ཕྱོགས་ཡོངས་ནས་ཞིང་འབྲོག་ཁུལ་གྱི་ཆུ་འདོན་འགན་སྲུང་ཆུ་ཚད་མཐོར་འདེགས་སུ་བཏང་།
发布时间:2025年11月07日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

     ད་ལོའིཚུན་ལ། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལརྐང་ཚ་རྫོང་གིས་ཞིང་འབྲོག་ཁུལ་གྱི་འཐུང་ཆུའི་བདེ་འཇགས་དེ་སྲིད་གཞུང་གིས་ཁས་བླངས་པའི་དམངས་ཚིསལས་དོན་དགུའི་ནང་དུ་བཞག་སྟེ འགག་རྩའི་བྱ་རིམ་དང་སྟོབས་ཤུགས་གཅིག་སྡུདགནད་འཁེལ་ཐབས་ཇུས་ལ་དམིགས་ཏེ། ཆུའི་ཐོན་ཁུངས་དོ་དམ་དང་རྣམ་གྲངས་འཛུགས་སྐྲུན།འགན་འཁྲི་དོན་འཁྱོལ་སོགས་ཀྱི་ཐད་ལ་མུ་མཐུད་དུ་ནུས་ཤུགས་བཏོན་ནས བདེ་འཇགས་དང་གཏནའཇགས ཞིང་འབྲོག་ཁུལ་གྱི་ཆུ་འདོན་མ་ལག་བཙུགས་ཏེ་ཞིང་འབྲོག་མང་ཚོགས་ལ“བདེ་འཇགས་འཐུང་ཆུཁག་ཐེག་བྱས་ཡོད།

      ཁྱོན་ཡོངས་ལ་ཞིབ་བཤེར་བྱས་ནསགནད་དོན་གཙང་སེལ་བྱེད་པ། ཆུའི་ཐོན་ཁུངས་དང་ཆུའི་སྤུས་ཚད། དྲ་སྦུག དོ་དམ་སྲུང་སྐྱོངསོགས་ཀྱི་ཚད་རིམ་བཞི་ལ་དམིགས་ནས།སྡེ་བ་གཅིག་མི་ཆད་པ་དང་ཁྱིམ་ཚང་གཅིག་མི་ལུས་པསྡེ་ཚན་གཅིག་མི་བསྐྱུར་པབཅས་ཀྱི་ཚད་གཞི་ལྟར།རེས་སྐོར་གང་མང་དང་ཐེངས་དུ་མར་ལྟ་སྐུལ་ཞིབ་བཤེར་བྱས་ཏེ།ཆུ་ཚད་མི་འདང་བ་དང་ཆུ་སྤུས་ཚད་མི་ལེགས་པཆུ་ཤུགས་བརྟན་པོ་མིན་པ་སོགས་མང་ཚོགས་ཀྱི་རེ་འདོད་བསྐངས་མ་ཐུབ་པ་དང་བསྐང་མ་ནུས་པའི་གནད་དོན་ལ་གཙོ་གནད་ཞིབ་བཤེར་བྱས་ཤིང་བསྡོམས་པས་སྲིད་འཛིན་སྡེ་བ29ལ་ཞིབ་བཤེར་བྱས་པ་དང་།གནད་དོན་ཡོད་པའི་རྩིས་ཐོ145ལས་ཨང་ཐོ145བསུབས་ལ་ཨང་ཐོ་བསུབས་ཚད100%ཟིན་ཡོད་པསདངོས་དོན་གྱིས་ཁྱིམ་ཚང་ཁྲི1.45དང་མི་ཁྲི2.48དང་།ཕྱུགས་རིགས་ཁྲི11.38བཅས་ཀྱི་ཆུ་འདོན་འགན་སྲུང་བྱས་ཚད་མཐོ་རུ་ཕྱིན་ཡོད།སྲིད་དོན་ཞབས་ཞུའི་ཐད་སྦྲེལ་ཁ་པར12345དུས་མཉམ་དུ་སྦྲེལ་མཐུད་བྱས་པས་མང་ཚོགས་ཀྱི་རེ་འདོད་ཐག་གཅོད་བྱས་ཚད100%ཟིན་ཡོད།

     སྦྲེལ་ཐག་ཧྲིལ་པོ་འཛུགས་སྐྲུན་བྱས་ནས་རྣམ་གྲངས་ནུས་ལྡན་གྱིས་ཇེ་མགྱོགས་སུ་གཏོང་དགོས།ད་ཡོད་ཀྱི་ཆུ་འདོན་ནུས་པ་དང་མི་གྲངས།ཕྱུགས་རིགས་ཀྱི་གྲངས་འབོར་སོགས་ཀྱི་རྒྱུ་རྐྱེན་གཅིག་གྱུར་གྱིས་དབྱེ་ཞིབ་བྱས་ཏེ།ཆུ་ཁུངས་དང་དྲ་སྦུག ཁྱིམ་ཚང་སྒྲིག་བཀོད་དང་ཆུ་འདོན་གཞི་ཁྱོན་བཅས་པ་གནད་འཁེལ་གྱིས་ཞིབ་དཔྱད་དང་ལས་གྲྭའི་འཛུགས་སྐྲུན་དང་ཞིང་འབྲོག་པའི་དགོས་མཁོ་དངོས་ལ་ཟུང་འབྲེལ་དམ་ཟབ་བྱས་ནས། མ་དངུལ་སྒོར་ཁྲི1131བཏང་སྟེརྐང་ཚ་རྫོང་ཞིང་འབྲོག་ཁུལ་གྱི་ཆུ་འདོན་ལས་གྲྭའི་ཆུའི་སྤུས་ཚད་ཇེ་ལེགས་སུ་གཏོང་བ་སོགས་ཀྱི་རྣམ་གྲངས་ལག་བསྟར་བྱས་ཤིང་ཚད་ལྡན་ཅན་གྱི་སྒྲིག་ཆས་དོ་དམ་ཁང་མིག31གསར་དུ་བསྐྲུན་པ་མ་ཟད།སྟེམ་སྒོའི་ཁྲོན་པ་སོགས་ཀྱི་སྒྲིག་ཆས་་ལག་ཆ་ཚང་མཁོ་འདོན་བྱས། ཆུ་འདོན་དྲ་སྦུག31གི་དུག་སེལ་སྒྲིག་བཀོད་ཁྱོན་ཡོངས་སུ་ཁྱབ་པ་དང་།ཡུལ་ཚོ་དང་གྲོང་རྡལ5ཡི་སྲིད་འཛིན་སྡེ་བ23གྱི་ཞིང་འབྲོག་པ་ཁྲི1.81གི་འཐུང་ཆུའི་ཆ་རྐྱེན་ཐད་ཀར་ལེགས་བཅོས་བྱས་པས།མང་ཚོགས་ཀྱི་བློ་ཡིད་ཚིམ་ཚད་སྔོན་དཔག་ལྟར་ན95%ཡན་ཟིན་ཡོད། 

     འཁོར་ཡུན་ཡོངས་ལ་དོ་དམ་སྲུང་སྐྱོང་བྱས་ནས་ལམ་སྲོལ་མཐུན་སྦྱོར་ནུས་ལྡན་ཡོང་པ། རྫོང་ཁོངས་ཀྱི་གཅིག་གྱུར་དོ་དམ་དམིགས་བསལ་ཆོག་མཆན་གཉེར་སྐྱོང་འཚོལ་ཞིབ་བྱས་ཏེ།“མི་མེད་ལུང་སྟོངལ་དོ་དམ་སྲུང་སྐྱོང་གི་དཀའ་གནད་ཐག་གཅོད་བྱས་ཤིང་།“རྫོང་ཆུའི་སྲིད་འཛིན་གཙོ་གཉེར་སྡེ་ཁག་གི་ལྟ་སྐུལ་དོ་དམ་དང་ཆུ་བེད་ལས་དོན་སྡེ་ཚན་གྱི་འཁོར་སྐྱོད་དོ་དམ་དང་ཁེ་ལས་ཉོ་སྒྲུབ་ཞབས་ཞུ་སྐྱེལ་འདྲེནབདག་སྐྱོང་བཅས་ཀྱི་ཕྱོགས་བསྡུས་རྣམ་པ་ལག་བསྟར་བྱས་པ་བརྒྱུད རྫོང་ཡོངས་ཀྱི་གཅིག་བསྡུས་དང་ཁ་ཐོར་རྣམ་པའི་ཆུ་འདོན་ལས་གྲྭ25རྒྱུན་ལྡན་ངང་འཁོར་སྐྱོད་བྱས་ནས་ཆུ་འདོན་འགན་སྲུངབྱས་ཚད90%ཡན་ཟིན་ཡོད། ཆུའི་སྤུས་ཚད་བཤེར་འཇལ་ལོ་ཕྱེད་རེར་ཐེངས1རེ་ནས་དུས་ཚིགས་རེར་ཐེངས1རེ་ལ་གས་སྡོམ་བྱས་ཏེ དུས་ལྟར་ཆུའི་སྤུས་ཚད་ཀྱི་གནས་ཚུལ་ཁོང་དུ་ཆུད་དེ་ཏན་ཏིག་སྒོས་བདེ་འཇགས་འགན་སྲུང་བྱས། ཉམས་གསོ་བདག་སྐྱོང་རྣམ་གྲངས་དུས་ཐོག་ཏུ་དང་ལེན་བྱས་ནས་ཆུ་འདོན་འགན་ལེན་ཉིན་བདུན་ནང་ལེགས་སྒྲུབ་དང་ཉིན་ལྔའི་ནང་འཇལ་འདྲི་བྱེད་པའི་ལམ་སྲོལ་དམ་འཛིན་བྱས་ཏེ། གདུབ་ཟུམ་ཞབས་ཞུའི་སྤུས་ཚད་དང་ཕན་འབྲས་ཆེ་རུ་གཏོང་བ་དང་ཞིང་འབྲོག་ཁུལ་གྱི་ཆུ་འདོན་བདེ་འཇགས་འགོག་སྲུང་འཛིང་རགས་ཁྱོན་ཡོངས་ནས་བརྟན་པོ་བསྐྲུན་ཡོད།