ཀྲང་ཆི་ཧྥེང་གཡི་དཀར་འོམ་ལུང་ཡུལ་ཚོའི་ཁ་བགོས་སྡེ་བར་བསྐྱོད་དེ་བརྟག་ཞིབ་གནང་།
发布时间:2025年11月10日 消息来源:

རྩོམ་སྒྲིག་པ། ལྷ་ཆེན་རྡོ་རྗེ། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། ཚེ་བརྟན་བཀྲ་ཤིས།

   ཟླ11འི་ཚེས6ཉིན།  རྫོང་ཨུའི་ཧྲུའུ་ཅི་གཞོན་པ།རྫོང་དཔོན་ཀྲང་ཆི་ཧྥེངམི་བྱེད་པ་བཞི་དང་ཐད་བསྐྱོད་གཉིསཀྱི་གཡི་དཀར་འོམ་ལུང་ཡུལ་ཚོའི་ཁ་བགོས་སྡེ་བར་བསྐྱོད་དེ་བརྟག་ཞིབ་གནང་བ་དང་། མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ལེགས་བཅོས་དང་སྡེ་བསྡེ་ཁུལཨུ་ལྷན་གཉིསཀྱ་སྐབས་བརྗེ་གྲ་སྒྲིག གྲོང་གསེབ་དར་སྤེལ།ཐོན་སྐྱེད་བདེ་འཇགས་སོགས་ཀྱི་ལས་དོན་ལ་སྐུལ་སྟོན་བྱས་ཤིང་།རྫོང་སྲིད་གཞུང་གི་རྫོང་དཔོན་གཞོན་པ་ཉི་ཚེ་རིང་དང་རྫོང་ནོར་སྲིད་ཅུ།མཁར་གྲོང་སྡོད་ཁང་འཛུགས་སྐྲུན་དང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ།རང་བྱུང་ཐོན་ཁུངས་དང་ནགས་ལས་རྩྭ་ཐང་ཅུ་སོགས་ཀྱི་འགན་འཁུར་བློ་མཐུན་བརྟག་ཞིབ་ལ་ཞུགས། 

      བརྟག་ཞིབ་ཚན་ཁག་སྔ་གཞུག་ཏུ་རྐང་ཚ་གོང་མ་སྡེ་བའི་ཏང་ཡོན་བྱེད་སྒོ་ཁང་དང་བདེ་སྐྱིད་ཟ་ཁང་། མཉམ་ལས་ཁང་།འཕྲོད་བསྟེན་ཁང་དང་དེ་བཞིན་མཚོ་སྔོན་པོ་ཞིང་ར་སྡེ་ཁུལ་སོགས་སུ་ཉེ་དུས་ཀྱི་གཙོ་གནད་ལས་དོན་སྤེལ་ཚུལ་ལ་རྒྱུས་ལོན་ཞིབ་མོ་བླངས་ཏེ་གནས་པའི་དཀའ་ཁག་མཐུན་སྦྱོར་ངང་ཐག་གཅོད་བྱས་ནས་རྗེས་མའི་གཙོ་གནད་ལས་དོན་བཀོད་སྒྲིག་གནང་། དེ་དང་ཆབས་ཅིག་ཁྱིམ་ཚང་དཀའ་ངལ་ཅན་དང་འགན་ཕབ་སྡེ་བའི་ལས་བྱེད་པ། འཐུས་མི་གཉིས་དང་ཨུ་ཡོན་གཅིགབཅས་ལ་འབྲེལ་གཏུག་བྱས་ནས་འཚམས་འདྲི་གནང་།

      ཀྲང་ཆི་ཧྥེང་གིས་གཅིག་ནས་མངོན་གསལ་དོད་པའི་གནད་དོན་ལེགས་བཅོས་བྱེད་དགོས།ཡི་དཀར་འོམ་ལུང་ཡུལ་ཚོའི་ཏང་ཨུ་དང་སྲིད་གཞུང་གིས་མང་ཚོགས་ཉེ་འགྲམ་གྱི་ཚུལ་མིན་སྤྱོད་ཚུལ་དང་རུལ་སུངས་གནད་དོན་གཅིག་སྡུད་ལེགས་བཅོས་བྱེད་པའི་ལོ་ཧྲིལ་པོའི་ལས་དོན་གྱི་དམིགས་ཚད་ལ་གཞིགས་ཏེ། རྒན་གསོ་དང་སྨན་བཅོས་སོགས་གཙོ་གནད་ཁྱབ་ཁོངས་སུ་གཞི་ཚུགས་ནས་འགན་འཁྲིའི་སྦྲེལ་ཐག་ཇེ་དམ་དུ་གཏོང་བ་དང་རྒྱུན་གཏན་གྱི་ཡུན་ཕན་ལ་གཙིགས་སུ་བཟུང་སྟེ།བློ་བརྟན་འགྱུར་མེད་ངང་གཅིག་སྡུད་ལེགས་བཅོས་བྱ་རྒྱུ་དེ་གཏིང་ཟབ་ཏུ་སྤེལ་བར་སྐུལ་འདེད་བྱས་ནས་མི་དམངས་མང་ཚོགས་ཀྱི་ཐོབ་སྣང་དང་བདེ་སྣང་ཇེ་དྲག་ཏུ་གཏོང་དགོས།གཉིས་ནས་ནུས་ཤུགས་ཡོད་རྒུས་གཞི་རིམ་དཔུང་སྡེ་སྟོབས་ཆེར་གཏོང་དགོས། ཡི་དཀར་འོམ་ལུང་ཡུལ་ཚོས་སྒྲིག་འཛུགས་ཞིབ་ཚགས་དང་བཀོད་སྒྲིག་ཞིབ་མོ་བྱས་ཏེ་བཅའ་ཁྲིམས་དང་ཁྲིམས་སྲོལ་ལྟར་སྡེ་བསྡེ་ཁུལཨུ་ལྷན་གཉིསཀྱི་སྐབས་བརྗེ་ལས་དོན་ཡག་པོ་བསྒྲུབ་དགོས། དེ་དང་ཆབས་ཅིག་སྤྱོད་ཡོན་གཉིས་ལྡན་དང་མང་ཚོགས་ཀྱིས་ཁས་ལེན་པའི་ཕུལ་བྱུང་འཇོན་མི་བརྩི་མཐོང་བྱས་ནས་གཞི་རིམ་ལས་བྱེད་པའི་དཔུང་སྡེའི་ཁྲོད་དུ་མངགས་ནས་གྲོང་གསེབ་དར་སྤེལ་ཡོང་བར་རྩ་འཛུགས་ཀྱི་འགན་སྲུང་བརྟན་པོ་འདོན་སྤྲོད་བྱེད་དགོས། གསུམ་ནས་ཏན་ཏིག་གིས་གྲོང་གསེབ་དར་སྤེལ་ལ་སྐུལ་འདེད་གཏོང་དགོས།ཡི་དཀར་འོམ་ལུང་ཡུལ་ཚོས་བགྲོད་ལམ་ལེགས་འགྱུར་མཐོར་འདེགས་དང་གཞི་རིམ་གཡུལ་ས་འགྲེམ་པ་སོགས་ཀྱི་གནད་དོན་ལ་གཞི་ཚུགས་ཏེ། རྫོང་ནོར་སྲིད་དང་སྡོད་ཁང་འཛུགས་སྐྲུན་སོགས་འབྲེལ་ཡོད་སྡེ་ཁག་ལ་འབྲེལ་མཐུད་བྱས་ནས་ཞིང་སྡེ་ཕྱོགས་བསྡུས་བཅོས་བསྒྱུར་དང་གྲོང་གསེབ་དར་སྤེལ། འཛུགས་སྐྲུན་རོགས་སྐྱོར་སོགས་ཀྱི་མ་དངུལ་བརྩོན་ལེན་བྱས་པ་བརྒྱུད་དེ་བགྲོད་ལམ་ལེགས་འགྱུར་མཐོར་འདེགས་དང་གཞི་རིམ་གཡུལ་ས་ལེགས་འགྱུར་གཅིག་སྡུད་འཛུགས་སྐྲུན་སོགས་ཀྱི་ལས་དོན་ཡག་པོ་བསྒྲུབ་དགོས།བཞི་ནས་བདེ་འཇགས་ཀྱི་འགོག་རགས་བརྟན་པོ་བཟོ་དགོསདུས་དང་རྣམ་པ་ཀུན་ཏུ་དོགས་ཟོན་རྒྱུན་བསྐྱངས་ཏེ་ཐོན་སྐྱེད་བདེ་འཇགས་ཀྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་ནན་མོ་བྱེད་དགོས། ལྷག་པར་དགུན་དུས་སླེབས་སྐབས་གཙོ་གནད་ལས་རིགས་དང་གཙོ་གནས་ཁྱབ་ཁོངས་ཀྱི་བདེ་འཇགས་བྱུར་རྐྱེན་ཞིབ་བཤེར་ལེགས་བཅོས་བྱེད་དགོས། དེ་དང་ཆབས་ཅིག་འཕྲལ་བསྟུན་སྔོན་ཇུས་སྔར་ས་འཐུས་ཚང་དུ་གཏོང་བ་དང་འཕྲལ་བསྟུན་གྲབས་སྦྱོང་བྱེད་ཤུགས་ཇེ་ཆེར་གཏོང་བ། ཐོལ་བྱུང་དོན་རྐྱེན་ལ་ཁ་གཏད་པའི་ནུས་ཤུགས་མཐོ་རུ་འདེགས་པ་བཅས་བྱས་ནས་མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཡོང་བར་འགན་སྲུང་བྱེད་དགོས་པའི་བླང་བྱ་བཏོན་ནོ།།