རྐང་ཚས་སྒོར་ཁྲི1300ཡི“བདེ་འཇགས་དྲ་བས”དགེ་སློབ་སྟོང་ཕྲག་ལ་ཕན་ཁེ་བསྐྲུན།
རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།
ཉེ་ཆར་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་སློབ་གྲྭ་ཆུང་འབྲིང(བྱིས་བཅོལ་ཁང)གི་མེ་གསོད་ཀྱི“མེད་པ་གཉིས”(རྩིས་ལེན་བྱས་མེད་པ་དང་འཐུས་ཚང་བྱས་མེད་པ)མཐོར་འདེགས་སྒྱུར་བཅོས་རྣམ་གྲངས་བདེ་བླག་ངང་རྩིས་ལེན་བྱས་ཏེ།《དམིགས་བསལ་འཛུགས་སྐྲུན་ལས་གཞི་མེ་གསོད་རྩིས་ལེན་ཚད་མཐུན་བསམ་འཆར་ཡི་གེ》ཐོབ་པ་ནི་དམངས་ཚིས་མ་དངུལ་སྒོར་ཁྲི1300གནད་ལ་འཁེལ་བའི་ལག་བསྟར་བྱས་པ་མཚོན་པ་མ་ཟད།རྫོང་ཡོངས་ཀྱི་དགེ་སློབ་སྟོང་ཕྲག་ལྷག་གི་སློབ་སྦྱོང་དང་འཚོ་བར་བདེ་འཇགས་འགན་སྲུང་སྔར་ལས་བརྟན་པོ་ཡོད་པ་མཚོན།འདི་ནི་རྐང་ཚ་རྫོང་གིས“སློབ་གྲྭའི་བདེ་འཇགས”དེ་སློབ་གསོའི་དམངས་ཚིས་དོན་ཆེན་དུ་བརྩིས་ཏེ་དམ་འཛིན་བྱས་པའི་གསོན་ཉམས་ལྡན་པའི་ལག་ལེན་ཞིག་ཡིན།
སློབ་གསོའི་ཁྱབ་ཁོངས་ཀྱི་མེ་གསོད་བདེ་འཇགས་ཀྱི“ཞན་ཆ་གསབ་པའི”གཙོ་གནད་རྣམ་གྲངས་ཤིག་ཡིན་པའི་ངོས་ནས།ཐེངས་འདིའི་སྒྱུར་བཅོས“ཁང་པའི་ཕྱི་ནང་ཡོངས་སུ་ཁྱབ་པ་དང་གནད་དོན་རྙིང་པ་ཡོངས་སུ་གཙང་སེལ”མངོན་འགྱུར་བྱུང་སྟེ། སློབ་གྲྭ5ཡི་ཁང་ཕྱིའི་མེ་གསོད་ཆུ་རྫིང་དང་། འཕེན་ཁང་དང་སྦུག་ལམ་བཅས་གསར་དུ་བསྐྲུན་པ་དང་། སྤྱིའི་རྒྱ་ཁྱོན་སྨི་གྲུ་བཞི་མ1148.18ཟིན། སློབ་གྲྭ10ཡི་ཁང་ནང་སྒྲིག་བཀོད་ཁྱོན་ཡོངས་ནས་རིམ་སྤོར་དང་། མེ་གསོད་ཆུ་སྒོ་རྙིང་པ་བརྗེ་བ།འཕྲལ་བསྟུན་གློག་སྒྲོན་དང་ཁ་འགྲེམ་བརྡ་རྟགས་མང་དུ་གཏོང་བ།མེ་གསོད་ཆས་གསར་བརྗེ་བཅས་བྱས་པ་མ་ཟད། མེ་གསོད་ས་ཚིགས་ཆུང་གྲས་ཡོངས་སུ་བསྐྲུན་ནས་ལོ་རྒྱུས་ཤུལ་ལུས་མེ་གསོད“མེད་པ་གཉིས”ཀྱི་གནད་དོན་རྩ་བ་ནས་ཐག་གཅོད་བྱས།
“ད་ལྟ་སློབ་ཁང་གི་སྒོ་འགྲམ་དུ་ཁ་འགྲེམ་བརྡ་རྟགས་གསལ་པོར་མངོན་ལ་ལུས་རྩལ་ར་བའི་འགྲམ་དུ་མེ་གསོད་ཆུ་རྫིང་མང་པོ་ཡོད་པས་ང་ཚོ་སློབ་གྲྭར་འགྲོ་དུས་སྔར་ལས་བདེ་འཇགས་རེད”ཅེས་རྐང་ཚ་རྫོང་མི་རིགས་བཅའ་སྡོད་དམའ་རིམ་སློབ་འབྲིང་གི་སློབ་མའི་སྐད་ཆ་ལས་རྣམ་གྲངས་ཀྱི་དམངས་ཚིས་དྲོད་ཁོལ་མངོན་ཡོང་། སྒྱུར་བཅོས་བྱས་རྗེས་སློབ་གྲྭ་ཚང་མའི་མེ་གསོད་བགྲོད་ལམ་ཤར་གཏོང་ཐུབ་པར་རྒྱུན་འཁྱོངས་དང་གློག་དབུགས་སྐུད་ལམ་ཚད་ལྡན་དུ་བཏང་བས། “སྒྲིག་བཀོད་འཐུས་ཚང་དང་དོ་དམ་དོན་འཁྱོལ། འཕྲལ་བསྟུན་ནུས་མཐོ”བཅས་ཀྱི་ལངས་གཟུགས་ཅན་གྱི་འགོག་སྲུང་མ་ལག་གྲུབ་པ་ནི་སྲ་ཆས་རིམ་སྤོར་བྱས་པ་མ་ཟད།“བདེ་འཇགས་ཀྱི་ཁོར་ཡུག་ཁྲོད་དུ་བྱིས་པ་རེ་རེ་འཚར་ལོངས་འབྱུང་རྒྱུ”ཞེས་པའི་དམངས་ཚིས་ཁས་ལེན་མངོན་འགྱུར་བྱུང་བ་ཞིག་ཀྱང་ཡིན།
ད་རག་བར་དུ་རྐང་ཚ་རྫོང་གིས་མང་ཚོགས་ཀྱིས་དོ་ཁུར་བྱེད་པའི་སློབ་གྲྭའི་བདེ་འཇགས་གནད་དོན་ལ་དམིགས་ཏེ། མེ་གསོད་ཀྱི“མེད་པ་གཉིས”སྒྲིག་བཅོས་དེ་དམངས་ཚིས་དོན་དངོས་སུ་བརྩིས་ཏེ་དམ་འཛིན་བྱེད་པ་དང་། གནད་ལ་འཁེལ་བའི་ཐབས་ཇུས་ལག་བསྟར་དང་ནུས་ཆོད་མཐོ་བའི་སྐུལ་འདེད་གཏོང་བ་བརྒྱུད་དེ། “བདེ་འཇགས་སློབ་གྲྭ”དེ་ཁས་ལེན་ནས་དོན་དངོས་སུ་བསྒྱུར་ཡོད། ད་ལྟ་རྩིས་ལེན་ཚད་མཐུན་གྱི་སློབ་གྲྭའི་ནང་བདེ་འཇགས་ཀྱི་རྐང་ཚུགས་པ་འདིས་རྐང་ཚ་རྫོང་གི་སློབ་གསོའི་ལས་དོན་བདེ་འཇགས་ངང་འཕེལ་རྒྱས་འགྲོ་བར་རྨང་གཞི་བརྟན་པོ་བཏིང་ཡོད་པ་མ་ཟད།དམངས་ཚིས་སློབ་གསོའི“བདེ་སྐྱིད་ཀྱི་རྨང་གཞི”སྔར་ལས་གསལ་པོར་མངོན་ཡོད།