མེང་ཡུང་ཁྲའོ་ཡིས་ལས་བགོས་ཁྱབ་ཁོངས་ཀྱི་གཙོ་གནད་ལས་དོན་ལ་སྐུལ་སྟོན་དང་བརྟག་ཞིབ་གནང་།
发布时间:2025年11月06日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

    ཟླ11པའི་ཚེས3ཉིན། རྫོང་ཨུའི་ཧྲུའུ་ཅི་གཞོན་པ རྫོང་མི་དམངས་སྲིད་གཞུང་གི་རྫོང་དཔོན་གཞོན་པ་མེང་ཡུང་ཁྲའོ་རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུ དེ་བཞན་ཁ་བགོས་སྡེ་བ་དང་སྡེ་ཁུལ་བཅས་སུ་བསྐྱོད་ནས་ཡུལ་དངོས་ལྟ་ཞིབ་དང་བཞུགས་མོལ་བརྗེ་རེས་སོགས་ཀྱི་བྱ་ཐབས་བརྒྱུད་དེ་ཉེ་དུས་ཀྱི་གཙོ་གནད་ལས་དོན་དོན་འཁྱོལ་བྱས་ཚུལ་ལ་ཆེད་དོན་སྐུལ་སྟོན་དང་བརྟག་ཞིབ་གནང་བ་མ་ཟད། རྗེས་མའི་ལས་དོན་ཐད་བླང་བྱ་བཏོན་པ་རེད། 

         རྫོང་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ཅུར་མེང་ཡུང་ཁྲའོ་ཡིས་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་སྡེ་ཁག་གི་ལས་བྱེད་དང་ལས་བཟོ་བར་བཞུགས་མོལ་བརྗེ་རེས་བྱས་པ་མ་ཟད།ཉེ་དུས་ཀྱི་ཐོན་སྐྱེད་བདེ་འཇགས་དང“མང་ཚོགས་ཉེ་འཁོར་གྱི་རུལ་སུངས”སོགས་གཙོ་གནད་ཁྱབ་ཁོངས་ཀྱི་ལས་དོན་ལ་རྒྱུས་ལོན་ཞིབ་མོ་བྱས་ནས་རྗེས་མའི་གཙོ་གནད་ལས་དོན་ཐད་བྱེ་བྲག་གི་བླང་བྱ་བཏོན།  མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་ལས་དོན་ནི་འཕེལ་རྒྱས་ཀྱི་སྤྱི་ཡོངས་དང་དམངས་འཚོ་བདེ་སྐྱིདསྤྱི་ཚོགས་འཆམ་མཐུན་བརྟན་འཇགས་དང་འབྲེལ་བ་ཡོད་པས་འགན་འཁྲི་ཧ་ཅང་ལྕིགཅིག་ནས་ལས་ཞུགས་བརྟན་པོ་བྱ་རྒྱུ་དེ་གལ་ཆེའི་ནང་གི་འགངས་ཆེན་དུ་བརྩིས་ཏེམཐོ་རིམ་སློབ་གྲྭའི་མཐར་ཕྱིན་སློབ་མ་དང་གླ་རྒྱག་ཞིང་པ།དམག་ཁོངས་ནས་ཕྱིར་བུད་དམག་མི།དཀའ་ངལ་ཅན་གྱི་མི་སྣ་སོགས་གཙོ་གནད་ཚོགས་སྤྱིར་དམིགས་ནས་རོགས་སྐྱོར་སྲིད་ཇུས་སྣ་ཚོགས་དོན་ཐོག་ཏུ་འཁྱོལ་ཏེཧུར་ཐག་གིས་ལས་ཞུགས་ཐབས་ལམ་རྒྱ་ཆེར་བསྐྱེད་དགོས། མུ་མཐུད་དུ“གཏོང་སྤྲོད་དོ་དམ་ཞབས་ཞུ”བསྒྱུར་བཅོས་གཏིང་ཟབ་བྱས་ནས་ལས་སྟེགས་ཀྱི་ཞབས་ཞུའི་སྤུས་ཚད་ཇེ་མཐོར་བཏང་སྟེ།ཞབས་ཞུ་ཨང་ཀི་ཅན་དང་རིག་ནུས་ཅན་དུ་སྒྱུར་བར་སྐུལ་འདེད་བྱས་ཏེ་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་སྔར་ལས་ཇེ་མཐོར་གཏོང་དགོས།གཉིས་ནས་ཐོན་སྐྱེད་བདེ་འཇགས་ཀྱི་གཙོ་བོའི་འགན་འཁྲི་དང་ལས་རིགས་ལྟ་སྐུལ་དོ་དམ་གྱི་འགན་འཁྲི་དོན་འཁྱོལ་ནན་མོ་བྱས་ཏེ།གཙོ་གནད་འདུ་ས་གཙིགས་སུ་བཟུང་ནས་འགན་འཁྲི་ཞིབ་ཕྲ་བྱས་ཏེ་ལས་གནས་དང་མི་ཡི་ཕྲག་ཏུ་དོན་འཁྱོལ་བྱ་དགོས། ཆབས་ཅིག་ཐོན་སྐྱེད་བདེ་འཇགས་ཀྱི་བླང་བྱ་དེ་ལས་བཟོ་དོ་དམ་དང་ལས་ཞུགས་གསོ་སྦྱོང་།ལས་རྨས་འགན་བཅོལ་སོགས་ཀྱི་ལས་དོན་ལ་འདྲེས་ནས་མགོ་ཁུངས་ནས་ལས་འཛོལ་འབྱུང་བར་སྔོན་འགོག་བྱ་དགོས། གསུམ་ནས་ལས་ཞུགས་ཁ་གསབ་དང་སྤྱི་ཚོགས་འགན་སྲུང་ཐེབས་རྩ།གླ་རྒྱག་ཞིང་པའི་གླ་ཕོགས།གསོ་སྦྱོང་ཁ་གསབ་སོགས་ཀྱི་ཁྱབ་ཁོངས་བཅས་ལ་དོ་སྣང་བྱས་ཏེ།“དྲ་སྦྲེལ+མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུངཞབས་ཞུ”གཏིང་ཟབ་ཏུ་གཏོང་བ་དང་ནང་ཁུལ་ཚོད་འཛིན་ལམ་ལུགསའཐུས་ཚང་དུ་གཏོང་བ།ཞབས་ཞུའི་ལས་རིམ་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ།ཆ་འཕྲིན་སྤྱི་བསྒྲགས་ལ་སྐུལ་འདེད་གཏོང་བ་དང་ཞུ་གཏུག་གི་ཐབས་ལམ་ཡངས་པར་ཕྱེ་བ།རང་འགུལ་གྱིས་ལྟ་སྐུལ་དང་ལེན་བྱེད་པ་བཅས་བྱས་ཏེ།དོན་དག་ཆུང་ས་དམ་འཛིན་བྱས་ཏེ་སྔོན་འགོག་བྱ་དགོས་པ་བསྟན།

     འོམ་ཆུ་གྲོང་རྡལ་མཚོ་གསར་སྡེ་བ་དང་མཁར་ནུབ་སྡེ་ཁུལ་དུ་མེང་ཡུང་ཁྲའོ་ཡིས་སྡེ་བ་དང་སྡེ་ཁུལ་འཛུགས་སྐྲུན་གནས་ཚུལ་ལ་ཡུལ་དངོས་ལྟ་ཞིབ་བྱས། གཅིག་ནས་མཁར་གྲོང་སྡོད་དམངས་ཀྱི་གཞི་རྩའི་སྨན་བཅོས་འགན་བཅོལ་ལ་ཞུགས་པའི་དངུལ་སྤྲོད་ལས་དོན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་སྲིད་ཇུས་དྲིལ་བསྒྲགས་བྱེད་པར་ཤུགས་སྣོན་པ།ཞབས་ཞུའི་ལས་རིམ་ཇེ་ལེགས་སུ་གཏོང་བ་བཅས་བྱས་ཏེ་ཞུགས་དགོས་པ་ཚང་མ་འགན་དུ་བླངས་ཏེ་དམངས་ཡོངས་ཀྱི་སྨན་བཅོས་འགན་སྲུང་གི་འགོག་སྲུང་བརྟན་པོ་ནུས་ཤུགས་ཡོད་རྒུ་འདོན་དགོས།གཉིས་ནས་བློ་བརྟན་འགྱུར་མེད་སྒོས་ཐོན་སྐྱེད་བདེ་འཇགས་ཀྱི་མས་མཐའ་སྲུང་འཛིན་དང་ལས་འཛོལ་གྱི་བསླབ་བྱ་གཏིང་ཟབ་བསྡུ་ལེན་བྱས་ནས། མངའ་ཁུལ་གྱི་འགན་འཁྲི་དོན་ཐོག་ཏུ་འཁྱོལ་ཏེ།ཕྱོགས་ཡོངས་ནས་བདེ་སྐྱིད་ཟ་ཁང་དང་སྣེ་ལེན་ལས་སྟེགས་སོགས་མི་སྣ་འདུ་སའི་བདེ་འཇགས་བྱུར་རྐྱེན་ཞིབ་བཤེར་དང་བཅོས་སྐྱོང་གཏིང་ཟབ་བྱེད་དགོས་པ་དང་། ལྷག་པར་འབུར་དུ་ཐོན་པའི་གནད་དོན་ལ་དམིགས་ནས་སྐོར་ཞིབ་ལྟ་སྐུལ་དོ་དམ་དང་དྲིལ་བསྒྲགས་སློབ་གསོའི་ལས་དོན་ལ་ཤུགས་བསྣན་ཏེ། ཁ་འགྲེམ་དང་བཀག་འགོག་ཟུང་འབྲེལ་གྱི་ལས་དོན་སྒྲུབ་སྟངས་རྒྱུན་འཁྱོངས་བྱས་ནས་མང་ཚོགས་ཀྱི་བདེ་འཇགས་འདུ་ཤེས་ནུས་ལྡན་ངང་ཇེ་མཐོར་གཏོང་དགོས། གསུམ་ནས་འགན་འཁྲི་འཁུར་བར་སྔར་ལས་ཤུགས་བསྣན་ཏེ། སྡེ་བ་དང་སྡེ་ཁུལ་གྱི་དོན་དངོས་གནས་ཚུལ་ལ་ཟུང་དུ་སྦྲེལ་ནས་ཧུར་ཐག་གིས་ལས་དོན་གྱི་ཉམས་མྱོང་སྤྱི་བསྡོམས་དང་ལས་དོན་གྱི་བྱེད་ཐབས་འཚོལ་ཞིབ་གསར་གཏོད་བྱས་ཏེ་གཞི་རིམ་བཅོས་སྐྱོང་ཕན་ནུས་དང་ཞབས་ཞུའི་ཆུ་ཚད་རྒྱུན་ཆད་མེད་པར་ཇེ་མཐོར་བཏང་སྟེ། རྫོང་ཨུ་དང་རྫོང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་སྣ་ཚོགས་གཞི་རིམ་དུ་ལག་བསྟར་བྱས་ནས་ཕན་འབྲས་ཐོན་པར་ཁག་ཐེག་བྱ་དགོས་པ་བསྟན་ནོ།།