ཀྲང་ཆི་ཧྥེང་གཡི་དཀར་འོམ་ལུང་ཡུལ་ཚོ་ཕྱོགས་བསྡུས་རྒན་གསོ་ཞབས་ཞུ་ལྟེ་གནས་སུ་བསྐྱོད་དེ་བྱ་བར་རྟོག་ཞིབ་གནང་།
发布时间:2025年10月20日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

    ཟླ10 འི་ཚེས 15 ཉིན།རྫོང་ཨུའི་ཧྲུའུ་ཅི་གཞོན་པརྫོང་དཔོན་ཀྲང་ཆི་ཧྥེང་གཡི་དཀར་འོམ་ལུང་ཡུལ་ཚོ་ཕྱོགས་བསྡུས་རྒན་གསོ་ཞབས་ཞུ་ལྟེ་གནས་སུ་བསྐྱོད་དེ་རྣམ་གྲངས་འཛུགས་སྐྲུན་དང་ལས་གཉེར་གྲ་སྒྲིག་སོགས་ཀྱི་གནས་ཚུལ་ལ་ལྟ་སྐུལ་མཛུབ་ཁྲིད་གནང་། རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་མྰ་ཧྲིན་ལེན་དང་།གཡི་དཀར་འོམ་ལུང་ཡུལ་ཚོ་ཏང་ཨུ་དང་རྫོང་ནོར་སྲིད་ཅུ།རྫོང་དམངས་སྲིད་ཅུ།རྫོང་སྡོད་ཁང་མཁར་ཤང་འཛུགས་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུསོགས་ཀྱི་འགན་འཁུར་བློ་མཐུན་རྟོག་ཞིབ་ནང་ཞུགས་ཡོད

       ཀྲང་ཆི་ཧྥེང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་རྒྱུན་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་ཀྱི་གནད་དོན་གཅིག་སྡུད་ལེགས་བཅོས་ལས་འགུལ་གོ་སྐབས་སུ་བརྩིས་ནས་ཏན་ཏིག་སྒོས་རྒན་གསོ་ཁང་དེ་དམངས་སེམས་དྲོ་བའི་དམངས་ཚིས་ལས་གཞི་ཞིག་ཏུ་བསྐྲུན་དགོས་པ་ནན་གྱིས་བསྟན། གཅིག་ནི་མཇུག་བསྡུའི་ལས་དོན་ཏན་ཏིག་ངང་ཡག་པོ་བསྒྲུབ་དགོས། གཉིས་ནི་ཞབས་ཞུ་ལས་གཉེར་མགྱོགས་མྱུར་ངང་སྤེལ་དགོས། གསུམ་ནི་སྡེ་ཁག་གི་མཐུན་སྦྱོར་གཞོགས་འདེགས་ལ་ཤུགས་སྣོན་རྒྱག་དགོས་པའི་བླང་བྱ་བཏོན།

        རྟོག་ཞིབ་མཇུག་བསྒྲིལ་རྗེས། “1+10”གཞི་རིམ་དང་འབྲེལ་གཏུག་བྱེད་པའི་མང་ཚོགས་ལ་ཞབས་འདེགས་ཞུ་བའི་ལམ་སྲོལ་གཞིར་བཟུང་སྟེ། ཀྲང་ཆི་ཧྥེང་རྐང་ཚ་གོང་མ་སྡེ་བར་བསྐྱོད་དེ་མཉམ་འབྲེལ་ཁྱིམ་ཚང་ལ་འཚམས་འདྲི་ཞུས་ཤིང་།འཚམས་འདྲི་དངོས་པོ་དང་འཚམས་འདྲི་མ་དངུལ་བྱིན་པ་དང་།ཁོ་ཚོའི་ལུས་ཁམས་བདེ་ཐང་གནས་ཚུལ་དང་ཁྱིམ་ཚང་གི་དཔལ་འབྱོར་ཡོང་ཁུངས།ལོ་རེའི་ཡོང་འབབ་གནས་ཚུལ།དེ་བཞིན་མིག་སྔར་འཕྲད་པའི་དོན་དངོས་དཀའ་ངལ་བཅས་ལ་འདྲི་རྩད་ཞིབ་ཕྲ་བྱས་པ་མ་ཟད།ཁོ་ཚོའི་ཡིད་ཆེས་བརྟན་པོར་སྐུལ་སློང་བྱས་ནས་ཏང་དང་སྲིད་གཞུང་གི་སྲིད་ཇུས་རོགས་སྐྱོར་འོག་དཀའ་སྤྱད་ངལ་རྩོལ་ལ་བརྟེན་ནས་འཚོ་བ་ཉིན་རེ་ལས་ཉིན་རེར་ཇེ་བཟང་དུ་གཏོང་རྒྱུ།དེ་དང་ཆབས་ཅིག་ཀྲང་ཆི་ཧྥེང་གིས་ད་དུང་མཉམ་དུ་བསྐྱོད་པའི་གྲོང་གསེབ་ཀྱི་ལས་བྱེད་པར་དུས་དང་རྣམ་པ་ཀུན་ཏུ་མང་ཚོགས་ཀྱི་བདེ་སྡུག་སེམས་ལ་བཟུང་སྟེ།རང་རྟོགས་ངང་གཞི་རིམ་དུ་ཟབ་ཞུགས་བྱས་ནས་མང་ཚོགས་ཀྱི་ཉེ་སར་བཅར་ཏེ།ཕྱོགས་ཡོངས་ནས་མང་ཚོགས་ཀྱི་བསམ་ཚུལ་དང་རེ་འདུན་ཁོང་དུ་ཆུད་པ་དང་།དམངས་ཕན་སྲིད་ཇུས་སྣ་ཚོགས་གནད་ལ་འཁེལ་བའི་སྒོ་ནས་དོན་འཁྱོལ་བྱས་ཏེ།སྟོབས་ཤུགས་གཅིག་སྒྲིལ་གྱིས་བརྟེན་ནས་མང་ཚོགས་ཀྱི་དཀའ་ངལ་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་མང་ཚོགས་ཀྱི་ཐོབ་སྣང་དང་སྐྱིད་སྣང།བདེ་སྣང་བཅས་རྒྱུན་ཆད་མེད་པར་ཇེ་དྲག་ཏུ་གཏོང་དགོས་པ་ནན་གྱིས་གདམས་སོ།།