ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་རྐང་ཚ་རྫོང་སྤྱི་བདེ་ཅུར་ཕེབས་ནས་བྱ་བར་བརྟག་ཞིབ་དང་མཛུབ་སྟོན་གནང་།
发布时间:2025年10月30日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

  ཟླ10འི་ཚེས28ཉིན། ཁུལ་ཨུའི་ཧྲུའུ་ཅི་ཤ་བོ་སྐྱབས་འཁོར་དང་བཅས་པ་རྐང་ཚ་རྫོང་སྤྱི་བདེ་ཅུར་ཕེབས་ནས་བྱ་བར་བརྟག་ཞིབ་དང་མཛུབ་སྟོན་གནང་ལ། ཁུལ་སྲིད་གཞུང་གི་ཁུལ་དཔོན་གཞོན་པ་ཀརྨ་ཚེ་རིང་དང་རྫོང་ཨུའི་ཧྲུའུ་ཅི་ལི་ཝུན་ལིན། རྫོང་ཨུའི་ཧྲུའུ་ཅི་གཞོན་པ།རྫོང་དཔོན་ཀྲང་ཆི་ཧྥེང་སོགས་མགོ་ཁྲིད་ཀྱིས་ཕེབས་རོགས་བྱས།    

      རྫོང་སྤྱི་བདེ་ཅུ་གསང་འཕྲིན་བཀོད་འདོམས་ལྟེ་གནས་སུ་ཤ་བོ་སྐྱབས་ཀྱིས་རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ།རྫོང་སྤྱི་བདེ་ཅུ་ཏང་ཨུའི་ཧྲུའུ་ཅི།ཅུ་ཀྲང་ཉི་ཚེ་རིང་གིས་སྤྱི་བདེ་ལས་ཁུངས་ཀྱིས་སྤྱི་ཚོགས་བརྟན་འཇགས་སྲུང་སྐྱོང་དང་ཁྲིམས་འགལ་ཉེས་གསོག་ལ་རྡུང་རྡེག གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག་སོགས་ཀྱི་ལས་དོན་སྤེལ་བའི་གནས་ཚུལ་སྐོར་གྱི་སྙན་སེང་ཞུས་པ་ཉན་རྗེས། མིག་སྔའི་ལས་དོན་སྣ་ཚོགས་ཀྱི་ཕན་ནུས་ལ་ཁས་ལེན་གང་ལེགས་བྱས་པ་དང་ལྷག་པར་གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་སྔོན་འགོག་གི“ཉིན་བརྒྱའི་ལས་འགུལ”ཐད་བཏོན་པའི་ལས་ཀའི་བྱེད་ཐབས་བརྒྱད་ལ་ཁས་ལེན་བྱས་པ་རེད། ཁོང་གིས་ད་ལོའི་ཚུན་དུ་རྐང་ཚ་རྫོང་སྤྱི་བདེ་ཅུ་ཏང་ཨུས་རྫོང་ཨུ་དང་རྫོང་སྲིད་གཞུང་།གོང་རིམ་སྤྱི་བདེ་ལས་ཁུངས་བཅས་ཀྱི་ཡང་དག་པའི་འགོ་ཁྲིད་འོག་ཏུ་ལས་ཀའི་བསམ་ཕྱོགས་གསལ་པོ་དང་བྱེད་ཐབས་དངོས་གཉེར།  དོན་དངོས་ལ་མཐུན་པ། ཕན་འབྲས་གཟེངས་སུ་ཐོན་པ་བསྟན་པ་དང་ཆབས་ཅིག་ལས་ཀའི་ཞན་ཆ་ཡང་གསལ་སྟོན་བྱས་པ་སྟེ།འགལ་བའི་རྩོད་གཞི་ཞིབ་བཤེར་འདུམ་སྒྲིག་དུས་ལྟར་མི་བྱེད་པ་དང་འགྲིམ་འགྲུལ་དོན་རྐྱེན་གྱི་གནད་དོན་ཤན་ཤུགས་མངོན་གསལ་དོད་པོ་ཡིན་པ།དེའི་ཁར་མཚོ་སྐོར་གཞུང་ལམ་གྱི་རིམ་སྤར་ཨར་ལས་བྱེད་འགོ་ཚུགས་པ། འགྲིམ་འགྲུལ་དོ་དམ་ཚོད་འཛིན་ལ་ཚོད་བགམ་ཆེན་པོ་འཕྲད་ཡོད་པ་མ་ཟད། འགྲོ་ལམ་བདེ་འཇགས་འགོག་སྲུང་གི་སྒྲིག་བཀོད་ཞན་པ་དང་ཉེན་བརྡའི་གློག་སྒྲོན་གྱི་གྲངས་འབོར་མི་འདང་པས།  ཉེ་འཁོར་གྱི་ས་ཁུལ་དང་བསྡུར་ན་ཧེ་བག་མངོན་གསལ་ཡོད་པ་སོགས་ཀྱི་ཐད་ལ་མཛུབ་སྟོན་རང་བཞིན་གྱི་བསམ་འཆར་དང་གྲོས་གཞི་བཏོན་ཡོད།

     ཤ་བོ་སྐྱབས་ཀྱིས་གཅིག་ནི་འགལ་བའི་རྩོད་གཞི་ལ་ཞིབ་བཤེརདོན་དངོསབྱེད་དགོས། རྫོང་སྤྱི་བདེ་ཅུས་མངའ་ཁོངས་ཀྱི་ཡུལ་ཚོ་དང་གྲོང་རྡལ། ཁྲིམས་འཛིན་སོགས་སྡེ་ཁག་དང་མཐུན་སྦྱོར་མཉམ་འགུལ་ལ་ཤུགས་སྣོན་བརྒྱབ་སྟེ་ཞིབ་བཤེར་བྱེད་ཤུགས་ཇེ་ཆེར་གཏོང་བ་དང་། ལས་ཀའི་བྱེད་ཐབས་ཞིབ་ཕྲ་བཟོས་ཏེ་གཉེན་སྒྲིག་ཁྱིམ་ཚང་གི་རྩོད་གཞི་ལས“དམངས་དོན་ཉེས་དོན་ལ་བསྒྱུར་བའི”གྱོད་དོན་བྱུང་བར་མགོ་ཁུངས་ནས་གཏན་འགོག་བྱ་དགོས། གཉིས་ནི་འགྲིམ་འགྲུལ་བདེ་འཇགས་ལ་ཚོད་འཛིན“གཟབ་ནན”བྱེད་དགོས འགྲིམ་འགྲུལ་གྱི་ཁྲིམས་འགལ་བྱ་སྤྱོད་གཙོ་བོར་ཞིབ་བཤེར་ནན་མོ་བྱེད་དགོས་ལ། “རྨོག་ཞྭ་གཅིག་དང་སྐྱོབ་ཐག་གཅིག”སོགས་འགྲིམ་འགྲུལ་ཆུང་གྲས་ཀྱི་ཁྲིམས་འགལ་ཡང་ལམ་བཤེར་གྱི་ངེས་པར་ཞིབ་བཤེར་བྱེད་དགོས་པའི་རྣམ་གྲངས་ནང་བཅུག་ནས་ཆད་གཅོད་ཚད་གཞི་ལག་བསྟར་ནན་མོ་བྱེད་པ་དང་ཆབས་ཅིག་འགྲིམ་འགྲུལ་ཉེན་བརྡའི་དཔེ་དབྱིབས་ཉེན་རྟོག་པ་དང་ལྡོག་འཕྲོ་ཉེན་བརྡའི་རྟགས་བྱང་།མྱུར་ཚད་དལ་གཏོང་ཁུལ་སོགས་ཀྱི་སྒྲིག་བཀོད་ལ་མ་དངུལ་འཇོག་གྲངས་ཇེ་མང་དུ་བཏང་སྟེ།གཞུང་ལམ་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་འབྱུང་བར་མཐའ་གཅིག་ཏུ་སྔོན་འགོག་བྱ་དགོས།གསུམ་ནི་བདེ་འཇགས་འགོག་སྲུང་ལ་འགན་ལེནམགྱོགས་མྱུརབྱེད་དགོསརྫོང་ཨུདང་རྫོང་སྲིད་གཞུང་གིས་འཕྲལ་མར་ཐོན་ཁུངས་མཐུན་སྦྱོར་བྱས་ཏེརྫོང་སྤྱི་བདེ་ཅུས་བདེ་འཇགས་འགོག་སྲུང་སྒྲིག་ཆས་བཀོད་སྒྲིག་ཇེ་མགྱོགས་སུ་གཏོང་བར་རྒྱབ་སྐྱོར་བྱེད་པ་དང་ཆབས་ཅིག་ཡུལ་སྐོར་བར་རིན་མེད་དུ་ལྡོག་འཕྲོ་སྒྲིག་ཆས་བགོ་འགྲེམས་བྱེད་སྟངས་དཔྱད་གཞིར་བཟུང་ནས་སྐྱེ་ཁམས་དོ་དམ་སྲུང་སྐྱོང་པ་དང་ཁོར་ཡུག་གཙང་བཟོ་པ་སོགས་འཐབ་ཕྱོགས་དང་པོའི་མི་སྣ་ཚང་མར་ལྡོག་འཕྲོ་སྒྲིག་ཆས་བཀོད་སྒྲིག་བྱས་ནས་ལས་སྒྲུབ་བདེ་འཇགས་ལ་འགན་ལེན་ཏན་ཏིག་བྱ་དགོས་པའི་བླང་བྱ་བཏོན།

       རྗེས་མར་རྐང་ཚ་རྫོང་སྤྱི་བདེ་ཅུས་ད་ཐེངས་ཀྱི་བརྟག་ཞིབ་མཛུབ་སྟོན་གོ་སྐབས་སུ་བརྩིས་ཏེ་ཧྲུའུ་ཅི་ཤ་བོ་སྐྱབས་ཀྱིས་བཏོན་པའི་ལས་ཀའི་བླང་བྱ་དོན་འཁྱོལ་ནན་མོ་བྱས་ནས། ད་ཡོད་ཀྱི་གནད་དོན་དང་ཞན་ཆར་དམིགས་ཏེ་གནད་འཁེལ་ཇུས་འདོན་གྱིས་ལས་དོན་འཁྱོལ་ར་སྐུལ་འདེད་གཏོང་བ་དང་།རྒྱ་ཆེའི་མང་ཚོགས་ཀྱི་བདེ་འཇགས་ཚོར་སྣང་ཚིམ་ཚད་སྔར་ས་ཇེ་མཐོར་བཏང་ནས་མངའ་ཁུལ་གྱི་སྤྱི་ཚོགས་བདེ་འཇགས་སྤྱི་ཡོངས་ནས་རྒྱུན་མཐུད་བརྟན་འཇགས་ཡོང་བར་སྲུང་སྐྱོང་ཡག་པོ་བྱ་རྒྱུ