ཀྲང་ཆི་ཧྥེང་གིས་དམངས་ཚིས་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་ལ་བརྟག་ཞིབ་དང་སྐུལ་སྟོན་གནང་།
发布时间:2025年11月05日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།བཤེར་འབེབས། ཚེ་བརྟན་བཀྲ་ཤིས། 

     ཟླ10འི་ཚེས30ཉིན། རྫོང་ཨུའི་ཧྲུའུ་ཅི་གཞོན་པ། རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་ཀྲང་ཆི་ཧྥེང་འོམ་ཆུ་གྲོང་རྡལ་ལྟེ་གནས་བྱིས་བཅོལ་ཁང་དང་བླ་མཚོ་ཆང་ཁང་ཆེན་མོ། ཅིན་ཡན་ཧྥང་སྒོ་རྩིས་ཚོང་ཁང་།འོམ་ཆུ་མི་རིགས་བཅའ་སྡོད་སློབ་ཆུང་།རྒན་པའི་སྤྱི་ཚོགས་ཕན་བདེ་ལྟེ་གནས་བཅས་སུ་བསྐྱོད་དེ་ཐོན་སྐྱེད་བདེ་འཇགས་དང་ཟས་རིགས་བདེ་འཇགས། སློབ་གྲྭའི་དྲོད་ཟས་མཁོ་འདོན། སློབ་ལྭ་དང་སློབ་ཁྲིད་གཞོགས་འདེགས་དཔྱད་གཞིའི་ཡིག་རིགས་མངག་ཉོ།རྒན་གསོཞབས་ཞུའགན་སྲུང་སོགས་ཀྱི་ལས་དོན་ལ་བརྟག་ཞིབ་དང་སྐུལ་སྟོན་གནང་། རྫོང་ཨུའི་རྒྱུན་ཨུ་ཀྲིན་ཝུན་་དང་རྫོང་འཕྲལ་བསྟུན་དོ་དམ།མེ་གསོད་རོགས་སྐྱོཁྲོམ་ར་ལྟ་སྐུལ།སློབ་གསོ།དམངས་སྲིདའཕེལ་རྒྱས་བཅོས་སྒྱུར་བཟོལས་ཆ་འཕྲིན་ཅན་དང་ཚོང་དོན་ཅུའི་འགན་འཁུར་བློ་མཐུན་བརྟག་ཞིབ་ལ་ཞུགས། 

       ཀྲང་ཆི་ཧྥེང་གིས་སློབ་གྲྭའི་བདེ་འཇགས་དང་སློབ་གསོའི་སྤུས་ཚད་ཇེ་མཐོར་གཏོང་ར་དམིགས་ནས་མེ་གསོད་བདེ་འཇགས་དོ་དམ་ལ་ཤུགས་སྣོན་དངདུས་བཅད་ལྟར་མེ་གསོད་གྲབས་སྦྱོང་སྤེལ་བ། ཟས་རིགས་བདེ་འཇགས་ཀྱི་མས་མཐའ་ནན་སྲུང་།སློབ་མའི་སློབ་གྲྭར་འགྲོ་འོང་གི་བགྲོད་ལམ་བདེ་འཇགས་ལ་དོ་ཁུར་བཅས་བྱས་ནས་ནུས་ཤུགས་ཡོད་རྒུས་སློབ་གྲྭའི་བདེ་འཇགས་འགོག་སྲུང་བྱེད་དགོས།སློབ་མའི་ཀུན་སྤྱོད་གོམས་གཤིས་ཚད་ལྡན་དུ་གཏོང་བ་དངསྤྱི་སྐད་བེད་སྤྱོདཁྱབ་གདལ་དུ་གཏོང་བ།སློབ་མར་སེམས་ཁུར་དང་གཅེས་སྐྱོང་བྱེད་པར་ཤུགས་སྣོན་པ། བྱིས་བཅོལ་དགེ་རྒན་ལེགས་སྒྲིག་དང་སྤེལ་རེས་བྱེད་པར་ཤུགས་སྣོན་བཅས་བྱས་ནས་སློབ་ཁྲིད་ཀྱི་སྤུས་ཚད་མུ་མཐུད་ཇེ་མཐོ་གཏོང་དགོས་ཞེས་ནན་གྱི་བསྟནཁེ་ལས་ཀྱིས་ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲི་གཙོ་བོ་ཏན་ཏིག་གིས་བསྒྲུབ་པ་དང་འབྲེལ་ཡོད་སྡེ་ཁག་གིས་ལས་རིགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་ཏེ་ཕྱོགས་ཡོངས་ནས་མེ་གསོད་ཀྱི“ནུས་ཤུགས་བཞི”ཇེ་མཐོར་བཏང་སྟེ།དུས་ལྟར་བདེ་འཇགས་ཀྱི་བྱུར་རྐྱེན་ཞིབ་བཤེར་བཅོས་སྐྱོང་བྱས་ནས་ཐོན་སྐྱེད་བདེ་འཇགས་ཀྱི་གནས་བབ་བརྟན་པོ་ཡོང་བར་ཁག་ཐེག་བྱེད་དགོས་ཞེས་བསྟནམང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་བཅོས་སྐྱོང་སྔར་ས་གཏིང་ཟབ་ཏུ་གཏོང་བ་དང་།གཙོ་གནད་ཁྱབ་ཁོངས་ཀྱི་ཞབས་ཞུ་འགན་སྲུང་དམ་འཛིན་བྱས་ནས་སློབ་གྲྭའི་ཟས་རིགས་བདེ་འཇགས་དང་དྲོད་ཟས་མཁོ་འདོན་བྱེད་ཐབས་དོན་འཁྱོལ་ནན་མོབྱེད་པ་དང་སློབ་གྲྭའི་དཔེ་མཛོད་ཁང་འཛུགས་སྐྲུན་འཐུས་ཚང་དུ་གཏོང་བ་དང་།སློབ་མའི་འཕྲོད་བསྟེན་གོམས་གཤིས་གསོ་སྐྱོང་བྱེད་པ་དང་།སློབ་ལྭ་དང་སློབ་ཁྲིད་གཞོགས་འདེགས་དཔྱད་གཞིའི་ཡིག་རིགས་མངག་ཉོགོ་རིམ་ཚད་ལྡན་དུ་གཏོང་བ་བཅས་བྱ་དགོས།སྒོ་རྩིས་ཚོང་ཁང་གི་ཟས་རིགས་ཉོ་སྒྲུབ་དང་ཉར་འཇོགཕྱིར་འཚོང་བཅས་ཀྱི་ས་རིམ་སོ་སོ་ཚོད་འཛིན་ནན་མོ་བྱས་ནས་མང་ཚོགས་ཀྱི་བཟའ་བཏུང་བདེ་འཇགས་འགན་སྲུང་བྱ་དགོས།རྒན་པའི་སྤྱི་ཚོགས་ཕན་བདེ་ལྟེ་གནས་ཀྱི་ཞབས་ཞུ་ཆུ་ཚད་སྔར་ལས་ཇེ་མཐོར་བཏང་སྟེ་བྱམས་བརྩེ་ལ་བརྟེན་ནས་རྒན་གསོཞབས་ཞུལས་དོན་ཡག་པོ་བསྒྲུབསྟེ་རྒན་་རྣམས་ཀྱི་ཚེ་མཇུག་གི་འཚོ་བ་བདེ་སྐྱིད་ཡོང་བའི་འགན་སྲུང་བྱ་དགོས་པའི་བླང་བྱ་བཏོན།