སློབ་མ་གསར་པ40ཕུགས་འདུན་གཉེར་བའི་ན་ཆུང་གདོང་ལེན་པར་གྱུར།
发布时间:2025年10月27日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

དཔལ་དགེ་གྲོང་རྡལ་མི་རིགས་བཅའ་སྡོད་སློབ་ཆུང་གིས་རུ་ཁག་ཏུ་ཞུགས་པའི་མཛད་སྒོར་གདོང་ལེན་པའི་འགན་འཁུར་ཕོད་པའི་སྣང་བརྙན་མངོན་པར་བྱས

     མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་དཔལ་དགེ་གྲོང་རྡལ་མི་རིགས་བཅའ་སྡོད་སློབ་ཆུང་གི་སྐས་རིམ་སློབ་ཁང་དུ“རྒྱལ་ཁབ་སྟོབས་ལྡན་བསྐྱར་དར་ལ་ང་རང་ཡོདདུས་རབས་གསར་པའི་ན་ཆུང་བཟང་པོབརྩོན་ལེན་བྱེད”ཅེས་པའི་སློབ་གྲོགས་གསར་པ་རུ་ཁག་ཏུ་ཞུགས་པའི་མཛད་སྒོ་འཚོགས་པ་དང་ཐེངས་འདིའི་བྱེད་སྒོར་ཁྱོན་བསྡོམས་སློབ་མགསར་པ40གདོང་ལེན་རུ་ཁག་གི་རྩ་འཛུགས་ལ་ཞུགས།    མཛད་སྒོ་དེ་གཟབ་ནན་གྱི“དར་ཆ་བསྒྲེངས་པ་དང་གུས་འདུད་ཞུ་བཡི་ལས་རིམ་ནས་གོ་ཚུགས་ཤིང་།སྤྲོ་སེམས་འཁོལ་བས་དར་ཆ་བསྒྲེངས་པའི་རོལ་དབྱངས་དང་ཆབས་ཅིག་རུ་དཔུང་གི་དར་སྒྲེང་མཁན་དང་དར་སྲུང་མཁན་གྱི་སྲུང་སྐྱེལ་འོག་ཚོགས་ཞུགས་ཡོངས་ཀྱིས་གུས་འདུད་བགྱིས།དེ་རྗེས་རྒྱལ་དར་བསྒྲེས་པ་དང་རྒྱལ་གླུ་ལེན་པའི་ཁྲོད་དགེ་སློབ་ཀྱི་རྒྱལ་གཅེས་བརྩེ་སེམས་མངོན།རྒྱལ་གླུ་ཚར་རྗེསཀྲུང་གོའི་ན་ཆུང་གདོང་ལེན་རུ་ཁག་གི་རུ་གླུགྲགས་ཞིང་ན་ཆུང་གདོང་ལེན་རུ་མི་ཚོས་སྤྲོ་སེམས་ཆེན་པོའི་སྒོ་ནས་རུ་གླུ་བླངས་ཏེ་དུས་རབས་གསར་པའི་ན་ཆུངདག་གི་བསམ་པའི་སྟོབས་ཤུགས་མངོན།

    རུ་མི་གསར་པས་རུ་ཁག་གི་དར་ཆ་དང་དར་སྲུང་མཁན་གྱི་བདེན་དཔང་འོག ཟུར་ཁྲིད་པས་ཁུ་ཚུར་གཡས་པ་མཐོན་པོར་བསྒྲེངས་ནས་བརྗིད་ཉམས་ལྡན་པའི་དམ་བཅའ་བཞག་སྟེ་ན་ཆུང་གདོང་ལེན་རུ་མི་ཞིག་ཏུ་གྱུར་པའི་སྤོབས་པ་དང་འགན་འཁྲི་མངོན་ཡོད།དམ་བཅའ་བཞག་རྗེསརུ་མི་རྒན་པའི་འཐུས་ཚབ་ཀྱིས་གཏམ་བཤད་གནང་སྟེ་ན་ཆུང་གདོང་ལེན་རུ་མིའི་འཚར་ལོངས་ཀྱི་མྱོང་ཚོར་མཉམ་སྤྱོད་བྱས་པ་མ་ཟད།རུ་མི་གསར་པར་ལྷག་བསམ་ཟོལ་མེད་ཀྱི་སྨོན་འདུན་དང་རེ་སྒུག་བླ་ན་མེད་པ་བྱས།དེ་རྗེས་རུ་ཁག་གི་ཟུར་ཁྲིད་པས་གསུང་བཤད་གནང་སྟེ། ན་ཆུང་གདོང་ལེན་རུ་ཁག་གི་རྩ་འཛུགས་ཀྱི་ངོ་བོ་དང་ལས་འགན་ལ་འགྲེལ་བཤད་གནང་བ་དང་རུ་མི་ཡོངས་ཀྱིས་བྱ་སྤྱོད་དངོས་ལ་བརྟེན་ནས“ན་ཆུང་བཟང་པོའི”ཚད་གཞི་ལག་བསྟར་བྱེད་རྒྱུར་སྐུལ་ལྕག་ཀྱང་གནང་། སློབ་གཙོས་ཏང་གི་བླང་བྱ་དང་སློབ་གྲྭའི་མི་གཤིས་གསོ་སྐྱོང་གི་དམིགས་འབེན་དང་ཟུང་འབྲེལ་བྱས་ནས་རུ་མི་ཚོར་ཀུན་སྤྱོད་དང་ཤེས་རིག ལུས་རྩལ། མཛེས་དཔྱོད་བཅས་ཕྱོགས་གང་ཅིའི་ཐད་ཕྱོགས་ཡོངས་ནས་འཕེལ་རྒྱས་བཏང་སྟེ་གུང་ཁྲན་རིང་ལུགས་ཀྱི་བྱ་གཞག་གི་རྒྱུན་འཛིན་པར་འགྱུར་འི་སེམས་ཐག་གཅོད་དགོས་པའི་བཀའ་བརྡ་གནང་། ཐེངས་འདིའི་སློབ་མ་གསར་པ་རུ་ཁག་ཏུ་ཞུགས་པའི་མཛད་སྒོ་དེས་སློབ་གྲྭའི་ན་ཆུང་གདོང་ལེན་རུ་ཁག་ལ་སྒུལ་ཤུགས་གསར་བ་བསྩལ་པར་མ་ཟད། ན་ཆུང་གདོང་ལེན་རུ་ཁག་ཡོངས་ཀྱིས་རྩ་འཛུགས་ཀྱི་གཟི་བརྗིད་དང་འགན་འཁྲི་སྔར་ས་ཤེས་རྟོགས་གཏིང་ཟབ་བྱུང་ཡོད། རྗེས་མར་དཔལ་དགེ་གྲོང་རྡལ་མི་རིགས་བཅའ་སྡོད་སློབ་ཆུང་གིས་མུ་མཐུད་ན་ཆུང་གདོང་ལེན་རུ་ཁག་གི་བྱེད་སྒོ་གཞི་རྟེན་དུ་བྱས་ཏེ་རྒྱ་ཆེའི་་ཆུང་བྱིས་པ་རྣམས་ཀྱིས་ཏང་གི་བཀའ་ལ་ཉན་པ་དང་ཏང་གི་རྗེས་སུ་འབྲང་པར་ཁྲིད་སྟོན་བྱས་ཏེ་མེས་རྒྱལ་ལ་དགའ་ཞེན་དང་སློབ་སྦྱོང་ལ་ཧུར་བརྩོན། བདེ་སྐྱིད་ངང་འཚར་ལོངས་ཡོང་བ་བཅས་ཀྱི་ཁྲོད་མི་རིགས་བསྐྱར་དར་གྱི་ལས་འགན་ཆེན་པོ་ཕྲག་ཏུ་འཁུར་བའི་དུས་རབས་གསར་པའི་ན་ཆུང་བཟང་པོ་ཞིག་ཏུ་འགྱུར་བར་མཛུབ་སྟོན་གནང་།