང་ཚས“ཏང་འཛུགས་དང་རིག་གནས”ལ་བརྟེན་ནས་གཞི་རིམ་ཏང་འཛུགས་སྐྱོང་གི་སྒུལ་ཤུགས་གསར་པར་སྐུལ་སློང་བྱས།
发布时间:2025年10月17日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

   ཉེ་བའི་ལོ་ཤས་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གཡི་དཀར་འོམ་ལུང་ཡུལ་ཚོ་ཡིས“ཉིང་རྡུལ་གཅིག་དང་རུ་ཁག་ལྔ་ཡིས་དར་རྒྱས་ལ་སྐུལ་འདེད་གཏོང་ཞེས་པའི་ལས་དོན་བཅའ་ཁྲིམས་ལ་བརྟེན། “ཏང་འཛུགས་ཀྱིས་སྣེ་ཁྲིད་དང་རིག་གནས་ཀྱིས་བླ་སྲོག་གཏོད་པཡི་ལས་གཞི་བརྒྱུད། གཞི་རིམ་གྱི་ཏང་འཛུགས་སྐྱོང་དང་མང་ཚོགས་ཀྱི་རིག་གནས་དགོས་མཁོ་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་བཏང་ནས གཞི་རིམ་རིག་གནས་ཀྱི་གཡུལ་སར་ཏང་གི་དར་ཆ་མཐོན་པོར་སྒྲེང་བ་དང་རིག་གནས་ཀྱིས་དམངས་ཕན་གྱི་ཉི་ཟེར་འབྲོག་ཁུལ་གྱི་ཁྱིམ་ཚང་ཁྲི་སྟོང་དུ་འཕྲོ་ཐུབ་པ་བྱས་ཡོད། 

    “ཏང་འཛུགས་དང་རིག་གནས”ཀྱིས་དམངས་སྲོལ་ལ་གསོན་ཤུགས་བསྣན་ཡོད། སྲོལ་རྒྱུན་དམངས་སྲོལ་རིག་གནས་ཀྱི་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཏེ “ཏང་འཛུགས་དང་དམངས་སྲོལ་རིག་གནས་རྒྱུན་འཛུགས”ཀྱི་ཐབས་ལམ་གསར་པ་འཚོལ་ཞིབ་བྱས་ཡོད་ལ། “ཏང་ཀྲི་པུ་ཡིས་སྣེ་ཁྲིད་དང་ཏང་ཡོན་གྱིས་སྐུལ་ཁྲིད། མང་ཚོགས་མཉམ་ཞུགས”ཀྱི་རྣམ་པ་བརྒྱུད མ་དངུལ་གྲབས་གསོག་གི་བྱེད་ཐབས་ལ་བརྟེན་ཡུལ་ཚོའི་ལོ་རྒྱུས་ཁང1དང་སྡེ་བའི་ལོ་རྒྱུས་ཁང6བསྐྲུན་ཐུབ་པ་བྱུང་བ་དང་ འབྲོག་པའི་ཐོན་སྐྱེད་འཚོ་བའི་པར་རྙིང་དང་དངོས་ཟོང་རྙིང་པ་བརྒྱ་ལྷག་བསྡུ་རུབ་བྱས། དུས་རབས་གསར་པའི་དཔལ་ཡོན་ལག་ལེན་གྱི་གཡུལ་སར་བརྟེན་ནས། དམངས་སྲོལ་རིག་གནས་དེ་དུས་རབས་གསར་པའི་དཔལ་ཡོན་ལག་ལེན་གྱི་འཆད་སྟེགས་ཆེན་མོདང་མཉམ་འདྲེས་ཀྱིས།དམངས་སྲོལ་རིག་གནས་ཀྱི་འཆད་སྟེགས་ཆེན་མོ་གསར་གཏོད་བྱས་ཏེ། ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་དང་བལ་འབྲེག་འགྲན་སྡུར།རྟ་རྒྱུག་འགྲན་ཚོགས་སོགས་ཀྱི་བྱེད་སྒོ་དུས་མཉམ་དུ་སྤེལ་བ་དང་།གྲོང་གསེབ་དར་རྒྱས་ཡོང་བར་རིག་གནས་ཀྱི་སྒུལ་ཤུགས་གསོག་ཉརབྱས་ཡོད།

    “ཏང་འཛུགས་དང་རིག་གནས”ཀྱིས་དཔེ་ཀློག་གིགོམས་གཤིས་འཇགས་པར་བྱས་ཡོད ཏང་གི་སྲིད་ཇུས་ཀྱི་རིགས་པའི་གཞུང་ལུགས་ཁྱབ་སྤེལ་བྱེད་པ་ལ་དམིགས་ནས “རིགས་པའི་གཞུང་ལུགས་དྲིལ་བསྒྲགས+”ཡི་བྱེད་སྒོ་གསར་གཏོད་རང་བཞིན་གྱིས་སྤེལ་བ་དང་།ཁྲིམས་སྐྱོང་དྲིལ་བསྒྲགས་དང་རིག་གནས་སྒྱུ་རྩལ་གཞི་རིམ་དུ་སྐྱེལ་བ ཤེས་བྱའི་སྒོ་མོ་འཕེར་བཞེས་པའི་དཔེ་ཀློག་སོགས་ཀྱི་བྱེད་སྒོ་མཉམ་འདྲེས་བྱས་ཏེ།གྲོང་གསེབ་ཀྱི་རིག་གནས་དྲིལ་བསྒྲགས་དཔུང་ཁག་སྒྲིག་འཛུགས་བྱས་ནས་སྡེ་བགཞིས་ཁུལདང་མཉམ་དུ་རིག་རྩལ་འཁྲབ་སྟོན་སྤེལ་ཏེ “སྐྱེལ”པའི་རིག་གནས་དང“གཟུགཔའི་རིག་གནས་ཟུང་འབྲེལ་བྱེད་པར་སྐུལ་འདེད་བཏང་། དྲིལ་བསྒྲགས་ནང་དོན་ལ་གོང་དུ“དོན་དངོས་དང་མཐུན་པ”དང་འོག་ཏུ“དམངས་བློ་དང་འཚམ་པཡིན་ལ། རིགས་པའི་གཞུང་ལུགས་ཀྱི་ཚ་གནད་དང་མང་ཚོགས་ཀྱིས་དོ་ཁུར་བྱེད་ས་དང་དམ་འཛིན་བྱས་ཡོད། གཞི་རྟེན་་གྲོང་སྡེ་ཡི་སྒྲ་དུང་དང་གློག་རྡུལ་འཆར་ཤེལ།དྲིལ་བསྒྲགས་འགྲེམ་བྱང་དངསྙིང་དུ་སྡུག་པའི་གཡི་དཀར་འོམ་ལུང་ཡུལ་ཚོཞེས་པའི་སྤྱི་སྟེགས་བཅས་བེད་སྤྱད་དེ ཀྲུང་དབྱང་དང་ཞིང་ཆེན ཁུལ་དང་རྫོང་གི་ཚོགས་འདུ་གལ་ཆེན་གྱི་དགོངས་དོན་དང་སྲིད་ཇུས་རིགས་པའི་གཞུང་ལུགས།ཏང་གི་ལོ་རྒྱུས་གཏམ་རྒྱུད་བཅས་རྒྱུན་ལྡན་རང་བཞིན་གྱིས་བརྒྱུད་སྤྲོད་བྱེད་ཀྱིན་ཡོད་པ་རེད། མིག་སྔའི་བར དྲིལ་བསྒྲགས་བྱེད་སྒོ་ཐེངས60ལྷག་སྤེལ་བ་དང་དེའི་ནང་དུ་ཞུགས་པའི་མང་ཚོགས་མི་ཐེངས་ཁྲི2ལྷག་ལ་སླེབས་ཡོད་པས དཔེ་ཀློག་གི་མཁའ་དབུགས་གྲོང་སྡེཡོངས་སུ་ཁྱབ་པ་བྱས་ཡོད།

    “ཏང་འཛུགས་དང་རིག་གནས”ཀྱིས་གཞི་རིམ་བཅོས་སྐྱོང་ལ་ཞི་དོད་ཡོང་བ་བྱས་ཡོད། གོམས་སྲོལ་འགྱུར་ལྡོག་གཏིང་ཟབ་ཏུ་བཏང་ནས་མང་ཚོགས་ཀྱི་བསམ་པའི་རྣམ་པ་ཆེར་སྐྱེད་ལ་སྐུལ་སྤེལ་བཏང་བ་དང་།  དཔེར་འོས་དཔེ་སྟོན་ནུས་པ་འདོན་སྤེལ་བྱས་ཏེ། ཞིང་འབྲོག་མང་ཚོགས“སྐར་ལྔ་རིམ་པའི་དཔལ་ཡོན་ཁྱིམ་ཚང”དུ་འདེམས་བསྐོ་བྱ་བར་ཞུགས་རྒྱུ་སྒྲིག་འཛུགས་བྱས་ནས ལོ་འཁོར་གྱི“མཛེས་པའི་ཁྱིམ་གཞིསདང“མནའ་མ་བཟང་པོ”“སྒྱུག་མོ་བཟང་པོ།  དེ་བཞིན་དཔེ་སྟོན་ཁྱིམ་ཚང་སྐོར་ཞིག་བཅས་ལ་་གཟེངས་བསྟོད་བྱས། “རྐང་ཚ་དང་བར་ཐག་མེད་པཞེས་པའི་བྱ་རིམ་སྔོན་ལ་ཁྱབ་གདལ་བཏང་ནས་སྡེ་ཁྲིམས་དམངས་ཆིངས་དེའི་ནང་དུ་བཅུག་པ་དང“ཆ་བསགས་ལམ་ལུགས”དོ་དམ་ལག་བསྟར་བྱས་ཏེ་ལོ་འཁོར་གྱི་མིང་ཐོ་དམར་ནག་གཉིསམཁྱབ་བསྒྲགས་བྱས། དེ་དང་ཆབས་ཅིག སྡོད་དམངས་ཀྱིས་སྤྱི་ཆིངས་བརྗེ་རེས་དང་ཏང་ཡོན་ཆ་བསགས་དོ་དམ་ལམ་སྲོལ་ལ་བརྟེན་ནས་གྲོང་གསེབ་དར་རྒྱས་གཏོང་བའི“གཅེས་སེམས་སྒོ་རྩིས་ཚོང་ཁང”བསྐྲུན་ཞིང་། སྡེ་སྡོདདམངས་ཀྱི་ཆ་བསགས་ཡིག་ཚགས་དང་བྱ་དགའ་དང་ཆད་གཅོད་བྱེད་ཐབས་བཙུགས་ཏེ།“རྩ་འཛུགས་སྐུལ་སློང་དང་ཏང་ཡོན་སྐུལ་ཁྲིད། ཆ་བསགས་འདེད་སྐུལ་དང་མང་ཚོགས་རང་འགུལ་བཅས་ཀྱི་བཅོས་སྐྱོང་རྣམ་པ་གསར་པ་ཆགས་པར་བྱས་ཏེ།དཔལ་ཡོན་གྱིསྲོལ་གསརདར་སྲོལ་ཞིག་ཏུ་འགྱུར་བར་སྐུལ་འདེད་བཏང་