རྐང་ཚ་རྫོང་གིས་རྫོང་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི(རྒྱ་བསྐྱེད)སློབ་སྦྱོང་ཚོགས་འདུ་དང་མི་ཐབས་རིག་ནུས་ཤེས་བྱའི་ཆེད་དོན་འཆད་ཁྲིད་བསྡུས།
发布时间:2025年10月21日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 


    ཟླ10འི་ཚེས16ཉིན། རྐང་ཚ་རྫོང་གིས་རྫོང་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི(རྒྱ་བསྐྱེད)སློབ་སྦྱོང་ཚོགས་འདུ་དང་མི་ཐབས་རིག་ནུས་ཤེས་བྱའི་ཆེད་དོན་འཆད་ཁྲིད་བསྡུས་པ་དང་། འཆད་ཁྲིད་དེ་རྫོང་ཨུའི་རྒྱུན་ཨུ་དང་དྲིལ་བསྒྲགས་པུའི་པུ་ཀྲང་།རྫོང་སྤྱི་ཁྱབ་བཟོ་ཚོགས་དང་གུང་གཞོན་ཚོགས་པ།བུད་མེད་མཉམ་འབྲེལ་ལྷན་ཚོགས་ཀྱི་ཏང་ཙུའུ་ཡི་ཧྲུའུ་ཅི་སྐལ་བཟང་སྒྲོལ་མས་གཙོ་སྐྱོང་གནང་བ་དང་།མཚོ་སྔོན་སློབ་ཆེན་ཚན་རིག་ཞིབ་འཇུག་གླིང་གི་མགོ་འཛིན་གཞོན་པ།འབུམ་རམས་སློབ་མའི་དགེ་རྒན་ཆེན་མོ་ཚའོ་ཐིན་ཧྥེ་གདན་འདྲེན་ཞུས་ནས་གཙོ་ཁྲིད་གནང་། རྫོང་ཨུའི་རིགས་གཞུང་སློབ་སྦྱོང་ལྟེ་གནས་ཚན་ཆུང་གི་ཁོངས་མི་སོ་སོ་དང་། རྫོང་ཡོངས་ཀྱི་ཁའོ་རིམ་པ་གཞོན་པ་དེ་བཞིན་ཡན་ཆད་ཀྱི་མགོ་ཁྲིད་ལས་བྱེད་པ(མགོ་ཁྲིད་མིན་པའི་འགན་གཉེར་འདུ)དང་རྫོང་ཨུའི་གཞུང་ལས་ཁང་།རྫོང་སྲིད་གཞུང་གཞུང་ལས་ཁང་གི་ལས་བྱེད་པ་དང་ལས་བཟོ་བ་ཚང་མ་སློབ་སྦྱོང་ལ་ཞུགས་ཡོད

图片

      གྲོས་ཚོགས་སུ་དགེ་རྒན་ཆེན་མོ་ཚའོ་ཐིན་ཧྥེ་ཡིས་རང་རེའི་རྫོང་གི་དཔལ་འབྱོར་དང་སྤྱི་ཚོགས་ལས་དོན་ཁག་གི་འཕེལ་རྒྱས་ཀྱི་གནས་ཚུལ་དོན་དངོས་དང་མདུན་ལྗོངས་ལ་ཟུང་འབྲེལ་དམ་ཟབ་བྱས་ཏེ། “མི་ཐབས་རིག་ནུས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་ནུས་པ་སྩོལ”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ཆེད་དོན་འཆད་ཁྲིད་གནང་བ་དང་།ཕྲ་ཞིང་ཞིབ་པའི་གཞི་གྲངས་དང་གསོན་ཉམས་ལྡན་པའི་གྱོད་དཔེ་བཀོལ་སྤྱོད་བྱས་ཏེ་མི་ཐབས་རིག་ནུས་དེ་ཐོན་སྐྱེད་ནུས་ཤུགས་གསར་པའི་སྒུལ་ཤུགས་སུ་གྱུར་བར་་དབྱེ་ཞིབ་གཏིང་ཟབ་བྱས།འཆད་ཁྲིད་དུDeepSeeKསོགས་ཉེར་སྤྱོད་ཡོ་བྱད་དབྱེ་ཞིབ་བྱས་པ་མ་ཟད།ཐོན་ལས་རིམ་སྤར་དང་དམངས་འཚོ་ཞབས་ཞུ་སོགས་ཁྱབ་ཁོངས་སོ་སོའི་རིག་ནུས་ཅན་དུ་བསྒྱུར་བའི་སྤྱོད་འཐུས་ཐབས་ལམ་དམིགས་སུ་བཀར་ནས་འགྲེལ་བཤད་བྱས་ཏེ་རྫོང་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པས་དུས་རབས་གསར་པའི་རྒྱབ་ལྗོངས་འོག་ཚན་རྩལ་གྱི་གོ་སྐབས་དམ་འཛིན་དང་མཆོང་སྐྱོད་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་རིག་ལམ་གྱི་སྒོ་མོར་དཔྱད་གཞི་རྩ་ཆེན་མཁོ་འདོན་བྱས་ཡོད།  

图片

       གྲོས་ཚོགས་ཀྱིས་བསྟན་དོན།ཆེད་དོན་འཆད་ཁྲིད་མ་ལག་གིས་མི་ཐབས་རིག་ནུས་ཀྱི་འཕེལ་རྒྱས་བརྒྱུད་རིམ་གསེད་བཀྲོལ་བྱས་པ་དང་།དེའི་ལག་རྩལ་དང་མ་འོངས་པའི་མདུན་ལྗོངས་རྒྱས་བཤད་གཏིང་ཟབ་བྱས་ནས།ནང་དོན་ཕུན་སུམ་ཚོགས་ཤིང་གསལ་བཤད་གནད་ལ་འཁེལ་བས་བློ་སྒོ་འབྱེད་པའི་རང་བཞིན་ཆེན་པོ་ལྡན།སྙན་ཞུར་རིགས་གཞུང་གི་ཚད་མཐོ་དང་ལག་ལེན་གྱི་རིན་ཐང་ལྡན་ཞིང་།མཛུབ་ཁྲིད་ཀྱི་དོན་སྙིང་གལ་ཆེན་མངའ་བས་ཚོགས་ཞུགས་མི་སྣས་མི་ཐབས་རིག་ནུས་ཀྱི་འབྲེལ་ཡོད་ཤེས་བྱར་གོ་བ་ཟབ་མོ་ལེན་པ་དང་སྦྱངས་པ་གོ་ཆོད་བྱ་རྒྱུ།

图片

图片

图片

     གྲོས་ཚོགས་ནས་ནན་གྱིས་བསྟན་དོན།རྫོང་ཨུའི་དམིགས་དོན་དགོ་བ་གཏིང་ཟབ་ལེན་པ་དང་བསམ་བློའི་ངོས་འཛིན་གཅིག་མཐུན་ཡོང་བར་བྱ་དགོས། སློབ་སྦྱོང་གི་གྲུབ་འབྲས་སྒྱུར་བར་ཤུགས་སྣོན་བརྒྱབ་ནས་ལག་ལེན་བཀོལ་སྤྱོད་ལ་སྐུལ་འདེད་གཏོང་དགོས། རང་འགུལ་ངང་དགེ་མཚན་ལྡན་པའི་བྱས་རྗེས་འགན་དུ་བླངས་ནས་གསར་གཏོད་ཀྱི་སྐྱེ་ཁམས་བསྐྲུན་དགོས།